Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་གསུམ་བཅུའི་དུས་དྲན་རྙིང་པ་ཆགས་སོང་།

Posted on 2010-03-132010-03-13 By དགེ་རབ་ 5 Comments on ངའི་གསུམ་བཅུའི་དུས་དྲན་རྙིང་པ་ཆགས་སོང་།

གཅན་བཟོད་རྒྱམ།
——
tibetprotestlondon_460ང་༡༩༩༧ ལོའི་དགུན་ཁར་རྒྱ་གར་དུ་ཐོག་མར་སྐྱབས་བཅོལ་དུ་འབྱོར་བ་ཡིན་ལ། ༡༩༩༨ ལོ་ནི་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ཐོག་གི་གསུམ་བཅུའི་དུས་དྲན་ཛ་དྲག་ཤོས་དང་སྐད་གྲགས་ཆེ་ཤོས་དེ་ཡིན་ལ།
དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ལོ་དེ་ཡང་རེད། སྐབས་དེར་ནི་དྷ་སའི་གསུམ་དུས་སྐབས་སྐད་འབོད་བྱས་དྲག་ནས་དྲན་པ་ཐོར་བས་སྨན་ཁང་དུ་བསྐྱལ་བ་དང་མགོ་ཐོག་ཏུ་ཆུ་ལྡུག་པ་སོགས་གསུམ་བཅུའི་དུས་དྲན་ནི་ཧ་ཅང་ཟང་ཟིང་ལང་ལོང་དང་། མི་ཚོའང་ཧ་ཅང་ངར་ཤུགས་ལྡན་པ། མི་འདི་ནི་ཁ་སང་གི་མི་དེ་ཨེ་ཡིན་ནམ་སྙམ་པའི་ངར་ཤིགས་ཤིག་ཀུན་པོར་འདུག

དེ་རྗེས་ནི་༢༠༠༨ ལོ་རེད། ལོ་དེའི་དྷ་སའི་གསུམ་དུས་སྲུང་གཙི་དང་འབྲེལ་ནས་མུ་མཐུད་ནས་དྷ་སའི་འཁོར་ཡུག་དེ་ནི་དངོས་གནས་ཟང་ཟིང་ལང་ལོང་ཅི་འདྲ་ཞིག་ཡིན་པ་ངས་བཤད་ཅི་ལ་དགོས། དེ་ནི་བོད་བསྟན་སྲིད་དང་ལྷག་པར་དུ་བོད་ནང་དུ་ཆོལ་གསུམ་སྤུན་ཟླ་བོད་མི་གང་མང་ཞིག་གིས་སྐུ་སྲོག་བཏང་བས་ལོས་ཡིན། སྐབས་དེའི་དྷ་སའི་རྣམ་པ་དེ་ང་ཚོ་ཚང་མའི་སེམས་སུ་ལྷང་ངེར་ལོས་ཡོད་སྙམ།

འོན་ཀྱང་ཁ་སང་གི་དྷ་ས་ལྟ་བུར་མཚོན་ན་བོད་ཀྱི་རྒྱལ་ས་གཉིས་པ་ཡིན་པ་ལ་སོགས་རྩོམ་འབྲི་བ་ཚོས་རྩོམ་ཡིག་གི་ནང་དུ་འབྲི་བ་ལས་གསུམ་དུས་ལྟ་བུའི་དུས་དྲན་ཁྱད་པར་བ་འདི་འདྲ་སྲུང་གཙི་བྱེད་པར་ཡོང་མཁན་ནི་ནམ་རྒྱུན་མེག་ལོར་སྲང་ལམ་དུ་གཉུག་མར་གནས་པ་ཚོ་དང་ལམ་འགྲམ་དུ་ཚོང་རྫས་ཙག་ཙིག་རེ་གཤམས་འདུག་པ་དེ་ཚོ་ལས། རྩོམ་པ་པོ་དེ་ཚོའང་མིག་གིས་མཐོང་ས་ན་མི་འདུག་ལ། གཞན་སྲིད་གཞུང་གི་ལས་བྱེད་ནི་བཅུ་གྲངས་ཞིག་ཀྱང་ཆིབས་བསྒྱུར་གནང་མི་འདུག་ལ། ང་ཚོའི་ལས་ཁུངས་ནས་སྐུ་ཚབ་ང་གཅིག་བུ་རེད་འདུག་སྙམ།

གཙུག་ལག་ཁང་ནས་མགོ་བཙུགས་པ་ནས་དྷ་ཤོལ་ཀ་ཅ་རིའི་སྣམ་བླུགས་ས་དེར་འགྲོ་བ་ནི་རྒྱུན་ལྡན་རང་བཞིན་གྱི་གསུམ་དུས་སྐབས་ཀྱི་འགྲོ་སྲོལ་ལམ་གོམས་སྲོལ་ཞིག་ཆགས་འདུག སྤྱིར་མི་ཚོགས་ཤིན་ཏུ་མང་མོད། གྲྭ་བཙུན་དང་སློབ་ཕྲུག་ཚོ་མེད་ཚེ། གསུམ་དུས་འདི་མཚམས་ཆད་པའམ་ཡང་ན་མི་བརྒྱ་སྐོར་ཞིག་ཀྱང་མེད་པ་ནི་ཁ་ཚོན་བཅད་ནས་བཤད་ཐུབ་ཀི

ངས་ངོ་ཤེས་པའི་ལས་བྱེད་ཚང་གི་བྱིས་པ་གཉིས་ཀྱི་ལག་ཏུ་རྒྱལ་དར་ཆུང་ཆུང་རེ་བཟུང་སྟེ་གསུམ་དུས་སྐད་འབོད་དུ་ཡོང་འདུག་པ་མ་ཟད། རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་སྐད་འབོད་སྣ་ཚོགས་བྱེད་ཤེས་ཀྱི་འདུག ངས་ནི་ཁོང་གཉིས་ཀྱི་རྗེས་འབྲངས་ཤིང་ཁོང་གཉིས་ལ་ཡིད་སྨོན་ནམ་སྙིང་རྗེ་བའི་ཚོར་བ་གནོན་མི་ཐུབ་པ་ཞིག་ཀྱང་སྐྱེས་བྱུང་། ངས་བསམ་གཟས་ནས་”ཁྱོད་གཉིས་ལ་རོགས་པ་མེད་དམ།” ཞེས་དྲིས་པར། “པ་ལ་ཨ་མ་ལ་གཉིས་ནང་ན་བསྡད་འདུག” ཟེར། ང་སྙིང་ལངས་བཞིན། འཛགས་རོ་དེ་གཉིས་ཀྱིས་བྱིས་པ་གཉིས་སྐད་འབོད་དུ་བཅུགས་རྗེས་ཤུལ་ན་ག་རེ་བྱེད་ཀྱི་ཡོད་ན་སྙམ་ནས་ཁོང་ཁྲོ་ཡང་ལངས་བྱུང་། ངས་ཁོ་གཉིས་ལ་”ལོ་རྗེས་མ་ཡང་སྐད་འབོད་དུ་ཡོང་དགོས་པ་རེད། ཤུགས་རྒྱབ་ནས་སྐད་འབོད་བྱོས་ལོ།” ཞེས་སྙིང་ཉེ་བའི་ངང་ནས་བཤད་མོད།
ང་རང་ཆེས་ཡ་མཚན་པའི་སྐད་ཆ་ཞིག་ནི། བྱིས་པ་ཆུང་བ་དེས་ཟེར་ན། “ང་ཀོད་ལེ་ཅི་college ཐོན་ཚར་ན་སྐད་འབོད་ལ་འགྲོ་དགོས་པ་མ་རེད་ཟེར། ཇོ་ཇོ་རང་ཀོད་ལེ་ཅི་ལ་མ་སོང་ངམ”ཟེར། ང་ཧང་སངས་བཞིན་”ཁྱོད་ལ་སུས་ཟེར་གི་འདུག”ཅེས་དྲིས། “པ་ལ་ཨ་མ་ལ་གཉིས་ཀྱིས་ཟེར་གིན་འདུག”ཟེར། སྐབས་དེར་ངས་སེམས་སུ། “ཨོ། ད་ནི་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་ཆེད་སྐད་འབོད་དུ་འགྲོ་བར་ཡང་འདི་འདྲ་བསམས་མཁན་འདུག་ཨང་”སྙམ་བཞིན་མུ་མཐུད་ནས་ཁོང་གཉིས་དང་ལྷན་དུ་སྐད་འབོད་བྱེད་བཞིན་སོང་བ་ཡིན།
རྐང་པ་སར་འབབ་གི་ཡོད་མེད་ཀྱང་མ་ཤེས། བྱིས་པ་གཉིས་ནི་ང་ལས་སྐད་འབོད་བྱེད་པར་ངར་ཤུགས་ལྡན་ཞིང་སྤྲོ་སྣང་འདྲ་ཞིག་འདུག་ལ། ང་ནི་དེ་ལས་ལྡོག་སྟེ་སྐད་ཤུགས་ཆུང་ལ་སྐད་འབོད་བྱེད་མི་འདོད་པ་དང་། ཉོབ་སྣང་ཞིག་ཀྱང་འདུག་པ་ལས། བྱིས་པ་དེས་བཤད་པ་བདེན་ཨང་ཡང་སྙམ་པ་བྱུང་སྟེ། ད་ནི་རང་ཉིད་ཀྱང་གསུམ་དུས་སྲུང་གཙི་བྱེད་ཆེད་སྐད་འབོད་དུ་འགྲོ་བའི་རྒན་ཡོལ་ཞུ་རན་འདུག་པ་ཡང་ཤེས་སོང་། ང་དང་འདྲ་བའི་མི་གང་མང་ཞིག་གིས་སྔ་ས་ནས་རྒན་ཡོལ་ཞུས་ཏེ་རང་ཁྱིམ་དུ་ལྷོད་ལྷོད་ངང་བསྡད་འདུག་པ་རེད་མོད། འོན་ཀྱང་བྱིས་པ་དེས་བཤད་པ་བདེན་དུ་ཆུགས་ཀྱང་། ང་ནི་ཀོད་ལེ་ཅི་ལ་སོང་མ་མྱོང་བས་ངའི་མི་ཚེའི་ནང་དུ་གསུམ་བཅུའི་དུས་དྲན་ལ་རྒན་ཡོལ་ཞུ་ས་ཞིག་ཡོད་རེ་བྲལ་སོང་ལ། ང་དུས་ནས་དུས་སུ་མེག་ལོར་ན་གཉུར་མར་གནས་པ་ཚོ་དང་ལྷན་དུ་བོད་ཀྱི་མགོ་ཐོག་གི་སྡུག་འདི་མ་སེལ་བར་དུ་གསུམ་དུས་སྐད་འབོད་བྱེད་དུ་ཀ་ཅ་རི་ལ་འགྲོ་དགོས་པའི་སེམས་ཐག་བཅད།
༢༠༡༠།༣།༡༡ཉིན།

རྩོམ་རིག, སྙན་ངག

Post navigation

Previous Post: འབྲུག་ལས་ཐར་པ། ཨ་ཀྱཱ་ཚང་དང་ཀུན་གླེང་།
Next Post: བོད་དོན་ཆེད་འཛམ་གླིང་ལ་སྐོར་བསྐྱོད།

Comments (5) on “ངའི་གསུམ་བཅུའི་དུས་དྲན་རྙིང་པ་ཆགས་སོང་།”

  1. གཞིས་ལུས་བོད་པ། says:
    2010-03-13 at 9:17 pm

    ཧ་ཧ། college ཅི་སོ་ཟེར་གི་འདུག

  2. རྩམ་དགའ་ says:
    2010-03-13 at 9:26 pm

    ཨ་རོག་རྗེས་མ་སྐད་འབོད་ལ་འགྲོ་དུས་སྐད་ཤུགས་ཆེན་པོ་རྒྱོགས་ཨ།

  3. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-03-13 at 10:29 pm

    ཕ་མ་དེ་གཉིས་ཟངས་གདོང་བློ་བཟང་ལ་མ་ཞེད་པ་བུ་ཕྲུག་གཉིས་སྐད་འབོད་གཏང་བ་དེ་ཡག་པོ་རེད་ མ་ཏོག་བཀའ་བློན་ཁྲི་པ་ཟངས་གདོང་རིན་པོ་ཆེའི་ རྒྱ་མའི་གསང་ཉུལ་རེད་ཟེར་བའི་ཉེན་ཁ་ཡོད་ནི་རེད་ད་

  4. ཧོར་བུ་ཡེ་ཤེས says:
    2010-03-14 at 8:22 am

    ཕ་མ་དེ་གཉིས་ཀྱིས་སྐད་ཆ་དེ་ལྟར་བཤད་ཕོད་པ་ཨང་།ངོ་མ་མི་རིགས་ལ་ཤ་ཞེན་མེད་པ་རང་རེད།སོ་སོར་ས་མཐའ་སྡོད་དགོས་པའི་རྒྱུ་མཚན་དེ་ཡང་མི་ཤེས་མཁན་དེ་འདྲ་དུད་འགྲོ་གླང་ལྟ་བུ་རང་རེད་ཨང་།

  5. ྲྨརྨེའུ་་་་སྐྱ་རེངས་ནས། says:
    2010-03-15 at 6:36 am

    ཐེངས་འདིའི་སུམ་ཅུའི་དུས་དྲན་ཉིན་གཅན་བཟོད་ངེད་གཉིས་མཉམ་པོར་བསྡད་ཡོད་མོད། འོན་ཀྱང་ང་ལ་སུམ་ཅུའི་དུས་དྲན་ལས་སེམས་འགུལ་ཐེབས་པ་ཞིག་བྱུང་སོང་། གང་གིས་ཟེར་ན། སྤྱིར་ན་གཅན་བཟོད་ངེད་གཉིས་འགྲོགས་འདྲིས་རྒྱུས་ལོན་ཡོད་པའི་བློས་ཐུབ་གྲོགས་པོ་ཞིག་མིན་ཡང་། སྐབས་དེར་རང་དབང་མེད་པའི་གཅན་བཟོད་ཀྱི་མིག་ཆུའི་ཐིགས་ཕྲེང་དེས་ངེད་གཉིས་བློས་ཐུབ་ཀྱི་གྲོགས་པོ་ལྟ་བུར་གྱུར་སོང་ཡང་། ངས་གང་འདྲ་ཞིག་བྱས་ནས་ཁོང་ལ་སེམས་གསོ་བྱེད་སྟངས་མི་ཤེས་པ་མ་ཟད་ཐ་ན་ཁ་བརྡ་ཞིག་ཀྱང་བྱེད་མ་ཐུབ་པ་དེ་ནི་དེའི་ཉིན་གྱི་གནོང་འགྱོད་ཀྱི་གནས་ཤིག་ཆགས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme