Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་རྨི་ལམ་ཞིག་ཡོད།

Posted on 2016-01-232016-01-23 By ཁ་བརྡ 4 Comments on ང་ལ་རྨི་ལམ་ཞིག་ཡོད།

གླིང་གཅེར་བུ།

 
༡༽ ང་ལ་རྨི་ལམ་ཞིག་ཡོད་། སང་ཉིན་གྱི་བོད་ནི་ཆོས་སྲིད་སྣ་མང་གིས་གྲུབ་ཀྱང་ལྟ་ཚུལ་དང་འདོད་ཚུལ་སྣ་མང་མཉམ་གནས་ཐུབ་སའི་དཀྱེལ་ཡང་བའི་ཚོགས་སྤྱི་ཞིག་ཆགས་ན་འདོད་ཡོད།

༢༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་གྱི་བོད་ནི་ཆོས་ལུགས་གྲུབ་མཐའ་དང་ཆོལ་ཁའི་ཆགས་སྡང་འཐེན་འཁྱེར་ལས་ཡོངས་སུ་གྲོལ་ཏེ་སྤུས་གཙང་བའི་འཚོ་གནས་ཤིག་ཆགས་ན་འདོད་ཡོད།

༣༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་གྱི་བོད་ནི་ཆོས་ཆོས་ས་དང་སྲིད་སྲིད་ས་ནས་སྐྱོང་བའི་ཁེ་གཙང་བའི་རིག་གནས་ཀྱི་ཞིང་ས་ཞིག་ཆགས་ན་འདོད་ཡོད།

༤༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་གྱི་བོད་ནི་གཞན་གྱི་བརྙས་བཅོས་དང་བཙན་འཛུལ་གྱི་རྩ་ཁྲིམས་ལ་མགོ་འབུལ་མཁན་དེ་མ་ཡིན་པར། རང་ཉིད་ཀྱི་ཁེ་དབང་དང་བདག་དབང་གི་ཕྱིར་དུ་དགྲ་བོར་གདོང་སྟོན་ཐུབ་མཁན་ཞིག་ཆགས་ན་འདོད་ཡོད།

༥༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་ནས་བོད་མི་རེ་རེའི་རྣམ་ཤེས་ཀྱི་ཕྱི་ནང་གསང་གསུམ་ལ་རང་དབང་གི་བླ་སྲོག་ཞུགས་ཏེ་གཏན་དུ་རང་བཙན་གྱི་ལམ་ལ་སྐྱོད་ན་འདོད་ཡོད།

༦༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་ནས་བཟུང་བོད་མི་སུ་ཞིག་གིས་ཀྱང་བོད་ཀྱི་འདས་ཟིན་པའི་དོན་དངོས་བདེན་ཐུབ་ཀྱི་ལོ་རྒྱུས་ལ་ཀུ་རེ་མི་རྩེད་པའི་སྙིང་ཕུར་བརྡབ་ན་འདོད་ཡོད།

༧༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་ནས་བཟུང་བོད་མི་ཀུན་གྱིས་རང་ཉིད་ཀྱི་ཁྲག་རྩའི་སྦུབས་སུ་རྒྱུ་བའི་སྐད་དང་ཡི་གེར་སེམས་བསམ་པའི་འཇུག་ན་འདོད་ཡོད།

༨༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་གྱི་བོད་ནི་ལྐོག་གྱུར་དང་ལྷ་འདྲེའི་འཐབ་རྩོད་ལས་ཡོངས་སུ་ཐར་ནས་ཡོད་ཚད་ཀྱིས་རང་དབང་དང་མང་གཙོ་འདྲ་མཉམ་གྱི་ཐོབ་ཐང་ལ་ལོངས་སུ་སྤྱད་ན་འདོད་ཡོད།

༩༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་གྱི་བོད་ནི་ཁ་འཐོར་ཡ་འཐོར་གྱི་གནས་བབ་ལས་གཅིག་ཏུ་བསྒྲིལ་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་ན་འདོད་ཡོད།

༡༠༽ ང་ལ་རྨི་ལམ་ཞིག་ཡོད། སང་ཉིན་ནས་གངས་རིའི་ཞིང་ཁམས་ཡོད་ཚད་གངས་སེང་རྒྱལ་དར་གྱིས་ཁེབས་ཤིང་ཕུན་ཚོགས་སྡེ་བཞིའི་རྒྱལ་གླུ་བོད་མི་ས་ཡ་དྲུག་གིས་མགྲིན་བརྒྱ་གདངས་གཅིག་གིས་དབྱངས་སུ་གྱེར་ན་འདོད་ཡོད།

གླིང་གཅེར་བུ། ༢༠༡༦/༡/༢༣/

སྣ་ཚོགས།

Post navigation

Previous Post: ཉག་སེ་རིན་ཆེན་རྒྱལ་མཚན་གྱི་མགུར་གླུ
Next Post: ཆོས་རྒྱམ་དྲུང་པའི་རྣམ་ཐར་འདི་གཉིས་བོད་ཡིག་ལ་བསྒྱུར་ཟིན་ནམ།

Comments (4) on “ང་ལ་རྨི་ལམ་ཞིག་ཡོད།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-23 at 10:09 am

    ང་ལ་རྨི་ལམ་ཅིག་ཡོད། སོང་ཉིན་ནས་གླིང་གཅེར་བུས་མཆན་རྒྱག་དུས་མིང་དང་ལས་བྱ་སོགས་ཁ་གསལ་བྲིས་པ་ལས་ནག་ཁུང་ནས་ལྐོག་མདའ་མི་འཕེན་པའི་རེ་བ་ཡོད།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-24 at 1:33 pm

    ང་ལ་རྨི་ལམ་ཅིག་ཡོད།
    ང་ལ་རྨི་ལམ་ཅིག་ཡོད། ༸གོང་ས་མཆོག་བོད་ལ་ཕེབས་ནས། གཞིས་བྱེས་གཉིས་འཛོམས་མགྱོགས་མྱུར་ཅིག
    ང་ལ་རྨི་ལམ་ཅིག་ཡོད། བོད་ནང་རྒྱ་རིགས་ལས། བོད་རིགས་མང་ལ་རྒྱ་བོད་ཡོད་ཚད་མཐུན་དུས་ཅིག
    ང་ལ་རྨི་ལམ་ཅིག་ཡོད། བོད་རིགས་ཡོངས་ཀྱིས། བོད་སྐད་ཤེས་ལ་བོད་ཡིག་འབྲི་ཀློག་ཡར་རྒྱས་ཅིག
    ང་ལ་རྨི་ལམ་ཅིག་ཡོད། བོད་ཀྱི་ཆོས་དང་ལེགས་བྱང་། ཡ་རབས་བཟང་སྤྱོད་མུ་མཐུད་གོང་འཕེལ་ཅིག
    ང་ལ་རྨི་ལམ་ཅིག་ཡོད། བོད་པས་ཛམ་གླིང་ཞི་བདེ་པན་པ་དང་། བཟང་སྤྱོད་གང་མང་སྤེལ་མཁན་ཅིག

  3. ཇུང་ཏོག་ says:
    2016-01-24 at 10:43 pm

    ང་ལ་རྨི་ལམ་ཞིག་ཡོད་། ཆོལ་ཁ་དང་ལུང་ཚན་ཕྱོགས་གཏོགས་ཀྱི་དྲི་ངན་འཇུག་བསྡུས་ནས་ཞི་བའི་མི་མང་ནས་ལྷག་བསམ་དང་དྲང་བདེན་ལབ་རྒྱུ་གླེང་རྒྱུ་མེད་པའི་མི་ཞིག་སྲིད་སྐྱོང་ལ་བསྐོ་ཐུབ་པ་ཤོག་།

  4. གནམ says:
    2016-01-25 at 2:11 am

    I have a dream! ནག་རིལ་ཞིག་གིས་དེ་ལྟར་ལབ་ནས་སྐད་གྲགས་བཞག་པ་རེད།
    ད་ང་ཚོའི་བོད་པའི་ནང་ན་དེ་འདྲ་ཞིག་ཡོད་མདོག་ལྡན། ཧ་ཧ་ཧ།

    ཕུན་ཚོགས་སྡེ་བཞིའི་རྒྱལ་གླུ་བོད་མི་༼ས་ཡ་དྲུག༽་གིས་༼མགྲིན་བརྒྱ༽་གདངས་གཅིག་གིས་དབྱངས་སུ་གྱེར་ན་འདོད་ཡོད།
    ས་ཡ་དྲུག་ལ་མགྲིན་པ་བརྒྱ། ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme