Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་ཨ་སྒོར་ས་ཡ་གཅིག་དགོས་ཡོད།

Posted on 2013-12-092013-12-09 By ཁ་བརྡ་ 7 Comments on ང་ལ་ཨ་སྒོར་ས་ཡ་གཅིག་དགོས་ཡོད།

བློ་གྲོས་རབ་བརྟན།

ཁོམ་པ་རེ་བྱུང་ན། ངས་བོད་ཡིག་གི་དྲ་ལམ་ཉུལ་་་གྱིན་ཡོད། ང་དགའ་སའི་དྲ་བ་ནི་༼བོད་ཀྱི་དུས་བབ༽ དང་༼ཁ་བརྡ༽ དྲ་བ་ཡིན། གཟའ་ཉི་མ་ཞིག་ལ་༼ཁ་བརྡ༽དྲ་བ་ཉུལ་དུས་དབྱིན་ཡུལ་ནས་སྤྱི་མཐུས་ཚོགས་གཙོ་དང་ས་དེའི་བོད་མི་སྐོར་ཞིག་དང་མཉམ་དུ་འདྲི་བ་དྲིས་ལན་གྱི་འགུལ་བརྙན་ཞིག་ལ་བལྟས། ཚོགས་གཙོའི་ལན་འདེབས་དག་གནད་ལ་འཁེལ་ཞིང་དོན་དངོས་ལ་ཕྱོགས་པའི་ཆ་མང་བོ་འདུག་བསམ་བྱུང་།

དྲི་བ་ཁ་ཤས་ཀྱི་རྗེས་སུ། རྒན་པོ་ཞྭ་མོ་ཁྲ་ཁྲ་ཅན་ཞིག་ལངས་ཏེ་ཚོགས་གཙོར་བསམ་ཚུལ་བཤད་སོང་། རྒན་པོ་དེས་༼ བོད་རང་བཙན་འཐོབ་ཀྱི་ཡོད་ན་རེད་མེད་ནའང་རེད། ང་ལ་བོད་རང་བཙན་དགོས་ཡོད༽ཟེར། རེད། རེད། རྒན་པོ་ལ་གུས་བརྩི་དང་འབྲེལ་སེམས་ལ་འདི་ལྟར་འཁོར་སོང་། བོད་རང་བཙན་དགོས་ཡོད་ཟེར་བ་ལས་སླ་ཤོས་རེད། འོན་ཏེ་རང་ལུས་མེར་བསྲེགས་ཏེ་བོད་རང་བཙན་དགོས་ཟེར་ན། ལགས་སོ་ལས་ཅི་ཡང་བཤད་རྒྱུ་ལྷག་མེད། ཁོའི་བློས་གཏོང་དེས་ཡིད་འགུལ་ཐེབས་ཏེ་གུས་བརྩི་ཞུ་དགོས། དེ་མིན་ཚོད་ཚོད་ལ་བོད་རང་བཙན་དགོས་ཟེར་བ་དེ། དཔེར་ན། ངས་ཨ་སྒོར་ས་ཡ་གཅིག་བཟོ་ཐུབ་ཀྱི་ཡོད་ན་རེད་མེད་ནའང་རེད། ང་ལ་ཨ་སྒོར་ས་ཡ་གཅིག་དགོས་ཡོད་ཟེར་བ་དང་གཅིག་མཚུངས་རེད། ངའི་ཁ་སྟབས་ལ་གཞིགས་ན་ཨ་སྒོར་ཁྲི་གཅིག་བཟོ་ཐུབ་མིན་གྱི་གནས་རེད། འོན་ཀྱང་འདིའི་རིགས་ཀྱི་སྐད་ཆ་དང་བསམ་བློ་ཡོད་མཁན་ཚོའི་རང་གི་མངོན་འདོད་ཅིག་གཙོ་བོར་བཟུང་བ་ལས་ཁྱོད་ཡོངས་ཀྱི་གནས་བབ་ཁུང་དུ་ཚུད་ཅིང་། བསྒྲུབ་ཐུབ་པ་དང་ཡོང་ངེས་པར་ངེས་རྙེད་ཀྱི་སྐད་ཆ་མ་རེད་འདོད།

ཡང་ཉིན་དེའི་ཆུ་ཚོད་བཞི་བ་ཙམ་ལ་ངོ་དེབ་ཉུལ། འཇིགས་མེད་ཨོ་རྒྱན་ཟེར་བའི་ངོ་དེབ་ལས་འཇམ་དབྱངས་ནོར་བུས་ཊོ་རན་ཊོ་ནས་རང་བཙན་ཐད་གཏམ་བཤད་དང་འདྲི་བ་དྲིས་ལན་ཞིག་ལ་བལྟས། གཏམ་བཤད་ཚར་ཏེ་འདྲི་བ་འགོ་བརྩམས་སོང་། བུད་མེད་ན་བསག་བོད་ཆས་གྱོན་པ་ཞིག་དང་པོ་ལངས་ཏེ་འདི་ལྟར་བཤད་སོང་། འཇམ་ནོར་ལ་བལྟས་ཏེ། ༼ཐུགས་རྗེས་གཟིགས། སྐྱབས་མགོན་རིན་པོ་ཆེར་ཁ་མ་གཏོང་རོགས། ང་ལ་ནི་སྐྱབས་མགོན་རིན་པོ་ཆེ་ལས་གལ་ཆེ་བ་སུ་ཡང་མེད།༽ཟེར། བུད་མེད་དེའི་གདོང་གི་རྣམ་འགྱུར་དང་བྱེད་བབ་ལ་གཞིགས་ན། སེམས་པ་རྣམ་དག་ཡིན་པའི་ཚོར་བ་སྟེར། འཇམ་ནོར་གྱིས་གཏམ་བཤད་དང་རྩོམ་ཡིག་གིས་བོད་མི་དཀྱུས་མ་ཆེས་མང་པོའི་སེམས་ལ་དཀའ་ངལ་ཞིག་བཟོ་བཞིན་ཡོད་པ་འདིས་བསྟན།འཇམ་ནོར་གྱིས་རང་བཙན་གྱི་ལངས་ཕྱོགས་བཟུང་སྟེ་དབུ་མའི་སྲིད་ཇུས་ལ་སྐྱོན་བརྗོད་དང་༧གོང་ས་མཆོག་གི་སྐུ་གཤིས་ལའང་འདྲ་མིན་བཤད་པ་དེས། ༧གོང་ས་མཆོག་ལ་སྙིང་ནས་བཀུར་བའི་བོད་མི་ཆེས་མང་པོའི་སེམས་ལ་མ་བདེ་བ་དང་ལྟ་སྟངས་ཤིག་ཡོང་གི་ཡོད་པ་གསལ་བོ་རེད། དེ་ནི་གཞན་ཅི་ཡང་མ་རེད། རང་ཉིད་ལ་ཆེས་བཀའ་དྲིན་ཆེ་ཞིང་སྙིང་ནས་གུས་བརྩི་ཐོབ་པའི་མི་ཞིག་ལ་འདྲ་མིན་བཤད་ན། ཤོད་མཁན་དེར་མ་རངས་པའི་རྣམ་འགྱུར་སྟོན་པ་ནི་མིའི་གཤིས་སུ་གྲུབ་པ་ཞིག་རེད།

བུད་མེད་དེའི་བསམ་ཚུལ་དང་དྲིས་ལན་དུ། འཇམ་ནོར་གྱིས་༼ངས་ག་དུས་ཡིན་ནའང་དབྱིན་ཡིག་གི་རྩོམ་འབྲི་དུས་His Holiness སྤྱོད་ཀྱིན་ཡོད་ལ། རྗེས་མར་གཟབ་གཟབ་བྱེད་རྒྱུ་ཡིན་༽ཟེར། སྤྱི་ཚོགས་ཁྲོད་ནས་འཇམ་ནོར་ལ་ལྟ་སྟངས་བསླེབས་པ་དེ་ཆེ་ཚིག་སྦྱར་མིན་གྱི་གནད་དོན་མ་རེད། གནད་དོན་ངོ་མ་ནི་ཆེ་ཚིག་སྦྱར་བ་མ་ཟད་ཁ་ནས་ཆེ་བརྗོད་ཀྱང་བྱེད་ཀྱིན་༧གོང་ས་མཆོག་གི་ཐུགས་འདུན་དང་འགལ་བའི་ལས་དང་། དགོངས་གཞི་ལ་སྐྱོན་བརྗོད་བྱེད་པ། ཐུགས་གཤིས་ལ་འདྲ་མིན་བཤད་པ་དག་རེད། དེ་མིན་ཆེ་ཚིག་སྦྱར་མིན་ཐད་ནས་འཇམ་ནོར་ལ་ལྟ་སྟངས་ཡོད་མཁན་ཧ་ལམ་ཡོད་རྒྱུ་མ་རེད་བསམ།

སྤྱིར་བོད་རང་བཙན་བཤད་ལོས་ཆོག དེ་བཤད་མི་ཆོག་ཟེར་མཁན་ཞིག་མེད་ཚོད་རེད།དེ་བཤད་པ་ལ་བརྟེན་ནས་ཅི་ཞིག་ཡོང་གི་ཡོད་མེད་ཀྱང་བཤད་ལོས་ཆོག ཐོབ་ཐང་འདྲ་མཉམ་ཟེར་བ་བརྗེད་མི་ཉན།ད་དུང་དབུ་མའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱང་ལོས་ཡིན། དེ་ཡང་སྲིད་ཇུས་ཤིག་རེད། དེ་ལ་རྒྱབ་སྐྱོར་ཀྱང་ལོས་ཡིན། རང་གི་དགའ་ཕྱོགས་དང་ལངས་ཕྱོགས་འཛིན་ལོས་ཆོག འདི་གཉིས་བར་ནས་རང་བཙན་སྒྲོག་མཁན་འགས་༧གོང་ས་མཆོག་གི་མཛད་པ་དང་སྐུ་གཤིས་ལ་འདྲ་མིན་བཤད་དགོས་དོན་ཅི་ཡིན་ནམ། བོད་རང་བཙན་བཤད་དགོས་ན་རེད། བསྒྲུབ་དགོས་ནའང་རེད། ༧གོང་ས་མཆོག་འཁྲིད་ཡོང་དགོས་དོན་གང་ཡིན་ནམ། འདི་དག་འདྲི་བ་རེད། འདི་དག་གནད་འགག་རེད།

སྣ་ཚོགས།

Post navigation

Previous Post: སྙན་ངག་ཅིག
Next Post: ཁྱེད་ནི་གཞན་གྱི་ཕྱིར་རོ།

Comments (7) on “ང་ལ་ཨ་སྒོར་ས་ཡ་གཅིག་དགོས་ཡོད།”

  1. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-09 at 3:13 pm

    དེ་དེ་བཞིན་ནོ།
    རང་བཙན་དགོས་ན་རྩོད་ཅིག རང་སྐྱོང་དགོས་ནའང་རྩོད་ཅིག
    ཐབས་རྩལ་མེད་པའི་ཁ་ཕོ། ཨ་སྒོར་ས་ཡ་རྨི་ལམ།

  2. ཞོལ་གཡག་འབྲོང་རྒྱུད། says:
    2013-12-09 at 3:24 pm

    ཧ་ཧ། དཔེ་དང་དཔེ་ཅན་ཡ་མ་བཟུང་དེས་རང་ཉིད་ཡ་མ་བརླ་ཅན་དུ་གྲུབ་འདུག། ཁྱོད་ལྟར་ན་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་པ་ཚོས་སངས་རྒྱས་ན་འདྲ་མི་རྒྱས་ན་འདྲ་ང་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ཟེར་ན་ག་འདྲ་འདུག།
    དེས་ན་ཏང་ཀྲུང་དབྱང་སྲིད་གཞུང་ཇི་སྲིད་གནས་དེ་སྲིད་དུ་རང་དབུ་གཉིས་རྣམ་དབྱེའི་འཇུག་ཚུལ་མེད་ན་ཁྱོད་ཅིའི་ཕྱིར་བསྒྲུབ་ཐུབ་དང་མི་ཐུབ། ཡོང་ངེས་དང་མི་ངེས་ཀྱི་ངེས་ཤེས་ཇི་ལྟར་རྙེད་སོང་ངམ།
    ལར་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མཐུན་མིན་གྱི་དབུ་མའི་སྟོན་པར་འགག་བཞག་བྱེད་རྒྱུ་དེ་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་འགྲོ་སྟང་འདུག་སྟངས་མ་རེད་པས། མ་ཟད་ནང་བསྟན་ཆོས་ལུགས་ཀྱི་ལྷ་ཆོས་རིག་པའི་གཞུང་ལུགས་ནང་ལ་ཡང་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ལ་བརྟེན་ནས་ཐེག་པ་རིམ་པ་གསུམ་ཆགས་འདུག་ལ་གྲུབ་མཐའ་གོང་འོག་མང་པོ་ཞིག་དབྱེ་འདུག་ལ་རྩོད་རྙོག་ཡང་མང་པོ་འདུག། དེས་ན་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་ནང་རང་གི་འདོད་ཕྱོགས་གི་རྙོག་དྲ་དེ་སྤྱིར་སྟངས་ཞིག་མ་རེད་པས། འདི་དད་གཙོ་སྨྲ་བ་ཚོས་ཆབ་སྲིད་ཀྱི་རྩ་དོན་ནང་བཙན་གྱིས་དྲུད་ཡོང་བ་དེ་ཡག་རྟགས་ཅིག་རྩ་བ་ནས་མ་རེད།
    སྤེན་ཚེ་གཙོས་པའི་རྡ་སའི་སྲིད་དོན་ཚོང་པའི་ཤོག་ཁག་གིས་ལག་པ་འཕྱིས་ས་ཡོད་ན་མེད་ན་ཅིག་༧གོང་ས་མཆོག་རེད། ཅི་སྟེ་༧གོང་ས་མཆོག་ལ་དད་པ་རྩེ་གཅིག་ཡོད་ན་དྲ་རྒྱའི་ནང་(དམངས་འཁྲོད་ཀྱི་ཁ་བརྡ་)མངོན་སུམ་འཛེམས་མེད་ཀྱིས་བློ་ཡུལ་ལས་འདས་པའི་མཚན་སྨོད་ཞུས་དང་ཞུ་བཞིན་པ་དེ་ཚོར། འགག་ལན་ཡི་གེ་ན་གཅིག་མི་འདུག་ལ་ཁ་ནས་ཚིག་གཅིག་མི་ཐོན་པ་དེས་མཚན་སྨོད་དང་ཟུར་ཟར་འཛེམས་ཟོན་མེད་པའི་གདོང་ལེན་བྱེད་ཀྱི་མེད་པར་མདུང་རྩེ་རང་བཙན་ལྟ་གྲུབ་པར་གཏད་ཡོད་པ་གལས་པོ་རེད་ལ། ལྷག་བསམ་རྣམ་དག་གིས་༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་ཀྱིན་ཡོད་ན་ནང་ཁུལ་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེས་སྨྲ་བརྗོད་རང་དབང་ལ་རྡོག་རོལ་དང་དད་པའི་ཐོ་བ་འཕྱར་ནས་རྙོག་འཛིང་ཆུང་ཚག་རིགས་ཆེན་པོ་བཟོས་ཏེས་ཤོག་ཁག་མང་དུ་དགྱེས་འཇུག་རྒྱུ་དེ་ཁོང་གི་དགོངས་གཞི་བསྒྲུབ་མཁན་འདྲ་པོ་ཁྱོན་ནས་མི་འདུག།
    ད་ཆ་༧གོང་ས་མཆོག་ཆབ་སྲིད་བགྲེས་ཡོལ་ཆ་ཚང་ཕེབས་ཟིན་ཡང་དབུ་མ་པ་ཚོས་ཁོང་ཆབ་སྲིད་སྡིང་ཆའི་སྟེང་དུ་བཙན་གྱིས་དྲུད་ནས་དད་པའི་སྟ་རེ་རང་བཙན་པའི་སྟེང་དུ་འཕྱར་ཡོང་དོན་ག་རེ་ཡིན་ནམ། འདི་དག་དྲི་བ་གནད་འགག་ཡིན།

  3. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-09 at 3:40 pm

    ཆབ་སྲིད་བགྲེས་ཡོལ་ཆ་ཚང་ཕེབས་ཟིན། འདི་ཅི་རེད།
    ད་ཆར་ཆབ་སྲིད་ཀྱི་སྐུ་དབང་བཞེས་མེད་ན་ཡང། སྐུ་སྒེར་གྱི་དགོངས་ཚུལ་ད་དུང་ཡང་དབུ་མ་ཡིན་གསུང་གིན་འདུག་པ་མ་གོའམ།
    གང་ཞིག་ཐོབ་ན་ཡང་འདྲ་མ་ཐོབ་ན་ཡང་འདྲ། ང་ལ་དེ་དགོས་ཡོད་ཟེར་ན་ཆོ་མེད་པའི་སྐད་ཆ་རེད། ངས་འབད་པ་བྱེད་རྒྱུ་ཡིན་ཟེར་ན་འོས་པ་རེད།

  4. ཞོལ་གཡག་འབྲོང་རྒྱུད། says:
    2013-12-09 at 3:57 pm

    སྐུ་སྒེར་གྱི་དགོངས་ཚུལ་དབུ་མ་མ་རེད་སུས་ཟེར་གྱི་འདུག། ཆབ་སྲིད་བགྲེས་ཡོལ་ཆ་ཚང་ཟིན་ནས་སྲིད་འགན་སྲིད་སྐྱོང་ལ་གནང་ཟིན་པ་རྨོའོ་རྨོའོ་ལགས་ཀྱིས་མ་གསན་སམ། མ་གཟིགས་སམ། བྱས་ཙང་དབུ་མ་རྐུབ་སྟོང་ཁྱོད་ཚོས་ཁོང་ཆབ་སྲིད་སྡིང་ཆའི་སྟེང་དུ་བཙན་གྱིས་དྲུད་ཡོང་བ་དེས་ཀྲུང་ནན་ཧེའེ་ནས་མཚན་སྨོད་བྱེད་ཤུགས་ཆེ་རུ་ཕྱིན་སོང་ལ་ཆབ་སྲིད་བགྲེས་ཡོལ་ནུབ་ཕྱོགས་པར་གཏམ་བརྗོད་འཁྲབ་པ་རེད་ཞེས་བཤད་པ་དེར་རམ་འདེགས་བྱས་པ་མ་རེད་པས།

  5. ཞོལ་གཡག་འབྲོང་རྒྱུད། says:
    2013-12-09 at 4:07 pm

    གང་ཞིག་འཐོབ་ནའང་འདྲ་མ་འཐོབ་ནའང་འདྲ་བཤད་མཁན་གྱིས་རྒས་པོ་དེར་ཐུགས་ཁག་ཅི་ཡོད། རྒས་པོའི་སེམས་ནང་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་གདུང་ཞེན། ད་དུང་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་བློས་གཏོང་མི་ནུས་པར་ཁྲ་ལམ་མེད་ཡོད་མཁར། སྙིང་རྩ་ཆད་ཟིན་པ་དང་མགོ་འདོགས་རིང་ལུགས་པའི་སྲིད་དོན་ཚོང་པའི་ཤོག་ཁག་གིས་རང་བཙན་མི་འཐོབ་རབས་དང་ལམ་ཐག་རིང་རབས་དབུ་མའི་རང་སྐྱོང་འཐོབ་རྒྱུ་ཡོད་རབས་དང་མྱུར་རབས་ཀྱི་མ་གཉིད་པར་རྨི་ལམ་ལུང་པ་གང་བཤད་ཙང་རྒས་པོས་ལན་འདི་ལས་ཅི་ཞིག་འདེབས། འོ་ན་འཇོན་རྒྱུ་ཡོད་ན་རང་སྐྱོང་ལེན་ཤོག་དང་དཔའ་དར་འཐེན་ཆོག། རྟ་ཕོར་རྒྱུགས་རྩལ་ཡོད་ན། བྱང་ཐང་སྟོང་པར་ལུས་འདུག། གོ་ཨེ་ཐལ།

  6. སྤྱང་ཤོག says:
    2013-12-09 at 4:42 pm

    སྐྱེ་བོ་གང་ཞིག་གིས་བྱུང་རབས་ཀྱི་བདེན་དོན་རང་བཙན་མང་ཙམ་གླེང་ཡོངས་དུས་ལྡོག་པའི་ལང་ཕྱོགས་འཛིན་མཁན་ལ་རང་བཞིན་གྱི་ཕུག་ཐུག་ཤོར་བ་ཆོས་ཉིད་ཡིན་ཙམ་དེ་ནི་བསམ་བཞིན་བྱས་པ་ལ་ངོས་འཛིན་ཞུས་ན་རྨོངས་ཞན་ཕྱོགས་ལངས་རེད་།

  7. ཤར་པ་ says:
    2013-12-10 at 5:29 am

    རྒྱན་ཤོག་ཉོས་lottery ས་ཡ་ཐོབ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme