Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་རང་ཡང་ལུང་ཟིན་གྱི་སྐྱེས་བུ་ཞིག་རེད་འདུག

Posted on 2013-08-20 By ཁ་བརྡ་ 8 Comments on ང་རང་ཡང་ལུང་ཟིན་གྱི་སྐྱེས་བུ་ཞིག་རེད་འདུག

གྲིབ་གཟུགས།

ངའི་མིང་ནི་ཚད་མའི་སྐྱེས་བུ་རྣམས་ཀྱིས་མཛད་པའི་བཀའ་མདོ་རྒྱུད་བསྟན་བཅོས་ཙམ་གྱིས་མ་ཚད་འདོན་ཆོག་ཁག་ནང་དུའང་མི་ལྟ་བསམས་ནའང་ནར་ནར་དུ་ཐོན་གྱི་འདུག དེ་དག་གི་མཚན་གཞི་ཙམ་འཇོག་ན། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།།འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་དང་། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི།། ཞེས་དང་། དངོས་པོའི་ཆོས་ཉིད་ལ་ནི་ནམ་ཡང་འགྱུར་བ་མེད་དོ།། ཞེས་དང་། འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་འདྲ།། དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད།། ཅེས་དང་། འགྱུར་མེད་ཆོས་སྐུའི་དབྱིངས་ལ་མ་གཡོས་ཀྱང་།། ཞེས་པ་ལྟ་བུ་སོགས་བྲིས་ན་རེ་རེ་ནས་འབྲི་ཚོད་མི་འདུག་གོ། རང་རེའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཏུ་སྐྱེས་བུ་གང་དེ་ལུང་གིས་ཟིན་སྟངས་ནི་ལུང་དེར་མི་དེའི་མིང་གི་ཟུར་ཙམ་སྨོས་ཡོད་པ་དེ་ག་རང་གི་གོ་གང་འཚམ་ཆོད་ཀྱི་ཡོད། དེ་ལྟར་བསམས་ན་ང་རང་ཡང་བཀའ་མདོ་རྒྱུད་བསྟན་བཅོས་དང་བཅས་པ་ནས་ལུང་དུ་བསྟན་པ་གྲངས་དུ་མི་ལང་ནའང་། ངས་དེ་ལ་ཡ་བྱེད་རྒྱུ་ཕར་ཞོག འབྲེལ་མེད་དོན་གཞན་དང་ར་མགོ་ལུག་སྦྱར་གྱི་དོན་དག་ཅིག་ཏུ་ངོས་བཟུང་བ་ཡིན།

ཡིན་ནའང་དེ་རིང་ང་རང་ངོ་མ་ལུང་གིས་ཟིན་ཡོད་པར་ངོས་ལེན་མི་བྱེད་ཐབས་མེད་བྱུང་སོང་། ལུང་དེ་ནི་གཞན་སུས་ཀྱང་གསུངས་པ་མིན་པར་ཐད་་ཀར་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་གིས་གསུངས་འདུག ལུང་དེའི་དོན་དག་རེ་རེ་ལ་བསམ་དུས་ལུང་དེས་ང་རང་ཕྱི་གསལ་ནང་གསལ་གྱིས་ལུང་བསྟན་བྱས་འདུག་ལ་ཡང་སྲིད་ནང་ནས་ཀྱང་ཡང་སྲིད་ངར་ཐག་ཆོད་ཅིག་ཡིན་པར་ར་སྤྲོད་བྱས་འདུག
ཁྱེད་ཚོས་འོག་གི་ལུང་འདིས་ཁོ་བོ་ལུང་གིས་བཟུང་ཡོད་མེད་ལ་དཔྱད་པ་གཏོང་རོགས། གལ་ཏེ་ལུང་གིས་ཟིན་ཡོད་ན་ནི་ང་རང་ཡང་དཀའ་ལས་ཞེ་དྲག་རྒྱག་མི་དགོས་པར་འཚོ་བ་སྐྱེལ་ཆོག་པའི་ཡང་སྲིད་ཅིག་ཏུ་ངོས་ཟུངས་རོགས། གལ་ཏེ་ཁྱེད་ཚོས་ང་རང་ཡང་སྲིད་ཡིན་པར་ཐག་ཆོད་ཚེ་ང་ལ་མིང་གཞན་འདོགས་མི་དགོས། ཡང་སྲིད་ཀྱི་མཚན་ལ་འགྱུར་མེད་རིན་པོ་ཆེ་ཞེས་བོས་ན་ད་ག་རང་གིས་འགྲིག་ཡོད་པར་དགོངས་འཇག་འཚལ།
ལུང་ཚིག་འདི་རེད།
འདུལ་བ་ལུང་ལས།
གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར།།
སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས།།
རང་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན།།
ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན།།
ཞེས་གསལ་གསལ་ཐིང་ཐིང་གིས་འགྱུར་མེད་ལུང་དུ་བསྟན་ཏོ།།

སྣ་ཚོགས།

Post navigation

Previous Post: རྩོམ་ཐུང་འདིའི་སྣར་མ་བརྟན་པའི་ཉི་འོད།
Next Post: ཕུལ་དུ་བྱུང་བ་ནི་གོམས་གཤིས་ཤིག་ཡིན།

Comments (8) on “ང་རང་ཡང་ལུང་ཟིན་གྱི་སྐྱེས་བུ་ཞིག་རེད་འདུག”

  1. བན་དེ་བ། says:
    2013-08-20 at 9:47 am

    གྲིབ་གཟུགས་ལགས་ཁྱེད་ཀྱི་མཚན་ནི་་་་་གྲིབ་གཟུགས་ཡིན་ཅིང་་་་འོག་གི་ལུང་རྣམས་ལས་གྲིབ་པ་དང་གཟུགས་ཞེས་གསལ་མི་འདུག་ངས་ཁྱེད་རང་ལུང་དུ་བསྟན་པའི་ཡང་སྲིད་ཀྱི་སྐྱེས་བུ་ཞིག་ཏུ་ངོས་ལེན་ཞུ་ཐུབ་ས་མ་རེད།

  2. དགེ་འདུན་རྒྱ་མཚོ། says:
    2013-08-20 at 10:28 am

    རེད་རེད།
    ལུང་བསྟན་དེ་ཁྱོད་ལ་བཤད་ཡ་ཡིན་ས་རེད།
    གཞན་པ་ཞིག་ལ་སྦྱར་ས་འགྲོ་གི་མི་འདུག
    ངས་ཀྱང་ཁྱོད་དེ་འདྲ་ཞིག་རེད་བསམ་སོང་།
    ཧ་ཧ་ཧ།

  3. དབྱངས་ཅན་འབངས། says:
    2013-08-20 at 10:38 am

    ཁྱེད་རང་གི་མཚན་ལ་ “་གྱུར་མེད་” ཡིན་ན་ལུང་གིས་ཟིན་འདུག “འགྱུར་མེད་” ཡིན་ན་ལུང་གཞན་པ་ཞིག་འཚོལ་རོགས།་འདིས་ཕན་ཐོགས་ས་མ་རེད།

  4. གྲིབ་གཟུགས། says:
    2013-08-20 at 12:05 pm

    ཁྱེད་ཚོར་གོ་ནོར་ཐེབས་པར་ཁག་མེད། བདག་གི་སྨྱུག་མིང་ལ་གྲིབ་གཟུགས་དང་། དངོས་མིང་ལ་འགྱུར་མེད་དུ་འབོད་པ་ཡིན།

  5. ཨ་ཕྱི་ཆོས་སྒྲོན says:
    2013-08-20 at 7:48 pm

    བོན་ཉིས། གྲིབ་གཟུགས་ལགས་ཁྱེད་ཀྱི་མཚན་ནི་་་་་གྲིབ་གཟུགས་ཡིན་ཅིང་་་་འོག་གི་ལུང་རྣམས་ལས་གྲིབ་པ་དང་གཟུགས་ཞེས་གསལ་མི་འདུག་ངས་ཁྱེད་རང་ལུང་དུ་བསྟན་པའི་ཡང་སྲིད་ཀྱི་སྐྱེས་བུ་ཞིག་ཏུ་ངོས་ལེན་ཞུ་ཐུབ་ས་མ་རེད། ཟེར་། མིང་ཟིན་ན་ངོས་ལན་ཐུབ་བམ། གལ་ཏེ་ངོས་ལེན་ཐུབ་ན་བོན་རིན་པོ་ཆེ་གཏེར་ལས་ཁྱོད་ཀྱང་མིང་གི་ལུང་གསལ་བོ་ཟིན་འདུག དེ་ཡང་་་་་བོན་གཤེན་ཆོས་སུ་སྨྲ་ནུས་ཚེ། །བོད་མིའི་ཁོག་ཏུ་འདྲེ་རེ་ཞུགས། །སྐྱེས་པའི་ཁོག་ཏུ་ཕོ་འདྲེ་ཞུགས། །བུད་མེད་ཁོག་ཏུ་མོ་འདྲེ་ཞུགས། །བན་དེའི་ཁོག་ཏུ་གདོན་འདྲེ་ཞུགས། །བན་དེ་སྡུག་པའི་དུས་ལ་བབས། །བོན་ལ་སྐྱིད་པའི་ཉི་མ་ཤར། །གཏད་སོ་མེད་པའི་ཆོས་ཞིག་སྤེལ། །འཛིན་མཚམས་མེད་པའི་ཆོས་ལུགས་དར། །བརྒྱུད་པ་མེད་ལ་རྫོགས་ཆེན་འུར། །ནང་ཆོས་ཁུངས་མེད་ལུང་མེད་བཟོ། །ནམ་མཁར་ནོར་བུའི་ཆར་པ་འབབ། །རི་བོང་མགོ་ལ་རྭ་ཅོ་སྐྱེ། །མོ་ཤམ་བུ་མོ་མནའ་མར་འགྲོ། །རུས་སྦས་སྤུ་ལ་གཡུང་དྲུང་འཁྱིལ། །བར་སྣང་ཁམས་སུ་མེ་ཏོག་བཞད། །སོགས་ཁས་ལེན་ནུས་སམ། དེ་རིགས་སྨན་རིའི་གསང་ཁང་ནང་དུ་མང་པོ་འདུག་གོ །

  6. བསམ་ཤེས། says:
    2013-08-20 at 11:24 pm

    འདིར་ཆགས་སྡང་གི་སྐད་ཆ་མང་པོ་ཡོང་བཞིན་འདུག དེས་རང་གཞན་ཚང་མར་སེམས་ལ་དུག་ལྟ་བུའི་ནད་ཕོགས་ནས་བཤད་ཚད་བྲིས་ཚད་ཉོན་མོངས་ཀྱི་དབང་ལ་འགྲོ་བཞིན་འདུག དེར་རྟེན་དྲན་གསོ་ལྟ་བུར་གནོད་སེམས་ཀྱི་སྐྱོན་ཏོག་ཙམ་ཞུས་ན།  སྟོང་ཉིད་དང་བྱང་སེམས་སྐོར་མང་པོ་མི་ཤེས་རུང་། སྡང་སེམས་འདི་གཞན་ལ་མི་གནོད་པར་རང་གི་དགེ་རྩ་འཇོམས་པར་བྱེད་པའི་གཤིན་རྗེ་ངོ་མ་ཞིག་ཡིན་པ་ནང་པའི་བླ་མ་ཀུན་གྱི་གསུངས་སྟབས། གཞན་ལ་སྡང་པ་དེས་ཕ་རོལ་ལ་གནོད་མི་གནོད་ཐེ་འཚོམས་སུ་གྱུར་ཀྱང་། ངེད་ཁ་བརྡ་བའི་མཆན་པོ་ཚོ་ལ་གནོད་པ་འདི་ལ་རྩོད་པ་མེད་པས། ལྷན་རྒྱས་ལ་སེམས་གུ་ཡངས་ཙམ་གནང་རོགས་ཞུ་བ་ལགས།

    ངས་ཁྱེད་ལ་ཐུགས་བག་ཡངས་ཙམ་ཡོང་ཆེད་དངོས་བྱུང་གི་སྒྲུང་ཞིག་བཤད་ཆོག སྔོན་མ་ང་ཚོའི་ལུང་པར་སློབ་གྲྭའི་དགེ་རྒན་འགྲན་རྩོད་ལ་སྐྱག་ལངས་ཤོར་བ་མིང་ལ་ཨ་དབྱངས་ཟེར་བ་ཞིག་ཡོད་པ་དེས། གཞན་ལ་རྟག་ཏུ་འགྲན་རྩོད་དང་སྡིག་སེམས་ཁོ་ན་བཅངས། འོན་ཀྱང་མོའི་རྒྱབ་ལ་སྐབས་དེ་དུས་ཁོ་མོས་རྟག་ཏུ་སྤྲེལ་ལད་ཤོད་ཡུལ་དང་རྐུབ་ལྡག་ཡུལ་གྱི་དབུ་འཛིན་བུད་མེད་ཚེ་དཔག་ཟེར་བ་ཅིག་ཡོད། དེའི་བཀའ་དྲིན་ལ་བརྟེན་ནས། ཁོ་མོ་སློབ་གྲྭའི་ནང་ལ་གོ་གནས་ཕྲན་བུ་ཞིག་ཐོབ་ཡོད་པ་དང་། དགེ་རྒན་གཞན་གྱིས་མོ་ལ་ཁ་ཡ་བྱེད་མ་ཕོད། 

    འོན་ཀྱང་ཨ་དབྱངས་ཀྱིས་ཁོ་མོའི་མགོན་སྐྱབས་ཀྱི་དགེ་རྒན་དེ་ལ་ཡང་ལྐོག་ཏུ་འགྲན་རྩོད་དང་ཕྲག་གདོག་བཅངས། ཉིན་ཞིག་མོ་ལ་ཚ་བའི་ནད་ལྕི་བོ་ཞིག་ཕོག སྨན་ཁང་ནང་ལ་བསྐྱལ་ནས་དགེ་རྒན་རེས་མོས་ཀྱིས་མཚན་མོ་མོ་ལ་ལྟ་རྟོག་བྱས། ཨ་དབྱངས་ཚ་བ་སྦར་བའི་སྐབས་ལ། ཁ་ནས་གང་བྱུང་ཐོན་པ་དང་། ལྷག་པར་དུ་ཁ་ནས་མང་ཤོས་འཐོན་པ་ནི། ཚེ་དཔག་མི་ཡག་པོ་མེད་རབས་དང་། ཁྲམ་པ་ཡིན་ཚུལ་ཤ་སྟག་རེད། དགེ་རྒན་རྣམས་ཧོན་ཐོར། མོས་གང་བཤད་དེ་སྒྲ་འཇུག་ནང་ལ་བཅུག་ནས་ཚེ་དཔག་གི་སྣ་ལ་བཏང་། ཚེ་དཔག་ཡིད་མ་ཆེས་པར་དགོངས་མོ་ཞིག་མོ་ལ་ལྟ་རྟོག་ཡིན་ཁུལ་གྱིས་སྨན་ཁང་ནང་ལ་སྡོད་པའི་སྐབས་ལ། ཏག་ཏག་ཨ་དབྱངས་དེའི་ནུབ་མོ་ཚ་བ་སྦར་ནས། སྐད་ཆ་ཤོད་འགོ་ཚུགས། ཨ་དབྱངས་ཀྱི་ཁའི་ནང་ལ་ཡང་སྐྱར་སྐད་ཆ་དེ་ཚེ་དཔག་གི་ཐོག་ལ་བསླེབས་ནས། ཚེ་དཔག་མི་སྡུག་རབས་དང་། དཀོན་མཆོག་ལ་སྨོན་ལམ་བརྒྱབ་ནས་མགྱོགས་མྱུར་ཚེ་དཔག་ལ་གཟའ་ཕོག་པ་ཤོག་ལྟ་བུ་མཚན་གང་བཏོན་ནས་བསྡད། ཨ་དབྱངས་ཚ་བས་ཆོལ་ནས་ཚེ་དཔག་ཁྲིས་ལ་ཡོད་པ་རྟོག་གི་མེད། དེའི་ཁྲིས་ཀྱི་མི་ཚང་མ་ཧོན་འཐོར་ནས་ཁ་སྐྱེངས་པར་གྱུར།

    སང་ཉིན་ཚེ་དཔག་གིས་མོ་ལ་འདྲི་དུས་མོས་དྲན་གྱི་མེད། གང་ལྟར་ཨ་དབྱངས་ཉིན་དེ་ནས་སློབ་གྲྭའི་མི་ཚང་མས་གླེང་བའི་ཨ་ཁུ་ཁྲོ་ཐུང་ལྟ་བུའི་མི་ཞིག་ལ་གྱུར། 

    རྗེས་མ་ལུང་པའི་མཚམས་པ་རྒན་པོ་སེམས་ཤིན་དུ་ལས་འདུལ་བ། མི་ཚེ་སྒོམ་སྒྲུབ་ལ་སོང་བའི་རྒན་ཞིག་ཡོད་པ་དེས་ཨ་དབྱངས་ལ་གོ་སྐོན་བྱས་ནས། གཞན་ལ་སྡང་སེམས་བྱེད་མི་རུང་བ་དང་།དེ་ལྟར་བྱས་ན་རང་ལ་གནོད་པ་ཡོང་ཚུལ་སོགས་མང་པོ་གསུངས། རྒན་དེས་ཚེ་དབྱངས་ལ་སྙིང་རྗེ་སྒོམ་ཚུལ་གསུངས་ནས་ཨ་དབྱངས་ལོ་ཤས་རྒྱུན་པར་མཚམས་པ་དེའི་དྲུང་ལ་ཆོས་ཞུ་བ་དང་ཉམས་ལེན་བྱེད་སྒོ་ཚུགས། ལོ་མང་རྗེས་ལ་མཚམས་པ་དེ་གྲོངས་ནས། ཨ་དབྱངས་ཀྱིས་རྗེས་འཇུག་མཆོད་འབུལ་ལེགས་པར་བསྒྲུབས་པ་དང་། མོ་རང་མཚམས་ཁང་དེར་སྤོས་ནས་མཚམས་དམ་པོར་ལོ་ཤས་བསྡད་སོང་། 

    ཤོད་འདོད་པ་གཙོ་བོ་ནི། ཨ་དབྱངས་ནས་ངའི་ཨ་སྲུ་ལ་ཆོས་ཀྱི་སྐོར་ལ་བགྲོ་གླེང་བྱས་མྱོང་བ་དང་། ཁོ་རང་གི་ཉམས་མྱོང་ཐོག་ནས་གསུངས་པར། སྔོན་མ་ཨ་དབྱངས་ཁོང་སེམས་ཉོན་མོངས་ཀྱིས་བཅོམས་པའི་སྐབས་ལ། ཕྲག་དོག་འཕེལ་བའི་སྐབས་ལ་ལུས་པོར་ཚ་བ་ཆེན་པོ་སྦར་གྱི་ཡོད་པ་དང་། སེམས་གཏིང་གི་གསང་བ་རྣམས་སྐབས་དེ་དུས་ལུས་ཚ་བས་ཆོལ་ནས་གཞན་ལ་ཤོར་བ་སོགས་དངོས་བྱུང་གི་ཉམས་མྱོང་དཔེར་བཞག་ནས། ཉོན་མོངས་ཀྱི་སྐྱོན་རྣམས་གསུངས་འདུག ཁོ་མོས་སྨན་བཅོས་ཇི་ལྟར་བྱས་རུང་ཕན་སྐྱེད་མ་བྱུང་བར་མཐར་མཚམས་པ་རྒན་པོའི་དྲུང་ནས་སྙིང་རྗེའི་ཉམས་ལེན་གྱི་གདམ་པ་ཞུས་ནས། བློ་སྦྱོང་དོན་བདུན་མའི་ཉམས་ལེན་ལོ་གསུམ་ཙམ་བྱས་མྱོང་བ་དང་དེའི་སྐབས་ལ་སེམས་ལྷོད་པ་དང་ཚ་བའི་ནད་དེ་ཡང་ཡལ་བའི་སྐོར་གསུངས་འདུག 

    ཨ་དབྱངས་ཀྱི་ཉམས་ལེན་སྟབས་བདེ་པོ་ཞིག་འདུག སྔོན་ལ་སྙིང་རྗེའི་ཕན་ཡོན་སྒོམ། དེ་ནས་སེམས་ཅན་གཞན་གྱི་སྡུག་བསྔལ་སྒོམ། དེ་དག་རང་གི་སྟེང་ལ་བསམ་བློ་བཏང་། སེམས་ལ་སྙིང་རྗེས་ན་ཁྱུག་ཁྱུག་བསླེབས་པའི་སྐབས་ལ། གཞན་སྡུག་བསྔལ་ལས་བྲལ་འདོད་ཀྱིས་བློས་ཟིན་པར་བྱས་ནས་མ་ནི་གསོག་རྒྱུ་དེ་རེད་འདུག ང་ཚོ་ས་ག་ཟླ་བའི་སྐབས་ལ་ཁྱིམ་ནང་ལ་ཉམས་ལེན་འདི་འདྲ་བྱས་མྱོང་། 

    ངས་འདི་ཚང་མར་ཕན་ཆེད་འགོད་པ་འདིས་ཁ་བརྡའི་དྲ་གྲོགས་རྣམས་ཀྱི་སེམས་ལྷོད་པར་གྱུར་བ་དང་། མཛའ་མཐུན་ལེགས་པར་གྱུར་ནས། ཚང་མའི་མཐུན་སྒྲིལ་ལ་ཕན་པར་ཤོག དེས་ཀྱང་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིངས་བར་ཞུགས་་པའི་བསྔོ་བ་བྱེད་པ་ལགས།

     

  7. ཀརྡོ་གཉེར་ཕྱག་པ་ says:
    2013-08-20 at 11:32 pm

    ཧཧཧཧཧཧ།

  8. དབྱངས་ཅན་འབངས། says:
    2013-08-21 at 11:53 am

    བསམ་ཤེས་ཁྱེད་རང་བསམ་ཤེས་ཐུབ་མཁན་ཞིག་རེད་འདུག སེམས་པ་སྐྱིད་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme