Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངག་རིག་མུ་ཏིག་ཚོམས་བུའི་མཆོད་དབྱངས།

Posted on 2024-06-27 By ཁ་བརྡ་ 1 Comment on ངག་རིག་མུ་ཏིག་ཚོམས་བུའི་མཆོད་དབྱངས།

____ ཨ་འབྲུག་དཀོན་མཆོག

དབྱངས་ཀྱི་ལྷ་མོ་བརྩེ་བའི་འཛུམ་མདངས་ཅན་ལ་ཕྱག་འཚལ་ལོ། །

རྣམ་དཔྱོད་བློ་ཡི་ཡོན་ཏན་བྱེ་བ་བརྒྱས། །

མི་འཇིགས་སེང་གེའི་ཁྲི་ལ་མངོན་བཞེངས་པ། །

བྱམས་བརྩེའི་སློབ་དཔོན་ཆེན་པོའི་མཚན་བཟང་གིས། །

མཛེས་པའི་དཔལ་ལྡན་བླ་མ་རྒྱལ་གྱུར་ཅིག །

 

ཤེས་རབ་ཆར་དུ་འབབ་པ་དང་། །

སྙིང་རྗེའི་ཉི་འོད་འགྱེད་པ་ཡི། །

སྐྱེས་ཆེན་ནམ་མཁའ་མཐའ་ཡས་གང་། །

སྟོན་པར་མི་བཀུར་སུ་ཞིག་བཀུར།

 

བརྩེ་ཆེན་རལ་བ་སྟུག་པོ་ཡིས། །

རིག་པའི་གཉའ་བ་རབ་བརྗིད་པའི། །

སྔོན་མེད་གངས་ཀྱི་སེང་གེ་ཁྱེད། །

ཙོང་ཁའི་སྐྱེས་རིའི་དབུ་ནས་འགྱིང་། །

 

དེ་ཚེ་གནའ་དེང་རིག་པའི་རྒྱན། །

མགྲིན་པར་ཐོགས་པའི་མཁས་པའི་ཚོགས། །

གུས་ཤིང་ཞུམ་པའི་རལ་བ་ནི། །

ཁྱེད་ཀྱི་ཞབས་སེན་རྩེ་རུ་འཁྱིལ། །

 

ཁྱོད་ནི་སྙིང་རྗེའི་ལུས་མཛེས་ཤིང་། །

ཟབ་གསལ་ལེགས་བཤད་མགྲིན་པའི་རྒྱན། །

སྐྱེ་དགུའི་ཡིད་བརྟན་འཕྲོག་པ་ལ། །

བཟང་པོ་སྤྱོད་པའི་དོ་ཤལ་འཕྱང་། །

 

འགྲོ་ཚོགས་སྙིང་གི་ཟེའུ་འབྲུ་ལ། །

གསུང་གི་བདུད་རྩི་འགྱེད་པ་ཁྱོད། །

ཕྱོགས་ལས་རྒྱལ་བའི་རྔ་ཆེན་གྱི། །

སྒྲ་དབྱངས་སྲིད་པའི་རྩེ་ན་འཁོར། །

 

མཁྱེན་པའི་ཉིན་བྱེད་ཁྱོད་དྲིན་ལས། །

སྐྱེ་དགུ་བློ་བསལ་པདྨའི་ཚོགས། །

ཡང་དག་ལམ་གྱི་སྐྱེད་ཚལ་དུ། །

མཛེས་སྡུག་འདབ་མ་ཅི་ཡང་གྲོལ། །

 

ས་སྟེང་མཛེས་པའི་རྟགས་མའི་རིགས། །

མ་ལུས་མེད་པར་བཞེས་པས་ན། །

ད་ནི་འཛམ་གླིང་ཤར་ནུབ་ཀྱི། །

འགྲོ་ཚོགས་རང་ལུས་བྲན་དུ་འབུལ། །

 

ད་ལྟ་བདེན་པའི་ཉི་འོད་ལས། །

ལོག་པར་ཞུགས་པའི་སྙིང་མུན་ཅན། །

ཁྱོད་ཀྱི་ཡོན་ཏན་འོད་ཟེར་བརྒྱར། །

བཟོད་པར་དཀའ་བའི་ཚུལ་དུ་ལྷག། །

 

སྙིང་སྟོབས་ཆ་ཤས་ཡོངས་རྫོགས་པའི། །

ཞི་བའི་ཟླ་བ་ཁྱོད་འཛུམ་པས། །

བློ་ངན་འབྱུང་བོའི་བྱ་ཡི་ཁྱུ། །

རང་ལུས་སྐུང་བའི་ཆོ་གར་བརྩོན། །

 

ལོག་སྒྲུབ་གཏམ་གྱིས་ལྕེ་ངལ་བའི། །

ཙི་ནའི་སྲིད་སྟེགས་ནོན་པའི་ཚོགས། །

བདེན་དོན་སྦར་མོས་མ་ཁོབ་པས། །

ཡིད་གདུང་ཚེར་མ་སྙིང་ལ་བབ། །

 

ངོ་མཚར་ཟབ་རྒྱས་ངག་གི་རྒྱུན། །

ཡན་ལག་བརྒྱད་པའི་འབབ་རྒྱུན་ཅན། །

མཛད་བཟང་རྒྱ་མཚོ་ཆེན་པོ་འདིས། །

སེམས་ཀྱི་ནམ་མཁའ་དྭངས་པར་བྱེད། །

 

དུས་ཀྱི་དུ་ཁ་མི་བཟད་པས། །

ཤིན་ཏུ་ནོན་པའི་གངས་ཅན་པར། །

ཁྱེད་ཀྱི་མཛད་བཟང་ཐུར་མ་ཡིས།།

འཛུམ་གྱི་གོང་བུ་གདོང་ལ་བྲིས།

 

མུན་པའི་ཀློང་དུ་འོད་ཀྱི་ལམ། །

འབྲི་བའི་ཐབས་མཁས་ལག་རྩལ་ཅན། །

ཁྱོད་འདྲ་སྲིད་པ་འདིར་བྱོན་པས། །

དུས་འདི་སྙིགས་མ་མིན་པར་ངེས། །

 

ཁྱོད་ཀྱི་ཡོན་ཏན་ཆུ་གཏེར་ཆེའི། །

ཟེགས་མའི་ཟེགས་མ་ཙམ་ཞིག་ལ། །

མྱོང་བར་བྱེད་པའི་སྐབས་ཐོབ་པ། །

བདག་གི་ལྕེ་ཡང་སྐལ་བ་བཟང་། །

 

འདི་ལྟར་བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །

ཆ་ཤས་ཤིན་ཏུ་ཆུང་བའི་ཕྲ་རབ་འགའ། །

ཁ་བ་རི་བའི་སྙན་ཚིག་ངག་གི་དཔལ། །

མྱོང་བའི་སྐལ་བ་ཅན་དེས་ཤར་མར་སྤེལ། །

ཨེ་ཤ་ཡའི་ནང་བའི་ཚོགས་ཆེན་ཐོག་༸བླ་མ་བདག་ཉིད་ཆེན་པོ་ནང་བ་ཡོངས་ཀྱི་དབུ་ཁྲིད་དུ་གཏན་འབེབས་དང།ཁོང་གི་འཁྲུངས་སྐར་དེ་བྱམས་བརྩེའི་ཉིན་མོར་གཏན་འབེབས་བྱས་པའི་གནས་ཚུལ་དང་འབྲེལ་ཏེ་བོད་གངས་ཅན་གྱི་སྙན་ངག་པ་ཆེན་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། རྗེ་ཙོང་ཁ་པའི་རྒྱལ་ཚབ་དང་པོ་དར་མ་རིན་ཆེན་ལ་ཕུལ་བའི་སྙན་ངག་དཔལ་ལྡན་ཡོན་ཚོགས་མའི་འགྲོས་ལ་ཅུང་ཟད་བཟློས་ནས་སྤེལ་བའོ།

སྙན་ངག

Post navigation

Previous Post:  བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་མཐར་ཐུག་གིས་དབང་ཆ་དེ་སུ་ལ་ཡོད་གཤམ་དུ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནས་གསལ་པོ་ཤེས་ཐུབ་པ།
Next Post:  བོན་གྱི་དཔེ་དེབ་ཅིག་ངོ་སྤྲོད།

Comment (1) on “ངག་རིག་མུ་ཏིག་ཚོམས་བུའི་མཆོད་དབྱངས།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2024-06-28 at 3:56 pm

    དད་པ་བརྟན་པའི་བློ་འདི་བཟང་།
    བཀའ་དྲིན་དྲན་པའི་བློ་འདི་བཟང་།
    མོས་གུས་ཟབ་པའི་བློ་འདི་བཟང་།
    དད་བཀའ་མོས་གུས་བློ་འདི་བཟང་།་ ཤིན་ཏུ་ལེགས། རྗེས་སུ་ཡིད་རངས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme