Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག

Posted on 2016-04-292016-04-29 By ཁ་བརྡ 9 Comments on  ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག

སྙེ་ལྷའི་ཐུགས་སྲས།

 
གནའ་མའི་གཏམ་དཔེར། ང་རྒྱལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བའི་གཏན་ཚིགས་འདི་ང་ཚོ་སུས་ཀྱང་བརྗེད་མི་ཉན། གཏན་ཚིགས་དེས་ང་ཚོ་མི་གཞི་ཚུལ་ལྡན་ཞིག་ཏུ་བསྒྲུབ་པའི་སྒྲུབ་བྱེད་རྣལ་མ་ཞིག་བྱེད་ཐུབ། ང་ཅིག་མིན་ན་སུ་ཅིག་ཡིན་སྙམ་པའི་རང་རློམ་ཆེན་པོ་འདི་འཁུར་ནས་སྤྱི་ཚོགས་ཞིག་གི་ནང་སྣེ་ཁྲིད་བྱེད་མཁན་ཁྱེད་ཀྱིས་གཞན་ལ་མཐོང་ཆུང་དང་ཁྱད་གསོད། ལྟོས་མེད་ངང་གནས་ཚུལ་གང་ཞིག་ཏུ་ཐག་བཅད་ཤག་ཤག་དང་གཞན་གྱི་བསམ་ཚུལ་དང་དགོངས་འཆར་ཀུན་ལ་བརྩི་མཐོང་མེད་པར་ཟུར་ཟ་དང་ཁྲེལ་དགོད་ངང་སྤྱི་དོན་རང་ཐག་རང་གཅོད་བྱེད་པའི་ང་རྒྱལ་འདིས་ཁྱེད་རང་ཉིད་མི་གྲལ་ནས་ཁྱི་གྲལ་ལ་འབུད་བཞིན་ཡོད།

རང་ཉིད་དང་བསམ་ཚུལ་མི་མཐུན་པ། ལྟ་བ་དང་ལངས་ཕྱོགས་མི་གཅིག་པ། རང་གི་སྣང་བ་ལ་འཐད་པོ་མིན་པའི་མི་ཞིག་གི་སྤྱི་དོན་ལ་འབད་པའི་ལྷག་བསམ་ལ་སྣང་ཆུང་དང་སྤྱི་ཕན་གྱི་ལས་དོན་གང་ཞིག་བརྩམས་ཀྱང་ངོ་རྒོལ་ལས་མཐོང་ཆེན་མི་བྱེད་པའི་གཡབ་ཆུང་དང་། སྐྱོན་འཚོལ་བྱེད་པའི་ང་མཁས་ང་འཇོན་སྒྲུབ་པའི་ང་རྒྱལ་འདིས་ཁྱེད་རང་ཉིད་མི་གྲལ་ནས་ཁྱི་གྲལ་ལ་འབུད་བཞིན་ཡོད། ཐུན་མོང་གི་དཀའ་སྤྱད་ལས་བྱུང་བའི་ལེགས་ཚོགས་ཀྱི་བྱ་བཞག་ཀུན་རང་ཉིད་ཀྱིས་འཇོན་རབས་དང་རང་ཉིད་ཀྱི་བཏང་རབས་བཤད་ནས་ས་འཕྱར་གནམ་འཕྱར་ངང་རང་ཉིད་མཐོར་བསྙེགས་ཀྱི་གྲགས་པ་བཙལ་འཚོལ་བྱེད་པའི་ང་རྒྱལ་འདིས་དོན་དངོས་ཐོག་རང་ཉིད་ཀུན་གྱི་སྣང་ངོར་མི་སྤགས་གྱོན་པའི་ཁྱི་ཞིག་ཡིན་པར་ར་སྤྲོད་བྱས་པ་ཞིག་ཡིན།

རང་ཉིད་གནམ་བསྐོས་ཀྱི་འགོ་པ་ཞིག་ཡིན་སྙམ་པའི་ང་རྒྱལ་འདིས་རང་འོག་གི་ལས་དོན་གང་ཞིག་ཏུ་འཕྱར་གྲུ་མཉམ་འདེགས་གནང་མཁན་གྱི་མི་སྣ་དེས་ནོར་འཆུག་ཏོག་ཙམ་གྱི་ཆེད་དུ་ཁ་གདངས་སྣ་གཉེར་ངང་ངན་སྨད་དང་ངན་གཤེ་གང་བྱུང་གང་ཐོན་བྱེད་པའི་གཡང་ནོར་ལ་རྡོག་ཐོ་ཞུ་བའི་དཔེ་བཞིན་ཆེན་པོར་རློམ་པ་ཁྱེད་ཀྱི་ང་རྒྱལ་འདིས་རང་ཉིད་སླར་ཡང་མི་གྲལ་ནས་ཁྱི་གྲལ་ལ་གཡུག་བཞིན་ཡོད། སྔར་སོང་རྫ་མ་གཅིག་ནས་ཟས་མཉམ་ཟས་དང་ཁྲོན་པ་གཅིག་ནས་ཆུ་མཉམ་འཐུང་བྱས་མྱོང་བའི་མི་ཞིག་ལས་དབང་གིས་བྲལ་ནས་དེ་རིང་ཁྱེད་ཀྱི་འགྲམ་ཏུ་དཀའ་ངལ་ཅི་ཞིག་ལ་རེ་བ་ཞུ་རུ་ཡོང་དུས། ཁྱེད་ཀྱིས་ཁྱད་གསོད་དང་སྣང་ཆུང་ངང་དང་ལེན་བྱེད་རྒྱུ་ལྟ་ཞོག མི་འདི་རྒྱབ་ལོགས་པ་དང་ངན་པ་གནམ་འཕྱར་བྱེད་བཞིན་མི་དེའི་སྐྱོན་གནད་འབའ་ཞིག་ལ་མཛུབ་མོ་བཙུགས་ནས་གཞན་ལ་མིག་དཔེ་སྟོན་པའི་ཚུལ་གྱིས་ངན་བཤད་བྱེད་པའི་ང་རྒྱལ་འདིས་རང་ཉིད་མི་གྲལ་ནས་ཕུད་ཟིན་པའི་ཁྱི་གུ་ཆུང་ཆུང་འདི་རང་ཡིན་པའི་ཟུག་ངོམ་བྱེད་བཞིན་ཡོད།

གནས་ལུགས་དང་རྒྱུ་མཚན་ལ་མི་བལྟ་བར་ཨུ་ཚུགས་དང་ཧམ་པ་ཁོ་ནས་མཐའ་གཅིག་ཏུ་རང་ལ་ཡོད་པའི་དབང་ཤུགས་ངོམ་ནས་གཞན་དེའི་དོན་མཐུན་དོན་ཡོད་ཀྱི་སྐད་ཆ་རྣམས་རྣ་རྒྱབ་ཀྱི་ལྷག་པར་བསྐུར་ནས་མཐའ་གཅིག་ཏུ་རང་གིས་གང་བཤད་པ་རྣམས་དང་ལེན་བྱེད་བཅུགས་པའི་ང་རྒྱལ་འདིས་རང་ཉིད་མི་སྤགས་གྱོན་པའི་ཁྱི་རྒན་བཙན་པོ་ཞིག་ཡིན་པ་ཀུན་ལ་ཤེས་སུ་བཅུགས་ཀྱིན་ཡོད། དེས་ན་ཁྱེད་ཉིད་མི་རྣལ་མ་ཞིག་བྱེད་འདོད་ན་ང་རྒྱལ་ལ་འབྲེལ་འདྲིས་མི་གནང་རོགས།།

བསམ་ཚུལ།

Post navigation

Previous Post: རྒྱའི་རྒྱལ་པོ་ཞིག་ཕྱིས་སུ་བོད་ཀྱི་ལོ་ཆེན་དུ་གྱུར་པ་ཁྱེད་ཀྱིས་ཤེས་སམ།
Next Post: ཨ་ཁུ་འབྲོག་པས་སེ་འབྲས་དགའ་གསུམ་ལ་བཀའ་བསྩལ་པ།

Comments (9) on “ ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག”

  1. ཨ་ཁུ་འབྲོག་པ། says:
    2016-04-29 at 7:18 am

    སྙེ་ལྷའི་ཐུགས་སྲས་ལགས། དོན་ལ་དེ་རང་རེད། འོན་ཀྱང་དཔེ་སྦྱོར་ས་དེ་ཅུང་མ་འགྲིག་ན་ཐང་། ཅི་ཕྱིར་ཞེ་ན། དེང་སང་ཁྱི་ལ་ཡོན་ཏན་ཡོད་རེད་དོ། མིས་མི་འཇོན་པ་རྣམས་ཁྱིས་བྱེད་ཀྱི་ཡོད།

  2. ཁ་བ་རི་བ says:
    2016-04-29 at 8:47 pm

    ཨ་ཁ་འབྲོག་པ།དོན་ལ་དེ་རང་ཡིན་པ་ང་ཚོ་བོད་རྒྱ་ཆེ་མི་དམངས་ཀྱི་ངོས་ལེན་ཞུ་ཐུབ་ས་མ་རེདོ་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-04-30 at 12:46 am

    མི་སེམས་བསད་རང་སེམས་དཀྲུགས་རྒྱུའི་སྐད་ཆ་རང་རེད་
    བོད་པ་ཚང་རང་མིང་གྲགས་ལ་མཁས་ཐི་དེང་སང་མི་གི་
    བྱེད་མ་ཐུབ་པ་དོ་ཚོ་ཁྱི་གི་བྱེད་ཀྱི་འདུག་ག་ཁྱི་ལ་མཐོང་
    ཆུང་ནམ་ཡང་བྱེད་མི་ཉན་།

  4. ཅང་ཤེས་རྟ་མཆོག says:
    2016-04-30 at 12:47 am

    སྲིད་སྐྱོང་སློབ་བཟང་སངས་རྒྱས་ལ་ཁྱི་རང་ད་མ་ལབ་བ་ན་ཡག་མོ་མགུ

  5. ཀརྡོ་གཉེར་ཕྱག་པ་་ says:
    2016-04-30 at 4:31 am

    ་་་་་་་་ཁྱི་གི་བྱེད་ཀྱི་འདུག་་་་་་་
    འདི།
    ཁྱི་ཡིས་བྱེད་བགྱིད་འདུག བྱུང་ན་ཨང་།། །།

  6. ཁྱུང་སེ། says:
    2016-04-30 at 4:54 am

    ༼ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག༽
    ཁ་བྱང་ལ་དེ་ལ་བལྟས་ན་ང་རྒྱལ་ཡོད་པར་ཐག་ཆོད། དེ་མིན་ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག་ཅེས་གོ་རྒྱུ་མི་འདུག ང་རྒྱལ་མི་བྱེད་པར་བསམ་བློ་ཡག་པོར་བཏང་ནས་གཞན་ལ་སྐྱོན་བརྗོད་བྱེད་ན་ལེགས།

  7. ཁྱུང་སེ། says:
    2016-04-30 at 4:55 am

    ༼ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག༽
    ཁ་བྱང་་དེ་ལ་བལྟས་ན་ང་རྒྱལ་ཡོད་པར་ཐག་ཆོད། དེ་མིན་ང་རྒྱལ་གྱིས་མི་གཟུགས་ལ་ཁྱི་མགོ་མངོན་གྱིན་འདུག་ཅེས་གོ་རྒྱུ་མི་འདུག ང་རྒྱལ་མི་བྱེད་པར་སྔོན་ཚུད་ནས་བསམ་བློ་ཡག་པོར་བཏང་ནས་གཞན་ལ་སྐྱོན་བརྗོད་བྱེད་ན་ལེགས།

  8. ཨ་ཁུ་འབྲོག་པ། says:
    2016-04-30 at 3:02 pm

    འདི་ང་རྒྱལ་ཅན་ཚང་མར་གོ་དགོས་པ་ལས། མི་གཅིག་ལ་གོ་བླང་ན་གོ་བ་ལེན་མཁན་ཁོ་རང་གིས་གནོངས་ངོས་ལེན་བྱས་པར་གྱུར་ཏོ། །

  9. སྙེ་ལྷའི་ཐུགས་སྲས། says:
    2016-05-01 at 12:58 am

    གཅེས་སེམས་ཅན་གྱི་ཆོལ་གསུམ་སྤུན་ཟླ་ཚོ་རྩོམ་འདི་གང་ཟག་བྱེ་བྲག་པ་ཞིག་ལ་དམིགས་ནས་བྲིས་པ་དེ་འདྲ་རྩ་བ་ནས་མིན། ལྷག་དོན་མི་རྗེ་བློ་བཟང་སེང་གེ་ལ་དེ་བས་ག་ལ་ཞུ་ཐུབ། འདི་ནི་ཐུན་མོངས་ང་ཆེ་ང་བཙན་སྙམ་པའི་ང་རྒྱལ་ཅན་གྱི་མི་སྣ་ཀུན་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme