Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་ལྟས་ངན་བསྟན་སོང་།

Posted on 2010-07-312010-07-31 By ཡེ་ཤེས་ 15 Comments on ང་ལ་ལྟས་ངན་བསྟན་སོང་།

ཀླུ་སྨྱོན།
66561
མདང་ནུབ་ཉལ་ཁར་ལིང་ག་ལྕགས་ལྟར་མཁྲེགས་ཤིང་རྭ་ལྟར་འགྲེངས་པར་གྱུར། །

ད་ནངས་ཞོགས་པར་ལིང་གའི་ཤུལ་དུ་བྷ་ག་འཇིགས་སུ་རུང་བ་གྲུབ། །

ད་ནི་ཅི་བྱ་ཞེས་བརྗོད་འཚབ་དུས་གློ་བུར་ཐབས་ཤིག་དྲན་པ་སྟེ། །

ཨ་ནེ་དགོན་པར་ཐེངས་ཤིག་སོང་སྟེ་ཨ་ནེ་བྱས་ན་ཨེ་དྲག་བསམས། །

ཚ་བའི་ཀློང་དུ་གྲོག་མ་དག་ཀྱང་མིག་ལྕིབས་ཟུམ་ནས་གཉིད་དུ་ཡུར། །

འབུ་དང་སྦྲང་མ་ཕྱེ་ལེབ་དག་ཀྱང་ལེ་ལོའི་མལ་ན་རྨི་ལམ་རྨི། །

ཨ་ནེ་དགོན་པ་རི་ཡི་རྩེ་རུ་ལོ་ངོ་སྟོང་གི་དྲེགས་པ་བཞིན། །

གྱ་གྱུའི་ལམ་ཕྲན་ཐུང་བར་སྣང་ཡང་གོམ་པས་བགྲོད་ཚེ་སྤྲིན་གསེབ་ཟུག །

ལམ་འགྲམ་སྤྲ་དང་སྤྲེའུ་དག་གི་འཁྲིག་པ་སྤྱོད་བཞིན་ཤིང་ཏོག་རྩོད། །

རི་བོང་ཁ་ཤོ་གསུམ་བཞི་ཞིག་གིས་རྩྭ་སྔོན་ཕང་བར་མིག་ཕྱེ་གཉིད། །

དགོན་པའི་འདུ་ཁང་རྙིང་ཞིང་རལ་བས་རྒན་མོ་ཞིག་གི་བྷ་ག་འདྲ། །

སྒོ་ཡོལ་དམར་པོ་ཧྲལ་ཧྲུལ་དེ་ཡང་ཟླ་མཚན་སྐམ་པོ་རླུང་སྐྱོད་འདྲ། །

ཁ་བཏགས་ཟད་པོ་ནག་ཅིང་འཛིངས་པས་རྨོངས་སྤུ་མེ་ཡིས་ཚིགས་པ་འདྲ། །

ཨ་ནེ་འགའ་ཡིས་ཅི་ཞིག་སྐྱོར་བ་ཆགས་པས་མྱོས་པའི་འཁུན་སྐད་བཞིན། །

ཆུ་ཚོད་དགུའི་རིང་བཙལ་པའི་མཐའ་མར་ཨ་ནེ་མཁན་པོ་རྙེད་ན་ཡང་། །
དེ་ཡི་གཟན་དང་ཤམ་ཐབས་རལ་བས་ཕྱི་ནས་ནང་གི་བརླ་ཤ་མཐོང་། །

བརླ་ཤའི་བར་ནས་བྷ་ག་ལོས་མཐོང་ཏོག་ཙམ་མ་གཏོགས་གཅེར་བུ་རེད། །

ད་དུང་བྱ་སྐྱག་ཕུང་པོར་སྤུངས་འདྲའི་ཁུ་བ་སྐམ་པོས་ལུས་པོ་ཁྱབ། །

ང་ནི་དེ་རིང་ཨ་ནེ་བྱེད་དགོས་ཟེར་བཞིན་ཨུ་ཚུགས་སྟོང་བྱས་ཀྱང་། །

བྷ་ག་སྟོན་དང་མྱོས་བུམ་སྟོན་དང་ཟེར་བཞིན་ཚུར་ལ་ཨུ་ཚུགས་བྱེད། །

དབུགས་ཐེངས་གཅིག་གིས་ལྭ་བ་ཕུད་ནས་ལུས་པོའི་སྒང་གཤོང་བསྟན་པ་ན། །

ཨ་ནེའི་མཁན་པོར་ཅི་ཞིག་མ་འཕྲོད་དྲན་པ་འཐོར་ནས་ས་རུ་འགྱེལ། །

སྐྲག་མ་དངངས་ཀྱིས་ཕྱི་རུ་འབྲོ་བའི་སྟ་གོན་བྱས་པའི་སྐད་ཅིག་མར། །

ལྕགས་ཀྱི་སྡེར་མོ་འཇིགས་སུ་རུང་བ་ནམ་མཁའི་ཀློང་ནས་བརྐྱངས་འོངས་ཏེ། །

བདག་གི་རྨོངས་སྤུ་རེ་རེ་བཞིན་དུ་གཅུས་རིལ་བརྒྱབ་ནས་ཡར་ལ་འཐེན། །

ཨ་ཚ་ཟེར་བཞིན་འཕག་འཚག་བྱེད་དུས་རྨི་ལམ་ཞིང་ནས་རེ་ཞིག་ཐར། །

རྣམ་རྟོག་སྐྱེས་ཏེ་རྙོབ་ཐེངས་གཅིག་གིས་རཀྴའི་ཕྲེང་གོག་ཚུར་བླངས་ནས། །

སྐྱེས་ལྷ་གཉན་པོར་གསོལ་བ་འདེབས་བཞིན་མོ་རྩིས་ཐེངས་དགུར་བརྒྱབ་པ་ན། །

འདི་དང་དེ་ཞེས་ཅི་ཡང་མི་འབབ་ང་ལ་ལྟས་ངན་ཅི་ཞིག་བསྟན། །
ཡང་ན་གྲུབ་ཆེན་བི་རུ་པ་བཞིན་ས་ལམ་བགྲོད་པའི་སྔ་ལྟས་ཡིན། །

གསར་འགྱུར། Tags:ཨཨ

Post navigation

Previous Post: མིང་དང་མིང་གི་ཁྱད་ཆོས་གླུ་རུ་ལེན།
Next Post: ༼ཨ་མའི་སྙིང་ནས་གདམས་པའི་གླུ༽་དང་མི་ཇུས་ཀྱི་གཏམ།

Comments (15) on “ང་ལ་ལྟས་ངན་བསྟན་སོང་།”

  1. མི་སྲས says:
    2010-07-31 at 3:23 am

    ངས་རྨིན་ལམ་བརྟགས་པ་བརྒྱུད་ཁྱོད་ལ་བབ་པ་དེ་མོ་དུག་ཕོག་འདུག
    དེའི་བཅོས་ཐབས་དེ་གཅིག་རང་ལས་མེད
    འོན་ཀྱང་དེའི་ཐབས་ཤེས་དེ་ཁྱོད་ཀྱིས་སྤྱོད་ཤེས་མིན་མི་ཤེས་དེ་
    ཁོར་ཡུག་གི་དབང་གིས་ངས་ཡིད་ཆེས་བྱེད་བཞིན་ཡོད

    མོ་བབ་ངས་བཤད་ཀྱི་ཡིན་ལེགས་པ་སེམས་ནས་ཡིད་ལ་ཟུངས་ཤིག་ཨང་
    མོ་གསུམ་མོ་ཡི་མཐའ་མར་སུམ་མོ་ཐན་ལྟས་ངན་པ་བབ་བྱུང་བས་དེ་ནི་ཁྱེད་ཀྱི་ཚེ་སྲོག་ལ་རྩུབ་པའི་རྟགས་རེད
    དེའང་མོ་གདོན་ཁོག་ཏུ་ཞུགས་པའི་གནོད་པ་རེད

    ཕུག་བཏུགས་ན་སེམས་ལ་ཐུག་ཡོད
    དེ་ནི་རང་སེམས་རང་གིས་བཅོས་ཏེ། ཕྱི་རོལ་ཡུལ་གྱི་དོན་ལྔ་ལ་ཐལ་ཆ་ཆེ་བའི་ལྷོད་གཡེངས་དེ་རེད
    བཅོས་ཐབས་ཀྱི་ཆ་ནས་བཤད་ན
    མོ་མཚན་སྒོ་ཆེན་ཙམ་ཞིག་སྐེ་ལ་འདོགས་དགོས་ཡོད

    དེ་ནི་རང་སེམས་སྟུ་ལ་ཕོངས་པའི་ཉེར་ལེན་གྱིས་ཡིན།
    འོན་ཀྱང་དེ་འདྲ་ཞིག་ཡོང་མི་སྲིད་པར་བརྟེན། སྟུ་སྤུས་ཕྲེང་ལུང་ཐག་བྱས་པའི། སྟུ་དགུའི་ཕྲེང་བ་ཞིག་སྐེ་ལ་གོན་རྒྱུ་རག་་དགོས།
    དེ་ཚར་རྗེས་རང་གི་སེམས་ཚོར་ཡོད་ཚད་ཡང་སྐྱར་སྙན་ངག་ཏུ་ཕབ་ནས་
    སྟུའི་ཕྲེང་བ་ལ་བསྟོད་པ་ལེ་དགུ་རྩོམ་དགོས

    གལ་སྲིད་དེས་ཀྱང་བཟློག་པའི་ནུས་པ་མ་ཐོན་ན
    མོ་ཉིས་ཀྲ་བ་ལ་མོ་འདི་ལྟར་བབ་བྱུང་
    སྟུ་ཁྲག་ཕོར་བ་གསུམ་མ་བཀོལ་མ་སླད་པའི་ཐོག་ཧུབ་འཐུང་བྱ་དགོས
    དེ་ནི་གདམས་ངག་གི་མཆོག་ཡིན་པས་
    རྨི་ལྟས་ངན་པ། མཚན་མ་ངན་པ་དེ་རང་སར་དྲགས་ངེས་ཡིན

    ཡཡཡ
    མོ་ཡོན་དེ་དགེ་བཤེས་ཡེ་ཤེས་ལགས་ཀྱི་དྲུང་དུ་ཕུལ་ཤོག
    ནག་མོ་སྲེད་པའི་རྒྱལ་མོས་ཐོངས་ཐོངས།

  2. ཁ་རུ་ཁ་ཐུག says:
    2010-07-31 at 4:22 am

    སྐུ་གཞོག་ཀླུ་སྨྱོན་ལགས། གྲྭ་པ་ལོག་པའི་སྔ་ལྟས་ཡིན་གྱི་རེད། གཞན་མ་གཏོགས་མོ་མཚན་རྐྱང་རྐྱང་རྨི་ལམ་གཏོང་རྒྱུ་ག་རེ་ཡོད། སེམས་ནང་ག་རེ་བསམ་པ་དེ་རྨི་ལམ་དུའང་དེ་ལྟར་འཁྲུལ་ནས་རྨིས་ཡོང་བ་ཕལ་ཆེར་རེད།
    དེ་རིང་ནས་བཟུང་མཇེ་ལ་ཐག་པ་བརྒྱབ་ནས་སྐེ་ལ་ཐོགས་ནས་སོང་། མ་གཞི་ཁྱོད་རང་ད་དུང་གྲྭ་པ་ལོག་རྒྱུ་ཡིན་ནམ།

  3. གཅན་བཟོད་རྒྱམ། says:
    2010-07-31 at 4:54 am

    ཉལ་ཁའི་ལིང་ག་ལྕགས་ལྟར་ལངས་པ་སུའང་མ་བཤད་གསང་བ་བྱོས།།
    མི་དང་ལྷ་དང་མཁའ་འགྲོ་མ་ཚོས་གོ་ན་ཁྱོད་ལ་འགྲོགས་ཡ་མེད།།
    ཞོགས་པའི་ལིང་གའི་ཤུལ་གྱི་བྷ་ག་སུ་ལ་མ་སྟོན་བཏུམ་ལ་ཞོགས།།
    བུ་དང་བུ་མོ་གྲྭ་བ་ཨ་ནེས་མཐོང་ཐོས་བྱུང་ན་འཕྱ་ཞིང་དམོད།།

    འཚབ་བཞིན་བློ་ཞིག་དྲན་པ་བཟང་མོད་ཨ་ནེའི་དགོན་པ་རི་བོའི་རྩེ།།
    སྤྲིན་གསེབ་ཟུག་པའི་ཀྱག་ཀྱོག་ལམ་དེ་གཤིན་པའི་ཡུལ་ལ་བགྲོད་བཞིན་དཀའ།།
    དེ་བས་གྲོག་མ་ཕྱེ་ལེབ་ཇི་བཞིན་རྨི་ལམ་སྐྱིད་པོར་ལྷོད་ཀྱིས་ཞུགས།།
    སྤྲེའུའི་འཁྲུག་སྤྱོད་རང་ཡང་འདོད་ན་དེ་བཞིན་གྱིས་ལ་མི་འདོད་སྤོངས།

    རི་བོང་གཉིད་ལོག་རབ་ཏུ་མི་རྟག་རྒན་མོའི་བྷ་ག་ལྟ་བུའི་དགོན།།
    སྒོམ་ཆེན་ཁྱོད་རང་འགྲོ་ས་མ་ཡིན་སྒོ་ཕྱེར་རླུང་གིས་སྐྱོད་པས་ཤེས།།
    བཀག་ཀྱང་མ་ཁོག་ཤུགས་ཀྱིས་བསྐྱོད་པས་ཨ་ནེ་དག་གིས་སྐྱོར་བཞིན་དུ།།
    ཆགས་མྱོས་སྐད་འདོན་ཉིད་ཀྱི་ལིང་ག་ལྕགས་ལྟར་འཁྲེགས་པ་བསྲུབས་པ་ཉིད།།

    ཨ་ནེའི་མཁན་པོ་རྙེད་པ་བཟང་མོད་གཟན་དང་ཤམ་ཐབས་ཟད་གྱུར་ཅིང་།།
    བརླ་དང་བྷ་གའང་མཐོང་ཙམ་བྱས་པ་ཁྱེད་སེམས་འགུག་པའི་ལྕགས་ཀྱུ་སྟེ།།
    བྱ་སྐྱག་ཕུར་བོར་སྤྱུངས་ཤིང་སྐམ་པ་ཉིད་ཀྱི་ལིང་ག་བསྲུབས་ལས་བྱུང་།།
    དེ་ཡང་མ་ཤེས་ད་དུང་ཨ་ནེ་བྱེད་འདོད་ཨུ་ཚུགས་བྱེད་པ་བླུན།།

    བྷ་ག་མྱོས་བུམ་སྟོན་དང་ཟེར་སོགས་ལྕགས་འཁྲེགས་ལིང་གར་ལྟ་འདོད་རེད།།
    སྒལ་གཤོང་བསྟན་པས་དྲན་པ་ཐོར་བ་མཁལ་མའི་ཁུ་བ་སྐམ་པའི་རྟགས།།
    ཕྱིར་འབྲོས་སྐབས་སུ་ལྕགས་ཀྱི་སྡེར་མོས་རྨོངས་སྤུ་རེ་གཅུས་ཡར་འཐེན་པ།།
    ཆགས་པའི་རྩ་བ་གཏིང་ནས་མ་ཆོད་ཆགས་སེམས་ཕྲ་མོས་བཏགས་པའི་ལྟས།།

    རཀྴའི་ཕྲེང་ཀོག་ལག་གིས་མ་འདྲེན་ལིང་གའི་སྐེ་ལ་དམ་དུ་དཀྱིལ།།
    སྐྱེ་ལྷ་གཉན་པོར་གསོལ་བ་མ་འདེབས་ཆགས་པའི་གཉན་པོ་རབ་ཏུ་སྒོམས།།
    མོ་རྩིས་ལུང་སོགས་རྒྱང་དུ་དོར་ལ་ཕྱེ་ལེབ་གྲོག་མའི་སྡུག་བསྔལ་སོམས།།
    ཆགས་པའི་རྩ་བ་ཕྲ་མོ་ཙམ་ལས་ཡོངས་སུ་སྤངས་པའི་རྨི་ལྟས་བཟང་།།

    ཏདྱཐ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ།

  4. གཞོན་ནུ་ཟླ་མེད། says:
    2010-07-31 at 9:58 am

    ཆོས་གྲོགས་ལ་རྨི་ལམ་ངན་པ་བཏང་དུས་ངས་མོ་ཞིག་མ་བརྒྱབ་ན་ག་ལ་འགྲིག ད་བཀྲ་ཤིས་ཚེ་རིང་མའི་འཕྲུལ་མོ་ལ་རྟེན་ནས་རྟགས་མཚན་རྣམས་གསལ་བར་སྟོན་བར་བྱ།
    མྃ་བཛྲ་ངྷྰ་ཀི་ནྰི་པྲ་མོ་ཧྲིང་ཧྲིང་སལ་སལ་ཕྱཻ་ཕྱཻཿ
    ཕྱག་འཚལ་སྐྱབས་མཆི་དཀོན་མཆོག་གསུམ༔
    ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔
    ཡེ་ཤེས་ལས་གྲུབ་ལྷ་མོའི་ཚོགས༔
    དེ་རིང་སྣང་སྲིད་ས་ལེར་སྟོན༔
    ཀླུ་སྨྱོན་ཡིད་ལ་གང་འདོད་པའི༔
    རྟེན་འབྲེལ་མངོན་སུམ་བསྟན་དུ་གསོལ༔
    ཁྱད་པར་མཐིང་གི་ཞལ་བཟང་མ༔
    དམ་བཅས་ཐུགས་དམ་མ་གཡེལ་ཅིག༔
    འོ་ད་ཡིན་ན་ཤྭ་མིག་གཉིས་དང་གཉིས་བྱུང་འདུག་པས། ལྷ་མོ་མཐིང་གི་ཞལ་བཟང་མ་ན་རེ།
    ལིང་ག་རྭ་ལྟར་ལངས་པ་དེ༔
    བདེ་བ་ཆེན་པོ་རྒྱས་པའི་རྟགས༔
    བྷ་ག་ཞིག་དང་ཕྲད་པ་ནི༔
    ཐབས་ཤེས་ཟུང་དུ་འཇུག་པའོ༔
    ཨ་ནེ་དགོན་པར་ཕྱིན་པ་ནི༔
    བདེ་ཆེན་ཁང་བཟང་འགྲིམ་པའི་རྟགས༔
    སྐྲག་སྣང་ཞེད་སྣང་སྐྱེས་པ་དེ༔
    ད་དུང་རྣམ་རྟོག་ཆེ་བའི་རྟགས༔
    སྤྲ་དང་སྤྲེའུས་འཛགས་པ་ནི༔
    སྔགས་ཀྱི་ལམ་དུ་བསྐུལ་བའོ༔
    རི་བོ་མིག་ཕྱེ་གཉིད་པ་ནི།།
    བསྐྱེད་རིམ་རྫོགས་རིམ་གོ་ན་ཡང་༔
    སོ་ཐར་སྡོམ་པར་གཉིད་དུ་ཡུར༔
    ལྷ་ཁང་ཞིག་རལ་ལ་སོགས་པ༔
    ཐམས་ཅད་རྣམ་རྟོག་ཟ་ཟི་ཙམ༔
    ཨ་ནེ་མཁན་པོས་རླུག་རྩིད་འཐེན༔
    གང་མགྱོགས་འཛག་བདེའི་ལམ་ལ་སྐུལ༔
    སྤྱིར་ན་མོ་ནི་བཟང་མོད་ཀྱང་༔
    ལྷ་མོར་མ་མཐོང་འདྲེ་མོར་མཐོང༔
    རྣམ་རྟོག་བདུད་ཀྱིས་ཁྱེར་བའི་རྟགས༔
    ༼ཞབས་བརྟན་ནི༽
    དེ་ཕྱིར་ལོ་ཆུང་སྤྱོད་རུང་ནས༔
    རྒན་ཁོག་ལོ་བརྒྱ་མན་ཆད་ཀྱི༔
    དཀར་སེར་ནག་སྔོ་ཐམས་ཅད་ལ༔
    རིགས་ཀྱི་དབྱེ་བ་མི་འབྱེད་པར༔
    ནུ་ཐོག་སྟུ་ཐོག་ཐམས་ཅད་པོར༔
    ལིང་གའི་འབྲེལ་བ་མ་ཐོག་རུང་༔
    མིག་གིས་ཡང་ཡང་བལྟ་བར་བྱ༔
    རབ་ལ་ལིང་ག་ལག་བཟུང་ནས༔
    གོས་མེད་གཅེར་བུར་སྲང་ལམ་དུ༔
    རྒྱོ་ཡི་སློང་མོར་ཕྱིན་པ་ཡིས༔
    བར་ཆད་མ་ལུས་ལྡོག་པར་འགྱུར༔
    ཅེས་གསུངས་སོ། ཡ་ད་མོ་ཡོན་ཨ་སྒོར་བརྒྱ་དང་ལྔ་བཅུ་ཡིན། སྦག་ཐོག་བརྒྱུད་ནས་སྐུརད།

    དཀར་སེར་ནག་

  5. ཀླུ་སྨྱོན། says:
    2010-07-31 at 11:38 am

    བླ་མ་ལོག་ན་མཛད་པ་རེད། །
    དགེ་བཤེས་ལོག་ན་བར་ཆད་རེད། །
    གྲྭ་རྐྱང་ལོག་ན་ལྟས་ངན་རེད། །
    འདི་གསུམ་འཁོར་བའི་གཏན་ཚིགས་རེད། །
    གོ་ན་རྣ་བའི་བདུད་རྩི་བྱོས། །
    མ་གོ་མཇེ་མགོར་མདུད་པ་གྱིས། །

  6. བོད་ཀྱི་བུ says:
    2010-07-31 at 11:56 am

    ཨ་ཁ། ད་ནངས་ཉོབ་བསྡད་པའི་སྐབས་སུ་རྩོམ་འདི་མཐོང་མི་འདུག

  7. གཞོན་ནུ་ཟླ་མེད། says:
    2010-07-31 at 11:59 am

    བླ་མ་ལ་ལོག་པའི་ཐ་སྙད་མེད། དེ་ཡིན་པ་ལས་ལོག་པ་ནི་མ་ཡིན་པར་གོ་དགོས་པ་བསྡུས་གྲྭའི་དགོངས་པ་ཡིན་པ་ལྟར། བླ་མ་ལོག་པ་བླ་མ་མ་ཡིན་པར་འགྱུར་དགོས་ན་ཡང་། དེ་འདྲ་བོད་ཀྱི་ལུགས་སྲོལ་ལ་མེད་པས་བླ་མ་ལོག་པའི་ཐ་སྙད་མེད། དགེ་བཤེས་ལ་ཡང་རིགས་འདྲ། འོན་ཀྱང་དེའི་འོག་གི་ལས་ངན་གྲྭ་བ་ཚོ་ལོག་ན་གྲྭ་ལོག་ཡིན་ནི་རེད། དེ་ཡིན་པ་ལས་ལོག་ན་མ་ཡིན་པ་ཆགས་འགྲོ་གི་རེད། འདི་ལ་བསམ་ན་སྤྱི་ཚོགས་དང་བླ་མ་ཚང་མས་ཡིན་ལོག་མིན་ལོག་གི་རིགས་པ་དེ་ཡང་རྟ་མགྲིན་ཐར་གྱི་འབུ་ལི་མགོ་ཀྱོག་ནང་བཞིན་དང་། ཟླ་བ་སྒྲོལ་མའི་སྙ་མ་ཁ་ཀྱོག་འདྲ་བོ་ཞིག་བཟོ་འདུག་ཀ

  8. yeshe says:
    2010-07-31 at 12:03 pm

    སྐབས་འདིར་ལོག་ཅེས་པ་ནི་དགེ་ཚུལ་སློང་གི་སྡོམ་པ་ལས་ལོག་པའམ་གྲྭ་པ་ལོག་པའི་དོན་ཡིན་པ་ནི་ཁྱེད་དགེ་བཤེས་ཆེན་པོ་ཞིག་གིས་ལོས་ཤེས།

  9. yeshe says:
    2010-07-31 at 12:03 pm

    སྡོམ་སྲུང་མཁན་ལས་ལོག་པ་་་་

  10. གཅན་བཟོད་རྒྱམ། says:
    2010-07-31 at 12:07 pm

    ཀླུ་སྨྱོན་ལགས།
    ད་ནངས་ཁྱོད་ཀྱི་རྩོམ་འདི་རིག་པས་ངས་ཀྱང་གང་དྲན་ཤར་མར་བྲིས།།
    ཚིག་དང་དོན་གྱི་ཟ་དང་ཟུར་ན་མི་འོས་ས་རེ་ཡོད་ན་ཐང་།།
    འོན་ཏེ་སེམས་ཀྱིས་གཟས་པ་མིན་ལ་གཏིང་ནས་གནག་པའི་བསམ་པའང་མེད།།
    དེས་ན་མཇེ་སྐམ་ལག་ཏུ་ཟུངས་ལ་ཨ་ནེའི་མཁན་པོར་ཐེངས་དགུ་འཛོགས།།

  11. གཅན་བཟོད་རྒྱམ། says:
    2010-07-31 at 12:12 pm

    ད་ཁྱོད་གཉིས་ཀྱིས་ཡིན་ལོག་མིན་ལོག་ཙོ་མ་རྩོད་ཡ།

    རྟ་མགྲིན་ཐར་གྱི་འབུ་ལི་མགོ་འཁྱོག་དེས།།
    ཟླ་བ་སྒྲོལ་མའི་སྙ་མའི་གཏིང་ནས་དཀྲུགས།།
    ཞིང་ཚིག་གཉའ་ནས་སྒྲོག་པའི་ཧང་སྐད་དེ།།
    ཡུར་མ་ཡུར་མཁན་ཨ་ཅེ་ཚང་མས་གོ།

  12. བསྟན་འཛིན། says:
    2010-07-31 at 1:05 pm

    ཧ་ཧ། འདི་ཚང་མ་ཡ་བཏགས་དང་ར་བཏགས་གི་ཁྱད་པར་ཙམ་དུ་ཟད།
    ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།
    དེ་རྗེས་ཁྲིམས་ནས་ཁྲིམས་མེད་པར་རབ་ཏུ་བྱུང་།

  13. དཔལ་དགྱེས་པ་རྡོ་རྗེ says:
    2010-07-31 at 3:14 pm

    ཨ་ཁ་ཁ། ཨ་ཁུ་ཀླུ་སྨྱོན་ལགས། ཉེ་བའི་མཚམས་མེད་བསགས་པའི་རྨི་ལམ་དང་། །གློ་སྙིང་དམར་ཟིང་ལེན་པའི་བརྙན་པར་བཞིན། །མི་འདོད་ན་ཚ་འཕེལ་ནས་སད་པ་དག ། །རྨི་ལམ་ལུང་བསྟན་ཞིག་ཏུ་གོར་མ་ཆག །རྩ་བརྒྱུད་བླ་མར་བསམ་ནས་ངོ་ཚ་དང་། །གྲྭ་གྲོགས་ཆོས་མཆེད་བསམ་ནས་ཁྲེལ་ཡོད་དག །སྤང་ནས་འཆབ་སེམས་མེད་པར་སྨྲ་བ་འདིས། །ཕྱིར་བཅོས་སྡོམ་པ་སླར་ཡང་བླངས་པར་གྱིས། །འོན་ཀྱང་ལྟས་ངན་བཟློག་པའི་རིམ་འགྲོ་ནི། །རྒྱ་བོད་ཁ་ཁ་ཡིན་པའི་དམ་བཅའ་ཞོགས། །ནག་ཆང་གཡར་ཚ་བག་མེད་འདུ་འཛི་སྤོངས། །ཡབ་མེས་དྲིན་ཆེན་རང་བྱས་ལས་ངན་སོམས། །དེ་མིན་རང་གཞན་རྨིས་ལྟས་ལོག་པར་ངེས། །མ་ཚད་གངས་དཀར་རི་བོ་རྡོ་རུ་ལོག །ཆོལ་གསུམ་མཆེད་ལ་སྙིང་གི་ན་ཚ་དང། །མིག་ཟུང་ཁྲག་གི་གང་བའི་དུཿཁ་ཞིག །འབྱུང་འགྱུར་འཁྲུལ་སྣང་སད་རྨིས་བར་ན་འདུག །གོ་བརྡ་འཕྲོད་ན་ཆོས་མཆེད་སྙིང་གཏམ་ཡིན། །དགོངས་འགལ་བྱུང་ན་མི་འགྱིང་ཁྱེད་ཚོས་ཤེས། །ངེད་གཉིས་ཚེ་འདིར་འཕྲད་པར་མ་མཆིས་ཀྱང་། །ཕྱི་མ་བདེ་ཆེན་ཞིང་ནས་མཇལ་བར་སྨོན། །རྨི་ལམ་ངན་པ་དེ་འདྲ་ཞིག་རྨིས་འདུག གོ་རྒྱུ་ཆེན་པོ་ཞིག་འདུག་བསམ་ནས་ཅི་དྲན་དུ་ཕྲན་ཤྲྰིས་གུས་ཕུལ། །

  14. ཀརྡོ་རབ་འབྱམས་པ་ says:
    2010-07-31 at 4:49 pm

    ཡུལ་སྣང་ཐམས་ཅད་འཁྲུལ་པ་ལ། །
    རྨི་ལམ་ཡང་འཁྲུལ་བརྩིས་དོན་མེད། །
    འོན་ཀྱང་བློ་འཁྲུལ་འཁྲིག་ཚིག་ལ། །
    རྟེན་འབྲེལ་ལྟོས་གྲུབ་འཁྲུལ་བཟང་མིན། །

    དེས་ན་ལ་ཝུར་དང་ལ་ཝུར་དུ། །
    མོས་རྩིས་རྒྱོབས་ལ་རྨི་ལམ་བརྟགས་དགོས། །
    ཡར་ལ་མཆོད་དང་མར་གཏོང་བྱེད་རན། །
    སྲུང་སྡོམ་སྡོམས་ལ་གཟུངས་བསྔགས་འདོན་དགོས། །

    རྩེད་མོ་ཡིན་ནོ་ཧ་ཧ་ཧུ་ཧུ། །

  15. དབང་ཆེན། says:
    2010-08-04 at 7:30 pm

    དཔལ་ཏེ་ལོ་པས། ཀྱེ་ཧོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང་། །རྟག་མི་ཐུབ་ཏེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བ་བསྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །འཁོར་ཡུག་ཆགས་སྡང་འབྲེལ་བ་ཀུན་ཆོད་ལ། །གཅིག་བུར་ནགས་འདབས་རི་ཁྲོད་དབེན་པ་སྒོམས། །ཅེས་གསུགས་པའི་དོན་ལ་མཉམ་པར་འཇོག་པར་བསྐུལ་ལོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme