Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་རང་གི་ཉམས་མྱོང་ཞིག་བརྗེ་རེས་བྱེད་དུ་ཡོང་བ་ཡིན།

Posted on 2011-07-162011-07-16 By ཁ་བརྡ་ 6 Comments on ང་རང་གི་ཉམས་མྱོང་ཞིག་བརྗེ་རེས་བྱེད་དུ་ཡོང་བ་ཡིན།

dscn28621
གསར་འགོད་པ། སྐལ་བཟང་ཉི་མ།

སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག་དགེ་སློབ་གླེང་སྟེགས་དྲ་ཚིགས་དོ་དམ་པ་དང་བོད་ཁྱིམ་བོད་དགེ་ཟུར་བ་རྒན་འོད་ཟེར་ལགས་ཉེ་ལམ་ནས་སམ་བྷོ་ཊ་སློབ་གྲྭ་ཁག་ལ་བསྐོར་བསྐྱོད་ཀྱིས་བོད་ཡིག་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་ཀྱིན་ཡོད་པ་བཞིན།ཐེངས་འདིར་ཁོང་ང་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕེབས་ཡོད་པ་དང་།ཁོང་གིས་ཆེས་ཐོག་མར་ང་ཚོ་ལ་ང་རང་འདིར་རང་གི་ཉམས་མྱོང་ཞིག་བརྗེ་རེས་བྱེད་དུ་ཡོང་བ་ཡིན་ཞེས་བརྗོད་པ་བཞིན།སྐབས་འདིར་ཡང་ཁོང་གིས་ང་ཚོ་ལ་རང་ཉིད་ཀྱིས་ལོ་ངོ་དགུ་ལྷག་གི་དགེ་རྒན་གྱི་བྱ་བའི་ཁྲོད་ནས་བསགས་པའི་རིན་ཆེན་གསེར་ལས་ལྷག་པའི་ཉམས་མྱོང་དང་གསར་གཏོད་ཀྱི་གྲུབ་འབྲས་སུ་བགྲང་ཆོག་པའི་བྱ་ཚིག་སློབ་ཐབས་གསར་མ་དང་།ཚིག་རྒྱན་འབྲི་ཐབས།མིང་བརྡ་གྲུབ་སྟངས།ཚིག་གྲུབ་ཇི་ལྟར་བཟོ་དགོས་པ་དང་དེ་རྒྱ་བསྐྱེད་ནས་རྩོམ་རིག་གི་ངོ་བོར་སྤེལ་སྟངས་ཀྱི་རིམ་པ་ཆ་ཚང་སློབ་ཁྲིད་གནང་པ་མ་ཟད།འདས་བའི་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་སྐྱོན་དང་བཀག་རྒྱའི་རིགས་ཐེར་འདོན་དང་།མ་འོངས་པའི་རྒྱང་ལམ་ལ་བསམ་འཆར་འདོན་པ་བཅས་ཀྱི་གླེང་བརྗོད་ཀྱང་སྤེལ་ཡོད།མདོར་ན་ཐེངས་འདིའི་ཁོང་གི་ཟབ་སྦྱོང་གི་ནང་དོན་རྒྱ་ཆེ་ལ། རྣམ་པ་ཕུན་སམ་ཚོགས་ཤིང་། ཡང་གཅིག་བཤད་ན་ཐེངས་འདིའི་ཁོང་གི་བསྐོར་བསྐྱོད་ཟབ་སྦྱོང་འདི་ཡིས་ད་བར་བོད་ཡིག་དགེ་རྒན་ཉམས་མྱོང་ཅན་ཞིག་ཕྱིར་འཁོར་ནས་བོད་ཡིག་དགེ་རྒན་ཚོར་ཉམས་མྱོང་བརྗེ་རེས་བྱེད་དུ་ཡོང་མཁན་མེད་པའི་ཧོར་ཁོང་ཞིག་ལྷག་ཡོད་པ་དེ་ཁ་སྐོང་བྱས་པ་ཞིག་ཀྱང་ངོ་།།
ཐེངས་འདིའི་ཟབ་སྦྱོང་གི་དུས་ཡུན་བདུན་ཕྲག་གཅིག་ཧྲིལ་བོ་ཡིན་པ་དང་།ངེད་སློབ་གྲྭའི་བོད་དགེ་དག་གཙོ་བྱས་པའི་དབྱིན་དགེ་རྣམ་དང་། ལས་བྱེད། སློབ་མ་ཁག་ཅིག་ཀྱང་ཉམས་ཞུགས་གནང་ཡོད།།

གསར་འགྱུར།

Post navigation

Previous Post: བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག
Next Post: ༼ཞ་སྨྱུག༽ཚགས་ཤོག །

Comments (6) on “ང་རང་གི་ཉམས་མྱོང་ཞིག་བརྗེ་རེས་བྱེད་དུ་ཡོང་བ་ཡིན།”

  1. Tenchoe says:
    2011-07-16 at 10:03 pm

    བྱ་ཚིག་སློབ་ཐབས་གསར་མ་དང་། ཚིག་རྒྱན་འབྲི་ཐབས། མིང་བརྡ་གྲུབ་སྟངས། ཚིག་གྲུབ་ཇི་ལྟར་བཟོ་དགོས་པ་དང་དེ་རྒྱ་བསྐྱེད་ནས་རྩོམ་རིག་གི་ངོ་བོར་སྤེལ་སྟངས་བཅས་ཀྱི་སྐོར་རྒན་འོད་ཟེར་ལགས་ཀྱིས་བརྩམས་པའི་ཕྱག་དེབ་དཔར་ཡོད་མིན་དང་། ཡོད་ན་མཚན་བྱང་གང་ཡིན། གང་ནས་བླུ་ཡོན་ཞུ་རྒྱུ་ཡོད་མིན་སོགས་ཀྱི་གནས་ཚུལ་ཡང་དྲ་སྟེང་དུ་འགོད་རོགས་ཞུ་རྒྱུ་ཡིན།

  2. ཨ་གཙང་གནས་རྒྱམ། says:
    2011-07-17 at 9:28 am

    ཧ་ཅང་ཡག་པོ་རེད་རྗེས་མ་ཡང་དེ་འདྲ་དགོས།

  3. སོག་ནག་ཚང་། says:
    2011-07-17 at 1:23 pm

    དྲ་གྲོགས་བསྟན་ཆོས་ལགས། ད་ལྟའི་ཆར་དཔེ་དེབ་ཀྱི་ངོ་བོར་བསྐྲུན་མེད། མི་འགྱངས་པར་བྱ་ཚིག་སློབ་ཐབས་གསར་མ་དཔར་སྐྲུན་བྱ་འཆར་ཡོད། དེ་ནི་བོད་ཀྱི་བྱ་ཚིག་ཁག་སྦྱོང་བར་རྟགས་འཇུག་སོགས་གཞུང་སྦྱངས་མི་དགོས་པར་ཨང་གྲངས་འགའ་རེ་སྦྱད་དེ་བྱ་ཚིག་སྦྱོང་བའི་ཐབས་ལམ་གསར་བ་ཡིན། སྟབས་བདེ་ཞིང་གོ་སླ་བ་མ་ཟད་རིགས་བསྒྲེ་བཏང་ནས་སྦྱོང་ཐུབ་པའི་ཐབས་ལམ་གཙོ་བོར་བཟུང་ཡོད།

  4. Tenchoe says:
    2011-07-17 at 4:30 pm

    སོག་ནག་ཚང་ལགས། ལན་འདེབས་གནང་བར་ཐུགས་རྗེ་ཆེ། པར་སྐྲུན་གསལ་བསྒྲགས་ལ་བསྒུག་སྡོད་ཀྱི་
    ཡིན།

  5. བསོད་ནམས། says:
    2011-07-18 at 5:27 pm

    འངི་འདྲ་སེམས་ཤུགས་ཀྱིས་ལས་འགུལ་སྤེལ་བར་ཐུགས་རྗེས་ཆེ། ཐོག་མར་བོད་ཕྲུག་རྣམས་བོད་ཡིག་ལ་སྤྲོ་བའི་ཐོག་ནས་སྦྱང་འདུན་ཡོད་པ་བཟོ་ཐབས་ལ་འབད་དགོས། དེ་ནས་བྱ་ཚིག་དང་རྒྱན་ཚིག་སོགས་སྦྱངས་ན་གྲུབ་འབྲས་ཐོན་ངེས། ད་དུང་སྔོན་འགྲོ་ནས་བཟུང་འབྲི་ཀློག་གཏན་འབེབས་ཤིག་མ་བཟོས་ཚེ་བོད་ཕྲུག་འདི་དག་ལ་བོད་ཡིག་གོམས་འདྲིས་ཟབ་མོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེང་དུས་མི་ལ་བྱ་བ་གང་ཞིག་ཡིན་ཀྱང་ལས་སླ་བོའི་ཐོག་ནས་འགྲོ་མ་ཐུབ་ཚེ་དེ་ལ་གྲུབ་འབྲས་ཐོན་ཁག་པོ་རེད། དེ་འདྲ་སོང་ཙང་བོད་ཡིག་སྦྱོང་སྟངས་ལ་སྔ་མོའི་སྡེ་པ་གཞུང་གི་ཡིག་གཟུགས་འདྲ་མིན་ཐོག་ནས་མི་ཚེ་བསྐྱལ་བསྡད་པ་དེར་འགྱུར་བ་ཞིག་མ་ཕྱིན་ཚེ། དེང་དུས་སློབ་ཚན་སྣ་མང་ཅན་གྱི་དུས་འདིར་བོད་ཡིག་གི་རྨང་གཞི་བརྟན་པོ་བཟོ་རྒྱུ་ཁག་པོ་རེད་སྙམ། ངས་འདི་བཤད་ན་མང་པོ་ཞིག་གི་སྣང་ངོར་མི་འགྲོ་བར་ང་ཚོ་བོད་ཀྱི་རིག་གཞུང་རེད། དེ་བདག་པོ་རྒྱག་དགོས་རེད་ལབ་མདོག་ཁ་བོ་རེད། ང་ཚོ་བོད་ཕྲུག་རྣམས་ཀྱིས་སྔོན་འགྲོ་ནས་ལོ་ངོ་དྲུག་ཙམ་རིང་དབུ་མེད་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་། ཡིག་ཆུང་སོགས་མི་ཚེའི་ནང་བེད་སྤྱོད་དེ་ཙམ་མེད་པ་ཞིག་ལ་སྦྱངས་སྦྱངས་ནས་དུས་ཚོད་བསྐྱལ་དགོས་པ་དང་། དེ་ནས་འཛིན་རིམ་བཞི་པ་ནས་དབུ་ཅན་ཀློག་སྟངས་ལ་གོམས་འདྲིས་བྱ་དགོས་ཤིང་། འཛིན་རིམ་དྲུག་པ་ནས་འཁྱག་མ་ཚུགས་འབྲི་འགོ་འཛུགས་དགོས་པས་སློབ་ཕྲུག་རྣམས་ཀྱི་ཀླད་པར་ཡིག་གཟུགས་གཅིག་བརྟན་པོར་གནས་ཐུབ་རྒྱུ་ཁག་པོར་ཆགས་འདུག ཡིག་གཟུགས་ནི་དེ་འདྲ་གལ་ཆེན་པོ་ཡིན་ན་འཛིན་རིམ་བཅུ་པ་བཅུ་གཅིག་ནས་ལག་བདེ་བོ་ཅན་གང་འཚམས་ཤིག་ལ་ཡིག་གཟུགས་ཀྱི་རིགས་གཅིག་རྐང་འཛིན་པ་བཙུག་ན་མི་འགྲིགས་པ་མེད། སྔོན་འགྲོ་ནས་ཀློག་དེ་དབུ་ཅན་ཁོ་ན་དང་། ཡིག་གཟུགས་དེ་འཁྱུག་མ་ཚུགས་འབྲི་བཅུག་ན་དེས་ལོ་མང་རིང་ཕྲུ་གུ་རྣམས་ཀྱི་སེམས་ལ་རི་མོ་གཅིག་ཁོ་ནའི་བག་ཆགས་བརྟན་པོ་འཇོག་ཐུབ་པར་བརྟེན་བོད་ཡིག་ཡག་པོ་ཤེས་པར་ཕན་ཐོགས་ཆེ་ངེས། དེ་མིན་ཡིག་གཟུགས་གཅིག་སེམས་ལ་བརྟན་པོ་མ་ངེས་གོང་ཡིག་གཟུགས་གཞན་ཞིག་བསླབ་དགོས་པས་བོད་ཡིག་འབྲི་ཀློག་བརྟན་པོ་ཞིག་ཡོང་རྒྱུ་དཀའ། བོད་ཡིག་ལ་ཞེན་ཁོག་བྱས་པ་ཙམ་གྱིས་གང་ཡང་མི་ཕན་པར་དེ་བདག་པོ་རྒྱག་སྟངས་ཐད་ཐབས་ལམ་མ་བཙལ་ན་ད་ལྟའི་དུས་འདིར་བོད་ཡིག་བདག་པོ་རྒྱག་རྒྱུ་དཀའ་ལས་ཁག་པོ་རེད་སྙམ། ཚང་མ་བདག་པོ་རྒྱག་གི་ཡིན་ཟེར་ན་དུས་ཀྱི་རྐྱེན་པས་ཁག་པོ་རེད། དེ་ལས་འོ་མ་འདྲ་བོའི་ནང་ནས་མར་དེ་ལེན་ཨེ་ཐུབ་བལྟས་ན་ཁེ་སང་ཆེ་བ་ཡོད་པ་ཤེས་དགོས། ང་ཚོས་དུས་དང་མཐུན་པའི་འགྱུར་བ་གཏང་དགོས། རྙིང་ཞེན་ཁོ་ནས་བོད་ཡིག་བདག་པོ་རྒྱག་མི་ཐུབ་པ་ནི་དུས་ཀྱིས་ང་ཚོར་གསལ་སྟོན་བྱེད་ཡོང་གི་ཡོད།

  6. བསོད་ནམས། says:
    2011-07-18 at 5:33 pm

    ཐུགས་རྗེ་ཆེར་བཅོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme