Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་བོད་དོན་སྐོར་ཀྱི་གློག་བརྙན་འཁྲབ་འདོད་ཡོད།

Posted on 2013-09-062013-09-06 By ཁ་བརྡ་ 5 Comments on ང་ལ་བོད་དོན་སྐོར་ཀྱི་གློག་བརྙན་འཁྲབ་འདོད་ཡོད།

མཁོ་སྤྲོད་པ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།

༤ གཙོ་ཁྲབ་མ་གྲགས་ཅན་ Ileana D’cruz  གཙོ་ཁྲབ་མ་གྲགས་ཅནལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་བྷོན་བྷེ་ནས་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་ཁག་ཅིག་དང་མཇལ་ནས་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བའི་ལས་འགུལ་སྤེལ་བ་ནི།  ཚེས་༣༠་ཉིན་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་( firoz nadiadwala )  ཕྷི་རོ་རྫ་ན་དྲི་ཨ་རྡ་བ་ལ་མཆོག་དང་མཇལ།  ཁོང་གིས་ང་ཚོ་འདི་ལྟར་བསྡོད་རྒྱུ་མི་འདུག བོད་དོན་ཆེད་དུ་ཅིག་བྱེད་དགོས་ཀྱི་འདུག ལྷག་པར་དུ་རྒྱལ་སྤྱིའི་ཁ་གྲགས་དགོས་ཀྱི་འདུག་ལ་ང་ཚོས་ཁ་གྲགས་པ་ཅིག་བཟོ་དགོས་ཀྱི་འདུག་སོགས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་པ་དང་།  ཁོང་དང་མཉམ་དུ་ཀ་ན་ཀྲ་ཀའི་གློག་བརྙན་གཙོ་འཁྲབ་མཁན་བུ་མོ་( Lakshmi Rai ) ལེགས་ཞི་མི་ར་ཡེ་དང་མཇལ།  
ཚེས་༣༡ ཉིན་གློག་བརྙན་འཁྲབ་མཁན་( Anupam Kher )ཨ་ནུ་པམ་ཁེར་མཆོག་དང་མཇལ་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་གསུངས་པ་དང་།  ཁོང་གིས་འཁྲབ་བཞིན་པའི་གློག་བརྙན་(Me Tera Hero)ང་ཁྱེད་རང་གི་དཔའ་བོ་ཞེས་པ་འཁྲབ་སར་ཕེབས་དགོས་པར་གསུངས་པ་ལྟར་སོང་།  དེར་གློག་བརྙན་གཙོ་འཁྲབ་མཁན་བུ་( Varun Dhawan )ཝ་རུན་དཱ་བན་མཆོག་དང་།  གཙོ་འཁྲབ་གྲགས་ཅན་བུ་མོ་( Ileana D’cruz )ཨི་ལི་ན་དྲིས་ཀུ་རུ་ས།  གཙོ་འཁྲབ་གྲགས་ཅན་བུ་མོ ( Rajpal Yadav )ར་ཇ་པལ་ཡ་ད་བེ་ཁོང་ནི་བོད་ཀྱི་རྒྱ་དར་འཕྱར་ནས་ཞབས་བྲོ་འཁྲབ་ཡོད་པའི་གློག་བརྙན་( Nargis Fakhri )ནར་གི་སི་ཕྷ་ཀ་རིའི་གཙོ་འཁྲབ་མ་ཡང་ཡིན།  དགོད་གཏམ་ཁྲབ་མཁན་( Fakhri Nargis )ཕྷཁ་རི་ནར་སྒི་སི་བཅས་འཁྲབ་སྟོན་པ་ཁག་ཅིག་འདུག་པ་དང་མཇལ་ནས་བོད་དོན་སྐོར་སྤྱི་དང་རྒྱ་ནག་གི་སྡུག་སྦྱོང་འོག་གི་བོད་མིའི་དཀའ་ངལ།  ལྷག་པར་སྐུ་ལུས་མེ་སྲེག་སྐོར་ངོ་སྤྲོད་ཞུས་སྐབས་ཁོང་རྣམས་ཀྱི་ཚོར་ཤུགས་ཆེན་པོའི་རྒྱབ་སྐྱོར་ཡོད་པར་གསུང་བར་མ་ཟད།  བོད་དོན་སྐོར་ལ་གློག་བརྙན་འཁྲབ་འདོད་ཡོད་པ་དང་འཁྲབ་ངེས་ཡིན་པར་གསུངས།  ང་ཚོས་ཀྱང་ཁྱེད་རྣམས་ཀྱི་འཁྲབ་པའི་གློག་བརྙན་ལ་ངང་སྒུག་བྱེད་ཀྱི་ཡིན་ཞེས་ཞུས།   ༦ ཁྲབ་ཁྲིད་པ་firoz nadiadwala   དང་།གཙོ་ཁྲབ་མཁན་བུ་མོ་ Laks

ཚེས་༣་ཉིན་གཟེངས་རྟགས་གྲགས་ཅན་དུ་མ་ཐོབ་མྱོང་མཁན་འཁྲབ་ཁྲིད་པ་དང་མཁས་དབང་( Shyam Benega ) ཤ་བམ་བེ་ནེ་གལ་མཆོག་དང་མཇལ། ཁོང་བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པར་མ་ཟད་གང་མྱུར་རྡ་སར་ཕེབས་རྒྱུ་ཡིན་པར་གསུང་བྱུང་། དེའི་རྗེས་ལ་གཙོ་འཁྲབ་པ་གྲགས་ཅན་བུ་( Vivek Oberai )བི་བེཀ་ཨོབེ་ར་ཡེ་མཆོག་དང་མཇལ། ཁོང་བོད་དོན་ཐོག་ལ་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད།  ༸གོང་ས་མཆོག་གི་ཆེད་དུ་ངས་ག་རེ་བྱེད་དགོས་ཀྱང་བྱེད་ཀྱི་ཡིན།  ག་རེ་བྱེད་དགོས་ན་ང་ལ་གསུང་རོགས་ཞུ་ཅེས་གསུང་བྱུང་།

༧ ཨ་མི་རི་ཁའི་བཟའ་ཟླ་Kiran Raoཚེས་༤ཉིན་གཙོ་འཁྲབ་པ་ཨ་མི་རི་ཁན་ལགས་འཁྲབ་སྟོན་ཞིག་གི་ཆེད་ཕྱི་རྒྱལ་ལ་འགྲོ་དགོས་པས་ཁོང་གི་བཟའ་ཟླ་འཁྲབ་ཁྲིད་པ་( Kiran Rao )ཀི་རན་ར་འོ་མཆོག་དང་མཇལ།  མོས་ཁོོང་གི་བཟའ་ཟླས་ཁྱེད་རྣམས་ལ་གནས་ལེན་དགོས་པའི་མངགས་བྱ་གནང་བྱུང་གསུངས་པ་དང་།  སྐུ་ལུས་མེ་སྲེག་གནང་བའི་དཔའ་བོ་དཔའ་མོ་ཚོའི་སྐུ་པར་དང་ལོ་རྒྱུས་མཇལ་དུས་མིག་ཆུ་ལོང་ལོང་དུ་འཁོར་བཞིན་རྒྱ་ནག་ལ་ཚོར་བ་གང་ཡང་མེད་པ་ག་རེ་ཡིན་ནམ།  ལོ་གཞོན་དེ་འདྲ་མང་པོ་གང་དྲག་གསུངས་པ་དང་། ང་བོད་དང་བོད་མི་ལ་རྒྱབ་སྐྱོར་དང་གདོང་སེམས་མཉམ་བསྐྱེད་ཡོད་གསུངས་པ་སོགས་སྒྱུ་རྩལ་ལས་རིགས་ཀྱི་གྲགས་ཆེན་མི་སྣ་ཚོས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག

གསར་འགྱུར།

Post navigation

Previous Post: ཆབ་སྲིད་དང་ང་།
Next Post: སྦྲགས་སྐད་རྒྱུན་སྐྱོང་བྱེད་པའི་ཕྱི་སྡོད་བོད།

Comments (5) on “ང་ལ་བོད་དོན་སྐོར་ཀྱི་གློག་བརྙན་འཁྲབ་འདོད་ཡོད།”

  1. དྲན་དཀར་དཔལ་ཡོན་ says:
    2013-09-06 at 11:31 am

    བཀའ་དྲིན་ཆེ་ལགས། ཐབས་ཤེས་འདི་འདྲ་མི་སྒེར་ཆེད་དུ་སྤྱོད་ཀྱིན་ཡོད་པ་སྔོན་ནས་མཐོང་མྱོང་མོད། བོད་མི་ཡོངས་ཀྱི་ཆེད་དུ་སྤྱོད་པ་མཐོང་དཀོན་སེ་བྱུང་ཤིན་ཏུ་ནས་བཀའ་དྲིན་ཆེའོ།

  2. བཀྲ་ཤིས་དོན་འགྲུབ། says:
    2013-09-06 at 11:53 am

    ངོ་མ་སྙིང་ཐག་པ་ནས་རྗེས་སུ་ཡིད་རངས་ཞུས་པ་ཡིན། བློ་ཕམ་པ་ཞིག་ལ་ Aamir Khan གྱི་བརྡ་ལན་དེ་ཉན་མ་ཐུབ་པར་བློ་ཕམ་ཏོག་ཙམ་བྱུང་། ཁོང་ནི་ Bolly Wood གྱི་ལོ་རྒྱུས་ནང་འགྲོ་མིའི་བདེ་སྡུག་ལ་གདུང་སེམས་འཆང་མཁན་གྱི་དོན་གྱི་སྒྱུ་རྩལ་པ་གཅིག་པུ་དེ་ཡིན་ལ། ལྷག་པར་དུ་ང་ལ་ཆ་བཞག་ན་རྒྱ་གར་གྱི་གློག་བརྙན་གྱི་ཁྲོད་ནས་ཁོང་གི་གློག་བརྙན་ལས་གཞན་བལྟ་འདོད་ཙམ་ཡང་སྐྱེ་ཡིན་མི་འདུག་པས། ཁོང་གིས་བོད་དོན་གྱི་ཆེད་དུ་སྐད་ཆ་ཚིག་གཅིག་ལས་མ་བཤད་ན་ཡང་དེ་ནི་ང་ལ་མཚོན་ན་རྩ་ཆེན་ཞིག་ཡིན།

  3. འཇམ་གཅེས། says:
    2013-09-06 at 12:19 pm

    འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ད་དུང་ཤུགས་སྔར་ལྷག་རྒྱག་གནང་རོགས།

  4. ཉི་ནུབ says:
    2013-09-06 at 1:10 pm

    བོད་དོན་བདེན་མཐའ་དུས་ཀྱིས་སེལ་གི་རེད་རྒྱ་གར་གྱི་ནམ་ཡང་སེལ་ཀྱི་མ་རེད་སྤྱི་འཐུས་ཚོ་དངུལ་ཆུ་ཟས་ལ་མ་གཏོང་།མི་སྐྱོ་བོ་ལ་རོགས་པ་བྱས་རྒྱ་གར་ལ་ཡོད་པའི་བོད་པ་ཚོ་ཕྱོགས་གང ནས་ཚགས ཚུད་པོ་དང་དཀའ་ངལ་མེད་པ་ཡིན་ན་བདེན་མཐའ་ས་པ་དང་གཅིག་པ་རེད་

  5. ཨ་ནུ་ཐང་བསོད་ནམས། says:
    2013-09-12 at 4:00 am

    དེ་འདྲ་འཁྲབ་ཐུབ་ན་དངོས་གནས་ཡག་པོ་འདུག ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme