Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་ལང་ཚོ་ཡི་དུས།

Posted on 2011-08-232011-08-23 By ཁ་བརྡ་ No Comments on ང་ཡི་ལང་ཚོ་ཡི་དུས།

གཡུ་དྲུག་དཀར། རྡ་ས།
སྐྱེས་སྐར་ནི་ཨ་མའི་འཛུམ་ཞལ་ཆེས་ཐོག་མར་མཐོང་བའི་ཉིན་མོ་དེ་ཡིན་ན། དེའི་འཕྲོ་མཐུད་ཀྱི་ལོ་ཟླ་ནི་སྐྱེས་སྟོབས་ཀྱི་མཐུ་ཡོངས་སུ་རྫོགས་པའི་དུས་ཚིགས་ཤིག་འགོ་རྩོམ་པ་ཡིན་ལ། དེ་ཡི་མིང་ལ་ལང་ཚོ་ཡི་དུས་ཟེར་ཞིང་། དེ་ནི་མི་ཚེའི་དཔྱིད་ཀའོ།།
གཞུང་ལུགས་ཀྱིས་སྤྱི་བསྡོམས་བྱས་པ་ལྟར་ན། བྱིས་པ་ཞིག་རང་ལོ་བཅུ་གཉིས་ནས་བཟུང་ལང་ཚོའི་དུས་སུ་སླེབས་འགོ་རྩོམ་ཞིང་། རང་ལོ་བཅུ་བཞི་ནས་ཉི་ཤུ་བར་ལང་ཚོའི་དུས་རིམ་ངོ་མ་དང་། དེ་ནི་མི་ཞིག་གི་གཤིས་རྒྱུད་ཡོངས་སུ་འགྱུར་དུ་འཇུག་པའི་ཉེན་ཚབས་ཅན་གྱི་དུས་སྐབས་ཤིག་ཏུ་ངོས་བཟུང་ཡོད་ལ། བྱིས་པ་ཕལ་མོ་ཆེ་ལ་མཚོན་ན། ལང་ཚོའི་དུས་ཀྱི་ཆེས་གལ་ཆེ་བའི་དོན་ཞིག་ནི། ཁོས་ངེས་བར་དུ་རང་ཉིད་བྱིས་པ་ཞིག་མ་ཡིན་པར་ར་སྤྲོད་ཐུབ་པ་ཡོང་བ་དེ་རེད་ཅེས་ལང་ཚོའི་དུས་ནི་རི་རབ་ལས་དཔང་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པའི་སྤྱི་ཁོག་ཅིག་མངལ་དུ་སྦྲུམ་པའི་དུས་ཚིགས་ཤིག་ཏུ་བཞེངས་གདའ་ཡང་། དེ་ནི་གཞན་གྱི་ཆེས་རྒྱུན་ལྡན་གྱི་མི་ཚེའི་གནས་བབ་ཀྱིས་ཐག་བཅད་པའི་གནས་ཚུལ་དུ་སོང་། ང་ལ་གོ་རྒྱུ་ཚོར་རྒྱུ་ཆེར་མ་བསྟབས། ལྷག་པར་དུ་ང་ཡི་ལང་ཚོའི་དུས་ལ་ཕྱིར་ལོག་ནས་མྱོང་རྒྱུས་བླངས་ན། ང་ལ་དེ་བས་ཀྱང་ཡིད་ཆེས་ཤིག་སླེབས་དཀའ་ཚོད་རེད།
ང་ལ་མཚོན་ན་ ཏག་ཏག་ང་ཡི་ལང་ཚོ་ཡི་དུས་སུ་རྒྱ་གར་ལ་བྲོས་བྱོལ་ལ་ཡོང་ཞིང་། བྲོས་བྱོལ་གྱི་སྦྱོར་དངོས་འཇུག་གསུམ་ནི་ཏག་ཏག་ང་ཡི་ལང་ཚོའི་དུས་ཀྱི་ཏན་རྟགས་ཁོ་ན་ཡིན་ཆོག་སྟེ། ཤ་ཁྲག་གདོས་བཅོས་ཀྱི་ལུས་པོ་ཆུང་ཆུང་དེ། ཨ་མའི་སྙིང་ཁོང་ན་མཛེས་སྡུག་གི་རི་རབ་ཏུ་གཏམས་ཤིང་། ཤུལ་ན་ལུས་པའི་རྐང་རྗེས་ཆུང་ཆུང་དེ། ཨ་མའི་སེམས་ཁོང་དུ་་སྡུག་གི་ཁུར་བོ་རུ་བཞག་པ་དེར་ཕྱིར་འདང་བརྒྱབས་ན། ཏག་ཏག་དེ་ནི་ང་ཡི་ལང་ཚོ་ཡི་དུས་ཟེར་བ་དེ་ཡིན་འདུག་ལ། རང་གི་བྲང་ཁོག་གི་རྒྱབ་རི་ལྟ་བུའི་དཔའ་སྙིང་ཐོད་ལ་བཏེགས་ཏེ། རང་གི་གཟུགས་བོངས་ལས་ཀྱང་ཆེ་བའི་ཁྲེས་པོ་རྒྱབ་ལ་ཁུར་ནས། ལ་མཐོན་པོ་བརྒྱབས། རི་མཐོན་པོ་བརྒལ། ཆུ་ཆེན་པོ་བཅད། ཐ་ན་གངས་རིའི་ཁྲོད་ཀྱི་འཇིགས་དངངས་དང་དཀའ་སྡུག་གི་འོབས་རའང་སྟོབས་ཀྱིས་གཤེགས་པ་དེར་བསམ་ན། ང་ལ་རང་གི་དུས་ཚིགས་དེའི་རྨི་ལམ་ཞིག་ཀྱང་བདོག་པ་འདྲ་མོད།
ཐང་བདེ་ས་དང་ལམ་དྲང་ས་རུ་བབས་ནས་སེམས་ལྷོད་ལྷོད་ཀྱིས་སྣེ་ལེན་ཁང་གི་སྒོ་ཐེམ་འགོམ་དུས། ང་ནི་ཐོལ་ཐོལ་ལ་སླར་ཡང་བུས་པ་ཆུང་ཆུང་ཞིག་ཏུ་གཏམས་སོང་བ་འདྲ་ཨང༌། ང་ཡི་ལང་ཚོ་ཡི་དུས་དེ་འཕྲལ་དུ་ཡལ་སོང་བ་རེད་ཨང་།
ཉི་མ་དེ་ནས་ངས་སླར་ཡང་གོ་བརྡ་མ་འཕྲོད་པར་ཁ་སྐད་ཙམ་པོ་ཡང་གཞི་ནས་གསར་དུ་སློབ་དགོས་སོང་ཞིང༌། གཞན་གྱིས་ང་ཡིས་ཟ་མ་ཟ་སྟངས་དང་གཅིན་སྐྱག་གཏོང་སྟངས༌། ཉལ་སྟངས་ལངས་སྟངས་དང༌། འགྲོ་སྟངས་འདུག་སྟངས་མན་ལའང་གཤེ་ཞིང་གཅུན་པས། ང་ནི་བུས་པ་ཆུང་ཆུང་ཞིག་དང་ཅིས་མི་མཚུངས།
དེ་ནས་ད་དུང་ཆུང་དུས་ཕ་མས་པང་ནས་སོང་བ་བཞིན། སྣེ་ལེན་ཁང་གི་རླངས་འཁོར་གྱིས་ཁྲིད་ནས་ཡོང་ཞིང༌། སློབ་གྲྭ་རུའང་གསར་དུ་སློབ་པའི་དབྱིན་ཡིག་གི་དབྱངས་གསལ་ཤ་འབད་རུས་འབད་ཀྱིས་ཤུ་རེ་བྱས་ཏེ་སྦྱངས་ཤིང༌། པ་བ་གཉིས་དང་ཀ་ག་གཉིས་སོགས་ཀྱི་ཀློག་སྟངས་ལ་ནོར་འཕྱུགས་བྱུང་འདུག་པར་བཟོ་བཅོས་རྒྱག་སླད་བསྐྱར་དུ་སློབ་པའི་དབྱངས་གསལ་འུ་ཚུགས་ཀྱིས་རྗེས་བཟླས་བྱས་པ་དང༌། ཨེ་བྷིའི་སི་སྒྲིའི་(ABCD)འབྲི་ཤེས་ན་འ་བྷ་ཁ་སྒྲ་(abcd)སྦྱོང་དགོས་པ་བཞིན། དབུ་ཅན་འབྲི་ཤེས་ཀྱང་རྐང་པ་རིང་པོ་རིང་པོ་ཅན་གྱི་དབུ་མེད་འབྲི་ཤེས་དགོས་པས། དེ་ལའང་འུ་ཚུགས་ཀྱིས་སྦྱོང་བ་བྱས་པ་སོགས་ཡོད་ཚད་དམའ་རིམ་ཞིག་ནས་འགོ་བཟུང་ནས་བུས་པ་ཆུང་ཆུང་ཞིག་ལྟར་ཡོད་ཚད་གཞི་ནས་གསར་དུ་སློབ་སྦྱོང་དང་འབད་བརྩོན་བྱས་པ་སོགས་མདོར་ན་རང་གི་འགྲོ་འཆག་ཉལ་འདུག་ཙམ་པོ་ཡང་གསར་དུ་བཙས་མ་ཐག་པའི་བུས་པ་ཞིག་ལྟར་གཞི་ནས་འགོ་བརྩམས་ལ། བྱིས་པ་ཆུང་ཆུང་ཚོའི་མིག་ལ་མཛེས་ཤིང་སེམས་ལ་རན་པའི་སློབ་གྲྭའི་སྒྲིག་ཆས་གྱོན་ནས་བྱིས་བློར་འཚམ་པའི་སྒྲིག་གཞི་ཞིག་གི་ནང་དུ་ཕར་བསྐོར་ཚུར་བསྐོར་བྱེད་དུས། ངས་རང་གི་ལུས་ཀྱི་ཆ་ཤས་གང་དང་གང་ལ་སྤུ་སྐྱེས་ཡོད་པའང་གཏན་ནས་མ་མཐོང་བ་འདྲ་ཨང་། རང་གི་སྣང་བ་ཕྲ་མོ་འདིའང་དེ་ལྟ་དེ་ལྟར་འཁྲུལ་ནས་རང་ཉིད་བྱིས་པ་ཞིག་ལས་གང་ལ་ཡང་མ་མཐོང་འདྲ་ཨང་།
འདི་ལྟར་ཡང་བསྐྱར་རང་གི་འདས་སོང་གི་ལོ་ཟླ་ལ་སྡོམ་རྩིས་ཤིག་བླངས་ན། རང་གི་མི་ཚེའི་བར་བརྒལ་ཞིག་ལ་འདི་ལྟར་གས་ཆགས་ཤོར་སོང་བ་དང་། ས་ཡི་གོ་ལ་སྒང་རིལ་འདིའི་སྟེང་འགྲོ་བ་མི་ཞིག་ཡིན་ཕྱིན་རང་ཉིད་ལ་ཡོད་ཡོད་ཡིན་པའི་རིན་བྲལ་གྱི་དུས་ཚོད་ཅིག་རང་ཉིད་ལ་མ་ཐོབ་ཅིང་། མི་ཡི་མི་ཚེའི་ལྷན་སྐྱེས་ཀྱི་གོ་རིམ་ངེས་ཅན་ཞིག་རང་གི་མི་ཚེ་འདིར་ཆད་ལྷག་ཤོར་བའི་ཧོར་ཁོང་མིག་གིས་མཐོང་ཞིང་སེམས་ཀྱིས་མྱོང་ཡང་།
རང་ཉིད་ལ་བདག་པའི་གནམ་ས་གཉིས་ཀ་གཞན་གྱིས་བཙན་དང་སྟོབས་ཀྱིས་འཕྲོག་སོང་བའི་མི་ཞིག་ལ། ད་ནི་ས་ཐོག་འདིར་འཚོ་གནས་ཀྱི་བར་བརླག་འདི་འདྲ་བ་ཞིག་ལས་གཞན་ཡོད་དཀའ་རྒྱུ་རེད་ལ། རང་གི་ཕ་ཡུལ་དང་རང་དབང་གི་རྐང་རྟེན་འཕྲོག་སོང་པའི་མི་ཞིག་འཚར་ལོང་འདི་ལས་ལྷག་ཅིག་གང་ནས་འཁྱོང་ཡང་སྙམ་མོ། ལྷག་པར་དུ་ས་མཐའ་ཞིག་ནས་ང་ཚོས་ད་དུང་ཡང་རང་གི་མི་ཚེ་ཡི་གོ་རིམ་ཧྲིལ་བོ་ལོངས་སུ་སྤྱོད་དཀའ་ཚོད་ཡིན་ཨང་།།

སྣ་ཚོགས།

Post navigation

Previous Post: ང་སྐྱེ་མ་ཐག བོད་སྐད་དང་བོད་ཡིག་མི་ཤེས།
Next Post: བོད་ཁུལ་གྱི་ཆེས་ཐོག་མའི་མཚར་རིས། ༼དྲ་ཐོག་ནས་བསྒྱུར།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme