Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་འཇོན་ཐང་ཅི་ཡང་མེད།

Posted on 2016-04-152016-04-15 By ཁ་བརྡ 1 Comment on ང་ལ་འཇོན་ཐང་ཅི་ཡང་མེད།

ལྷ་རྩེའི་ཁུ་བྱུག

 
ཁ་རྩང་མཁན་ཆེན་དགའ་དབང་ཚང་གིས་བཀའ་སློབ་ཅིག་ཏུ་སོ་སོའི་ལས་ཀ་དེ་སྔོན་མའི་བག་ཆགས་དང་། ད་ལྟའི་རྐྱེན་ལ་བརྟེན། མི་གཅིག་གིས་འཇོན་པ་དེ་གཅིག་གིས་མི་འཇོན་ཞིང་། གཅིག་ཤོས་དགའ་བ་དེ་གཅིག་ཤོས་དགའ་བའི་ངེས་པ་མེད་པའི་བསྐོར་ནས་གསུངས་སོང་། བཀའ་སློབ་གནང་སའི་འཕྲིན་ཕྲིན་ཚོགས་པ་དེ་ནི་དབྱར་གནས་ཚང་ཟེར་བའི་དྲྭ་ཚོམས་ཆུང་ཆུང་ཞིག་གི་ནང་ལ་རེད། དེ་རུ་མཆེད་གྲོགས་རྙིང་པ་སྐྱ་སེར་སེམས་མཐུན་ཁ་ཤས་ཡོད་པ་ཞིག་ཡིན།

ཁོང་གིས་མི་ཚེ་འདིར་བྱས་རྗེས་ཤིག་ངེས་པར་འཇོག་དགོས་པ་དེའང་སོ་སོའི་དགའ་ཕྱོགས་ཉག་གཅིག་ལ་བསྟུན་དགོས་གསུངས་པའི་དཔེར་མཚོན་ནང་དུ། མཆེད་གྲོགས་སྨན་པ་ཉི་ཤར་གསོ་རིགས་ལ་དགྱེས་པ་བཞིན་བོད་སྨན་ལ་བསླབས་ཏེ། ད་ཆར་རླབས་ཆེན་གཞན་ཕན་འབྱུང་བའི་བསྐོར་དང་། མཆེད་གྲོགས་མཁན་པོ་དཔའ་བརྟན་ལགས་ནི་དགེ་ལས་སྙིང་རྗེ་ལ་གོམས་པ་བཞིན་རྒས་པ་གསོ་བའི་བྱམས་བརྩེའི་འགྲོ་དོན་བསྐོར་དང་། མཆེད་བདེ་ལེགས་ཕུན་ཚོགས་ཀྱི་དྭ་ཕྲུག་སློབ་གྲྭའི་དགེ་ཕན་བསྐོར་ནས་གསུངས་སོང་།

དེ་དང་བསྟུན་ཕྲན་གྱིས་རང་ཉིད་ལ་བྱུང་བའི་བརྒྱུད་རིམ་ལན་གཅིག་བསྔོགས་དུས། ངས་མི་ཡུལ་དུ་བྱས་རྗེས་ཅི་ཡང་བཞག་མི་འདུག ད་དུང་འཇོག་རེ་ཡང་མི་འདུག རེད། ང་ལ་དགའ་ཕྱོགས་ལས་ཀའི་དམིགས་ཡུལ་མེད་པ་རེད་དམ། ངའི་དགའ་ཕྱོགས་དེས་མི་ལ་ཕན་པའི་བྱ་བ་འཇོན་མེད་པ་རེད། ཡོད་ཆོག་ཅིང་། ཡིན་ངེས་པའི་མི་སོ་སོའི་ཐོད་པའི་རི་མོའི་ལས་ཀ་ཚང་མ་དེས་འགྲོ་བ་མི་ལ་ཕན་བདེ་བསྐྲུན་ཐུབ་མིན་ཅི་རིགས་ཡོད་ཁར་ད་དུང་མི་ལ་ལའི་ལས་ཀས་རང་ཉིད་ལྟོ་རྒྱབ་ཐག་ཆོད་མིན་ཐེ་ཚོམ་ཅན་མང་པོ་ཡོད་ངེས།

ང་ནི་གཉིས་པའི་རིགས་སུ་གཏོགས་འདུག དགའ་ཕྱོགས་ལས་ཀ་བཟང་ངན་དེ་ཡང་སྔོན་མའི་བག་ཆགས་དང་། ད་ལྟའི་རྐྱེན་ལ་རག་ལས་ཕྱིར་བཅོས་བསྒྱུར་ཐུབ་པ་ཤིན་ཏུ་དཀའ་མོར་སྣང་།
ངའི་དགའ་ཕྱོགས་སམ། ཡང་ན་ལྷན་སྐྱེས་ཀྱི་གཤིས་ཀ་ནི། མདོ་མེད། འཁྱམ་པོའི་ལས་ཀ་འབའ་ཞིག་ལས། འཇིག་རྟེན་འདི་ན་ཕྱོགས་གང་ཐད་ནས་གླེང་རིན་ཡོད་པའི་བྱ་བ་སྣེ་གཅིག་འཇོན་མེད་པར་རྟོགས། ལོ་ཆུང་དུས་ཐོས་བསམ་སྐབས་སུ། ཐོས་པ་མ་བྱས་རི་མོ་སྣ་ཚོགས་བྲིས་ཤིང་། གླིང་བུ་འབུད་ལ་དགའ། རི་མོ་དང་གླིང་བུ་ཆེད་སྦྱོང་ལས་ཀ་ཡང་མེད་ལ། རིག་གནས་ཀྱི་ཡོན་ཏན་ཡང་མེད།
དེ་མཚམས་དགོན་པའི་བཅས་ཕྱག་ལེན། ཐིག་རྡུལ་ཚོན། འབུད་བརྡུང་དཀྲོལ་གསུམ་སྐབས་སུ། གྲོང་ཉུལ་དུ་འཕྲུལ་རྟ་ཉོས། སྒྲ་སྙན་བརྡུང་བར་དགའ། དུས་དེབ་ཉོས་ཤིང་ཚགས་པར་བལྟས། དེའི་དུས་ཆེད་སྦྱོང་ལས་ཀ་ཚང་མ་འཐུས་ཤོས་སུ་སོང་། ད་ཆར་གཏོར་མ་ར་རྔ་ཙམ་ཡང་བཅའ་མི་ཤེས་ཁར་ཤེས་བྱ་གཞན་དག་ཀྱང་བོད་ཡིག་དག་མ་ཞིག་ཀྱང་འཇོན་གྱིན་མེད།

རི་དང་མཚམས་སྒྲུབ་ལ་ཅུང་ཙམ་མོས་ཀྱང་། ཐེངས་ལྔ་ལ་རི་ལ་སོང་ཡང་། བཤད་གྲྭས་ཐེངས་ལྔ་ལ་རི་ལས་བསྣུར། རང་གིས་ཀྱང་མ་ཎི་མ་བཏོན་རྩོམ་ཉོག་འབྲི་ལ་དགའ། བྲིས་པ་ཀུན་སེང་རྡོར་དྲ་བ་སོགས་ཀྱི་ངོས་སུ་སྤེལ། འདྲེས་མ་དྲན་པའི་དུས་དེབ་སེང་གེ་གནམ་མཆོང་ཟེར་བ་ཞིག་བཀྲམས། དེ་དུས་ངའི་དྲི་མ་ངན་པས་སྐྱོ་བྲག་གི་བན་ཆུང་མང་པོ་བློ་ལོག་པར་ཁྲིད་པའི་ཞྭ་མོ་དགུ་བརྩེགས་དང་། བླ་མ་དགོན་པའི་ཞབས་འདྲེན་གྱི་ཉེས་པ་ཉོས་པ་ལས་གང་ཡང་མ་འཇོན།

མཆེད་པོ་མཁས་པ་ཚོས་གཞུང་འགྲེལ་ནས་ཆོ་གའི་བར་དུ་ངོ་མཚར་བའི་བསྟན་བཅོས་མང་དུ་བརྩམས་ཤིང་འཇིག་རྟེན་ཁམས་སུ་ལེགས་སྐྱེས་སུ་ཕུལ་དུས། ང་ནི་གང་སར་འཁྱམས་ཤིང་། གླུ་པ་ཕོ་མོ་ཤེས་མེད་མང་པོ་ལ་གླུ་ཚིག་རིན་མེད་ཤ་སྟག་བྲིས་ཤིང་གཡེངས། འཇིག་རྟེན་ལ་མཁོ་བའི་བྱ་བཟང་དང་། རང་ལ་འོས་པའི་ལས་ཀ་ཅི་ཡང་མ་འགྲུབ། ད་ཆར་མཆེད་པོ་རྣམས་པས་བརྩམས་པའི་གཞུང་འགྲེལ་དག་གོ་བ་ལོན་པ་ལྟ་ཅི་སྒྲ་དག་མོས་ཀློག་ཀྱང་དཀའ་བའི་གནས་སུ་ལྷུང་།

མཆེད་པོ་གཞན་དག་རི་ལ་བཞུགས་ཤིང་། སྒྲུབ་དཔོན་མཛད། སྒྲུབ་ཁང་བཞེངས། སྒྲུབ་པོ་ལ་འཚོ་བའི་ཡོ་བྱད་སྦྱར་བ་སོགས་ངོ་མཚར་དགེ་བའི་ཕྱག་ལས་དང་མཛད་འཕྲིན་ཉི་འོད་ལྟར་རྒྱས་དུས། འཁྱམ་པོ་ངས་རི་ལ་ཁང་པ་ལག་ངར་ཙམ་ཞིག་བཅས། ནང་ལ་བྱི་བའི་ཚང་མལ་དང་ཁ་ཟས་སུ་ཡིག་ཧྲུལ་ཡོད་ཚད་སྤུངས། རང་ཉིད་དབྱར་དགུན་ནོར་བའི་ས་མཐར་འཁྱར་བ་ལས། སྒོམ་སྒྲུབ་ལས་ཀ་ཅི་ཡང་མ་འཇོན།
ད་ཚོད་མཆེད་པོ་སྐྱ་སེར་གཞན་དག་ཚོས་མ་འོངས་པར་འཆར་གཞི། སྒྲིག་བཀོད། ཁེ་ལས། སློབ་གྲྭ་ནས་ཐོས་བསམ་སྒོམ་སྒྲུབ་དང་འགྲོ་ཕན་སོགས་ཀྱིས་མི་ཚེ་མང་པོའི་བྱ་བཟང་དང་། གནས་མཐར་ཀུན་ཏུ་དགེ་ལེགས་ཀྱི་གཞི་འདིང་བཞིན་པའི་སྐབས་སུ། ང་ནི་དེ་རིང་གི་ལྟོ་རྒྱབ་ལས། སྔ་བསམ་ཕྱི་འདིང་། བྱ་བ་འདི་དང་དམིགས་ཡུལ་གན་ཟེར་བ་ཅི་ཡང་མེད་པས། བསྟན་པ་འགྲོ་བའི་ལས་ནི་རི་ཆུ་སྟོང་གི་ཕར་ནང་ལ་ལུས་ཡོད།
ཐ་ན་གཉེན་ཉེ་ནང་མི་ཚོས་ས་ཕྱོགས་གང་དུ་ཡོད་ཡག་པོ་མི་ཤེས་པའི་འཁྱམ་པོ་ཡང་དག་པ་དེ་ནི་ཁོ་བོ་ཡིན་འདུག འདི་ཡང་དགའ་ཕྱོགས་དང་། ལས་དང་བག་ཆགས་ཀྱིས་ཡིན་ངེས། ཡིན་ནའང་། མིས་གླེང་ཕྱོགས་ཡག་བཙོག་ཇི་ལྟར་བགྱིས་པ་དང་། བགྱིད་པ། བགྱི་བར་ངེས་མོད། ཆོས་དང་མི་རིགས་ལ་ཞབས་འདྲེན་ཅི་ཡང་བྱས་མ་མྱོང་ལ། ད་དུང་བྱ་བརྩིས་ཀྱང་མེད། ཡིན་ངེས་ལམ་འདི་ལས་སྔར་ལྟར་ཤར་བསྐྱོད་ལས། བཅོས་བསྒྱུར་བྱ་ཐུབ་པའི་རེ་བ་ཡོད་པ་མི་འདྲ། རེ་དོགས་ཀྱང་མི་འདུག སེམས་ནི་ཧ་ཅང་གིས་སྐྱིད། འཆི་བའི་སྐབས་སུ་སྤུས་གཙང་གིས་འཆི་བ་ལས། ཆགས་ཞེན་དགོས་པ་འཇིག་རྟེན་ན་རྡུལ་ཙམ་ཡང་ལུས་རྒྱུ་མེད་པས། བློ་ནི་བདེ་བོ་རང་འདུག་གོ།། །།

2016 04 15

སྣ་ཚོགས།

Post navigation

Previous Post: རླིག་རྩའི་གཏེར་རྡོ་དང་དད་པ་ཞ་ར།
Next Post: ཆོས་སྐྱོང་བཀའ་ལུང་ལས་འཕྲོས་པའི་ཀ་བཤད།

Comments (1) on “ང་ལ་འཇོན་ཐང་ཅི་ཡང་མེད།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-04-15 at 10:26 am

    བྱ་རྡོ་ཐོག་ནས་འཕུར་བ་རང་རེད་འདུག་གདའ་་་་་་ངོ་མཚར་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme