Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།

Posted on 2013-02-102013-02-10 By ཁ་བརྡ་ 5 Comments on ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།

གྲིབ་གཟུགས།
—–དོལ་སྨྱོན་གྱི་དགའ་མར་ཕུལ་བ།

ཉམ་ཆུང་བཞིན་རས་གོར་མོ་སྙིང་ལ་རྗེ་བོ།།
འཛུམ་པའི་མེ་ཏོག་གསེར་ཆུང་སེམས་ལ་འབབ་པོ།།
མཐོང་ན་མི་མཐུན་མེད་པའི་རང་གཤིས་འཇམ་པོ།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

དལ་འགྲོས་གོམ་པའི་འདེགས་འཇོག་མིག་གི་དཔྱིད་དཔལ།།
དོན་ལྡན་ངག་གི་རྗོད་པ་རྣ་བའི་བུ་རམ།།
གང་ནས་བལྟས་ནའང་སྐྱོན་གྱི་ར་རི་ཉུང་བའི།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

མ་བཅོས་ལྷོད་ཤ་དོད་པོའི་རྒྱུན་གྱི་གཤིས་ལ།།
བཅོས་མའི་མཛེས་བཟོ་བྱེད་པའི་སྒྱུ་འཕྲུལ་མེད་ཅིང་།།
རང་བྱུང་མཛེས་པའི་དཔལ་གྱིས་ཡོངས་སུ་ཕྱུགས་པའི།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

བལྟས་ན་ལྟ་སྙིང་དྲོ་བའི་སྤྱན་ཟུང་ངོགས་སུ།།
མཛའ་བོའི་སེམས་ཀྱི་བདེ་དྲོད་རླན་ཤར་རུམ་པའི།།
མ་འོང་མི་ཚེ་ཟེར་བར་རེ་བ་ཅན་པོ།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

མཛའ་བོའི་ཚོར་བའི་སྙན་ངག་སེམས་ཀྱིས་མྱོང་ཞིང་།།
རང་གི་མིག་ཆུའི་རླན་ཤ་ཟིན་ཐོར་འགོད་པ།།
ཤེས་བྱ་ཡོན་ཏན་ཟེར་བར་བརྩི་མཐོང་ཅན་པོ།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

དག་གཙང་སེམས་ཀྱི་ཡོལ་བ་དཀར་པོའི་ངོས་སུ།།
འདོད་ཆུང་ཆོག་ཤེས་རི་མོ་འབུར་དུ་དོད་ཅིང་།།
རང་ལས་གཞན་མཐོང་ཆེ་བའི་བུ་མོ་ཡ་རབ།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

རང་གི་ཡོན་ཏན་ནམ་ཡང་བརྗོད་ལུགས་མེད་པ།།
རང་དོན་ཁོ་ན་སྒྲུབ་པའི་ཨུ་ཚུགས་མེད་པ།།
རང་གི་སྡུག་བསྔལ་བཟོད་པའི་སྙིང་སྟོབས་ཅན་པོ།།
ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།།

ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མའི།།
རང་བཞིན་ལྷུག་པོར་བརྗོད་པའི་སྙན་ཚིགས་འདི་ཉིད།།
སྒྲོ་སྐུར་གཅམ་བུའི་ངག་གི་དྲི་མ་མེད་པར།།
ཡུན་གྱིས་བཤིབས་པའི་སེམས་ཀྱི་མྱོང་སྣང་ཡིན་ནོ།།

2013/2/10

སྙན་ངག

Post navigation

Previous Post: ཁ་བའི་ལས་དབང་དགྲ་ལ་ལེགས་སྐྱེས་མིན།
Next Post: ཁྱོད་དང་ང་ལ་བྲིས་པའི་སྙན་ཚོམ།

Comments (5) on “ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།”

  1. གཅན བཟོད་རྒྱ། says:
    2013-02-10 at 4:27 am

    རྩོམ་ཡག་པོ་བཀླགས་སྤྲོ་བ་ཞིག་བྲིས་འདུག འོན་ཀྱང་གཅེན་མོ་ཡིན་ནམ་ཡང་ན་དགའ་མ་ཡིན།

  2. འོད་འཆང་མ། says:
    2013-02-11 at 9:26 am

    ད་ཡང་དོལ་སྨྱོན་གྱི་དགའ་མ་དེ་གཞན་ཞིག་གི་འཕྲོག་འགྲོ་ཡོད་ས་རེད། དོལ་སྨྱོན་སྙིང་རྗེ།
    ད་གཟབ་གཟབ་གྱིས་མ་གཏོགས་ཡང་སྐྱོ་གླུ་ལེན་དགོས་ཐུག་ཡོང་།

  3. དོལ་སྨྱོན། says:
    2013-02-11 at 9:48 am

    འོད་འཆང་མས་སེམས་ཁྲལ་གནང་མི་དགོས།
    གྲིབ་གཟུགས་ནི་མ་ཡུམ་གྱི་མངལ་སྒོ་གཅིག་ནས་འགྲིམས་པའི་གུས་པའི་སྤུན་ཐ་ཆུང་དེ་རེད།
    སྤུན་ཆུང་ཁྱོད་ཀྱི་སྙན་ངག་སྙན་སོང་། ཐུགས་རྗེ་ཆེ།

  4. གྲིབས་གཟུགས། says:
    2013-02-11 at 11:48 pm

    ལགས་སོ་གཅེན་པོ། ཕེབས་པར་བཀའ་དྲིན་ཞུ།

  5. གྲིབས་གཟུགས། says:
    2013-02-11 at 11:58 pm

    ལྷན་རྒྱས་གཞན་གཉིས་ཕེབས་པར་དགའ་བསུ་ཞུ་བ་དང་གོ་ནོར་མི་ཐེབས་པའི་རེ་བ་ཡང་ཞུས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme