Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།

Posted on 2016-01-162016-01-16 By ཁ་བརྡ 24 Comments on ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།

1937426_225218384477519_8461858507997174897_n—–རྔ་བ་བློ་བརྟན།

 
ངས་ད་ལོའི་སྲིད་སྐྱོང་འོས་མི་ཚོའི་ཕྱོགས་མང་པོ་ལ་དོ་སྣང་བྱས། ལྷག་ཏུ་ཁོང་ཚོའི་སྐད་ཆར་གཟབ་གཟབ་ཀྱིས་ཉན་ཏེ། བསམ་བློ་ཡང་ནས་བསྐྱར་དུ་བཏང་མཐར། འོས་མིའི་ལྔའི་ཁྲོད་ན་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རང་ཉིད་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཏེ། མི་མང་ལ་རང་ཉིད་གསལ་བོ་བཟོས་སོང་།

ག་ཚོད་མི་མང་ལ་རང་ཉིད་གསལ་བོ་བཟོ་ཐུབ་པ་ཡིན་ན། དེའི་ཚོད་ཀྱིས་མི་མང་གིས་ཁོང་ཤེས་རྟོགས་ཐུབ་ཀྱི་ཡོད། ཤེས་རྟོགས་དེ་བརྒྱུད་ནས་སྲིད་སྐྱོང་འོས་དང་མི་འོས་ཀྱི་ངེས་པའང་མི་སོ་སོའི་སེམས་ན་རྙེད་ཀྱི་ཡོད།

སྔོན་འགྲོའི་འོས་བསྡུའི་སྐབས་སུ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་འོས་བསྡུའི་ལས་དོན་རྒྱ་ཆེན་པོ་གང་ཡང་སྤེལ་མེད། རྒྱ་གར་ལྷོ་གཞིས་ཁག་འགའ་ལ་སྐོར་བསྐྱོད་ཙམ་རེད། གཞན་འོས་མི་སྲིད་སྐྱོང་ལས་ཐོག་བློ་སེང་དང་ཨ་ཁུ་ཀླུ་མཁར་བྱམས་གཉིས་ནས་ཨ་རིའི་ནང་འོས་བསྡུའི་ཆེད་སྐོར་སྐྱོད་གནང་བཞིན་པའི་སྐབས། ཚོགས་གཙོ་སྤེན་ཚེ་རྡ་ས་ནས་མེས་དབོན་དཔེ་སྟོན་སློབ་གྲྭའི་མཛད་སྒོ་དང་། སྨན་རྩིས་ཁང་གི་སེམས་དང་སྲོག་གི་ཚོགས་ཆེན་དག་ལ་མཉམ་ཞུགས་གནང་ཡོད། དངོས་གནས་བྱས་ན། འོས་མི་གཞན་ཚོ་ལྟར་འོས་བསྡུའི་ཆེད་དུ་བསྐྱོད་དགོས་པ་ཞིག་ཆགས་ཡོད།

 

ཕྱོགས་ཞེན་གྱིས་ང་ལ་འོས་མ་འཕེན།

ཁོང་ལ་སྲིད་སྐྱོང་འོས་མི་དང་འབྲེལ་ཏེ་དྲིས་ལན་ཞིག་ཏུ། ” ཆོལ་ཁ་དང་ཆོས་ལུགས། ལུང་ཚན་གྱི་ཞེན་ཁོག་བྱས་ཏེ་ང་ལ་འོས་འཕངས་ན་ནོར་བ་རེད། ངས་དངོས་གནས་འཇོན་གྱི་འདུག་མི་འདུག་བལྟས་ཏེ་འོས་འཕེན་རོགས་གནང་།” ཞེས་བཤད་འདུག སྐད་ཆ་འདི་འོས་མི་གཞན་ཚོའི་ཁ་ནས་མ་ཐོན་པ་ཞིག་རེད་ལ། ངས་ཅིག་བྱ་རྒྱུ་ཡིན། ངས་ཉིག་བྱ་རྒྱུ་ཡིན་རྐྱང་བཤད་དེ་མི་མང་གི་བློ་འགུགས་ཐབས་དང་འོས་ཤོག་རེག་ཐབས་གཙོ་བོར་འཛིན་མཁན་ཚོ་དང་བསྡུར་ན་རྦད་དེ་ལོགས་ཀ་ཅིག་རེད་འདུག འདིས་ཁོང་ནི་ཐོབ་དང་གོ་ས་ལ་རྔམ་བསྡད་པ་ཞིག་དང་། ལས་དོན་བྱེད་ཐུབ་མིན་ལ་མ་ལྟོས་པར་མི་འུར་ཚ་བོ་ཞིག་མིན་པ་འང་གསལ་བོ་བསྟན་པ་མ་ཟད། ཁོང་གི་ཀུན་སློང་དེ་ཡང་གཙང་མ་ཡིན་པ་འང་ཟུར་ནས་ཤེས་ཐུབ།

 

ངས་མཐུན་སྒྲིལ་གཏོར་གི་མ་རེད།

ཁོང་གིས་སྔ་ཕྱི་འགའ་ལ་དམ་བཅའི་ཚུལ་དུ། ” ངས་བོད་མིའི་སྒྲིག་འཛུགས་དང་ཆོལ་ཁ་དང་ཆོས་ལུགས་ཀྱི་མཐུན་སྒྲིལ་ལ་ནམ་ཡང་གཏོར་བཤིག་གཏང་གི་མ་རེད། དེ་ངས་གསལ་བོ་བྱས་ནས་ཁྱེད་ཅག་ལ་བཤད་ཐུབ ” ཅེས་གསུངས་འདུག འདི་ནས་ཤེས་ཐུབ་པ་ཞིག་ལ། ད་ཡོད་ཀྱི་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་སྲ་བརྟན་དང་། བོད་མི་ཚོ་རྡོལ་རྩ་གཅིག་ཏུ་བསྒྲིལ་དགོས་པ་དེ་གལ་ཆེན་ཡིན་པ་དང་། ཁོང་རང་ངོས་ནས་ཕྱོགས་ཞེན་མེད་པར་ལྷག་བསམ་རྣམ་དག་ཡིན་ཞིང་། རང་ཉིད་ནས་ལྷག་བསམ་རྣམ་དག་བྱས་ན། གཤམ་འོག་ནས་མཐུན་སྒྲིལ་ཡོང་རྒྱུ་ཡིན་པ་དང་། ནང་ཁུལ་མཐུན་སྒྲིལ་དེ་ནི་གཞན་དབང་སྟབས་བསྟུན་ཞིག་མིན་པར་རང་ལག་ན་ཡོད་པ་ཞིག་ཡིན་དུས། དེ་བྱེད་ཐུབ་པ་ཞིག་ཡིན་པའི་གདེང་ཚོད་ཡོད་པར་བསྟན་འདུག

 

ཁ་གཏོང་མཁན་མཉམ་དུ་སྐད་ཆ་མེད།

ཁོང་གིས་ལངས་ཕྱོགས་ཐད་ནས། ” གོང་ས་མཆོག་ལ་གཞི་མེད་སྐྱོན་རྗོད་བྱེད་མཁན་སུ་ཞིག་ཡིན་ནའང་། ངས་དེ་དང་མཉམ་དུ་བགྲོ་གླེང་བྱ་མི་སྲིད། ཕར་ཕྱོགས་ལ་མཐོང་ཆེན་པོ་དེ་འདྲ་སྤྲོད་དགོས་དོན་མི་འདུག ” ཅེས་གནད་འགག་ཅིག་ཁ་གསལ་གཏིང་གསལ་གྱིས་བཤད་སོང་། སྐད་ཆ་འདིས་ང་ཚོ་ལ་ཤེས་སུ་བཅུག་པ་ནི། ཁོང་ནི་ལངས་ཕྱོགས་དང་ལྟ་བ་ཡོད་མཁན་ཞིག་ཡིན་པ་མ་ཟད། རང་གི་ལངས་ཕྱོགས་དེ་གཞན་དབང་སྟབས་བསྟུན་དང་རང་ཁེའི་ཆེད་དུ་འགྱུར་བ་གཏང་ཆོག་ཆོག་གི་མི་ཞིག་མིན་པ་དེ་རེད། ད་དུང་སུ་ཞིག་བོད་མི་རིགས་འདི་ལ་དྲིན་ཅན་དགེ་ཅན་པ་ཤེས་ཞིང་། དྲིན་ཅན་ལ་དྲིན་ལན་མཇལ་དགོས་པའི་བཟང་སྤྱོད་ཀྱི་གཤིས་ཀ་འང་མངོན་ཡོད།

 

ངས་ཆང་རག་སྤང་གི་མིན།

མི་སྒེར་གྱི་གནད་དོན་ཞིག་ལ། ཁོང་གིས་ ” ངས་ཆང་རག་སྤང་གི་མིན། ངས་ཆང་རག་འཐུང་སྟེ་ད་བར་དུ་རྙོག་དྲ་བཟོ་མ་མྱོང་ལ་མ་འོངས་པ་ཡང་རྙོག་དྲ་བཟོ་མི་ཡོང་། ” ཞེས་ལན་བརྒྱབས་སོང་། ཚིག་འདིས་ཁོ་གང་ཡིན་པ་དེ་ཡིན་པར་བསྟན་ཅིང་། གལ་ཏེ་མི་མགོ་བདེ་ཞིག་ཡིན་ན། ངས་ཆང་རག་སྤང་གི་མིན་ལབ་ན། ང་ལ་འོས་ཐོབ་ཀྱི་མ་རེད་བསམས་ཏེ་ཆང་འཐུང་གི་མིན་ཞེས་ལན་བརྒྱག་ངེས། རེད་དེ་ཁོང་གིས་ ” ངས་ཆང་རག་སྤང་གི་མིན་” ཞེས་ལན་དེས་མི་དྲང་མོ་ཞིག་ཡིན་པ་མཚོན་ཡོད།

ཚོགས་གཙོ་སྤེན་པ་ཚེ་རིང་ལ། ག་དུས་ཡིན་ནའང་བཙན་བྱོལ་བོད་མི་ཁྲོད་ནས་མི་ཆེས་ཉུང་ངུ་ཞིག་གིས་རྙོག་དྲ་བཟོ་བཞིན་ཡོད། རྙོག་དྲ་དག་ལ་ཁོངས་སྐྱེལ་ར་སྤྲོད་གང་ཡང་བྱེད་ཐུབ་ཀྱི་མེད། རྙོག་དྲ་དེ་དག་ཡོང་རྐྱེན་བཙལ་ན། རང་བཙན་སྒྲོག་མཁན་དང་དེ་མིན་བོད་མིའི་སྒྲིག་འཛུགས་ལ་ཟ་ཟུར་ནས་རྙོག་དྲ་སློང་མཁན་སྐོར་ཞིག་ཡོད་ལ། དེ་དག་གིས་གོང་ས་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལ་གང་ཅིའི་ཐད་ནས་ལག་འཁེལ་གྱིན་མེད་དུས། ཁོང་རྣམ་གཉིས་ཀྱི་དགོངས་པ་ལྟར་སྐྱོད་མཁན་གཙོ་བོ་ཞིག་ཚོགས་གཙོ་སྤེན་པ་ཚེ་རིང་ཆགས་ཡོད། དེར་བརྟེན་ཁོང་ཚོས་ལག་པས་རྙོབས་ས་དེ་ཚོགས་གཙོ་སྤེན་ཚེ་རང་བཞིན་གྱིས་ཆགས་ཡོད།

གོང་དུ་བཤད་པའི་གནད་དོན་དག་གི་ཁྲོད་ནས་ངས་ཚོགས་གཙོ་སྤེན་པ་ཚེ་རིང་ཤེས་སོང་ལ། ཤེས་པ་ཙམ་མ་ཡིན་པར་སེམས་ལ་ངེས་པ་རྙེད་ཡོད། དེའི་དབང་གིས་ཁོང་ད་ལོའི་ང་ཡི་སྲིད་སྐྱོང་ཡིན། ཕྲན་གྱི་འོས་ཤོག་གཅིག་པོ་དེ་ཡང་ཁོང་ལ་འཕེན་རྒྱུ་ཡིན། ངས་ཁོང་ལ་འོས་འཕངས་པ་དེ་བརྒྱ་ཆ་བརྒྱ་ནོར་མེད་ཅིང་། སྤྱི་བ་ལ་ཕན་པའི་ལས་ཀ་རླབས་ཆེན་ཞིག་ཡིན་པའི་ཡིད་ཆེས་ངང་གནས་ཡོད།

བསམ་ཚུལ།

Post navigation

Previous Post: ཉིན་ཕྱེད་གནས་སྐོར་གྱི་ཟིན་ཐོ།
Next Post: ངའི་སྲིད་སྐྱོང་ཞེས་པའི་དམིགས་བསལ་ལེ་ཚན།

Comments (24) on “ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།”

  1. གནམ says:
    2016-01-16 at 6:18 pm

    ༧གོང་ས་མཆོག་གི་སྐུ་འཚོ་བཞུགས་བར་ལ། བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་མང་པོ་ཞིག་གསར་སྐྱོང་བྱེད་ཐུབ་ན་བྱེད་དགོས་བ་དེ་གལ་ཆེན་ཞིག་ལ་མཐོང་ཡོད། དེ་ནི་མ་འོངས་བའི་རྒྱལ་ཁ་ཞིག་ཡིན་པ་ཤེས་ནི་དང་བསམ་བློ་འཁོར་ནི་ཡོད་ན། སྤན་པ་ཚེ་རིང་ལ་གོ་སྐབས་ཞིག་སྟེར་ན་ཡག་གི་རེད་འདོད། ཆོལ་ཁ་དང་ཆོས་ལུགས་ལ་ཕྱོགས་པའི་སྐད་ཆ་མིན། སྲིད་སྐྱོང་ལགས་ད་དུང་སྐུ་ན་ཆུང་བས་རྗེས་ཕྱོགས་སུ་ཡང་། མྱི་འཇོན་པོ་དེ་འདྲ་སྲིད་སྐྱོང་ལ་སླེབ་ཡ་མེད་ན། ཁོང་ལ་ད་དུང་སྲིད་སྐྱོང་གི་གོ་སྐབས་ཐོབ་རྒྱུ་ཡིན་ཡིན་པ་རེད། དེ་རེ་ནས་ལོ་རབ་ཞིག་ལ་སྲིད་སྐྱོང་གསར་བ་དེ་འདྲ་ལ་ཕྱག་རོགས་བྱས་ནས། གཅིག་རྒྱབ་གཉིས་ལངས་དང་གཉིས་རྒྱབ་གསུམ་ལངས་བྱེད་ཐུབ་པའི་དུས་ཞིག་ལ་རེ་ན། ངས་ནི་མི་དེ་འདྲ་ལ། ང་ཚོ་ལ་ཤ་ཚ་ཆེ་བའི་སྤུན་ཟླ་དང་། དགྱ་ཕྱོགས་ལ་མཆོང་བའི་དཔའ་བོར་རྩི་ནི་ཡིན།

  2. རྒྱང་མིག says:
    2016-01-17 at 1:18 am

    བསམ་ཚུལ་དྲང་བདེན་དང་། གདམ་ཀ་ནོར་མེད་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-17 at 2:23 am

    ང་ནི་ཁྱེད་ཀྱི་འཆར་ལ་མོས་མཐུན་ཡོད་ཀྱང་། ད་ལོ་བློ་སེང་ཡང་བསྐྱང་ལན་ཅིག་གོ་སྐབས་སྤྲད་ནས། ལོ་ལྔའི་རྗེས་ལ་སྤེན་ཚེ་ལས་ལྷག་པ་ཅིག་མེད་ན། སྲིད་སྐྱོང་གསུམ་པ་དེ་ཚོགས་གཙོ་ཁྱེད་རང་རང་ཡིན་གདའ།

  4. ཏི་སི། says:
    2016-01-17 at 2:44 am

    ད་ལོ་ངས་བསམ་ན་བློ་སེང་རང་ལ་འོས་བླུག་གིས་ཡིན་ཁོ་རང་ལ་གོ་སྐབས་འདི་གཅིག་རང་སྤྲད་ན་ལས་དོན་མཇུག་སྐྱོང་བ་ག་ནས་བལྟས་ནའང་བཟང་། དེ་རྗེས་སྤེན་པ་ཚེ་རིང་ལ་བླུག་ན་འགྲོ་སྟངས་བྱས་ནའང་དེ་ག་རང་བབས་འདུག

  5. ཁྱུང་སེ། says:
    2016-01-17 at 2:45 am

    ང་ལ་དགོས་པའི་སྲིད་སྐྱོང་དེ་བྱུང་མི་འདུག་ད་སུ་སླེབས་ཀྱང་སྔ་མའི་སྔར་ལུགས་རེད་དབུ་མའི་མ་ཎི་གསོག་རྒྱུ་རང་རེད།། ལོ་འདིར་སྲིད་སྐྱོང་སུ་སླེབས་ཀྱང་བཙན་བྱོལ་བོད་མི་ཚོར་དབུ་མའི་ཟབ་སྦྱོང་དད་དབུ་མའི་སློབ་གྲྭ་ཞིག་བཙུགས་ནས་བོད་དོན་ཡར་མེད་མར་མེད་དབུ་མ་བར་དོའི་གནས་སུ་ཉིན་མ་བསྐྱེལ་རྒྱུ་ཞིག་དགོས། དབུ་མའི་སློབ་གྲྭའི་ནང་གི་འཛིན་དཔོན་དེ་ཁུག་རྟ་ཡིན། དགེ་རྒན་རྣམས་རྒྱ་ནག་ནས་གདན་འདྲེན་ཞུ་དགོས།

  6. གངས་ཕྲུག། says:
    2016-01-17 at 8:48 am

    སྤེན་ཚེ་ཡི་དབུ་ལམ་ནི་འདི་ལྟར་རེད། རྒྱ་ལ་མགོ་བཏགས་ཞུ་རྒྱུའི་དབུ་ལམ། བོད་ལ་མགོ་རྡུང་གཏོང་རྒྱུའི་དབུ་ལམ། རྒྱ་དང་གཉིས་མོས་བཟོ་རྒྱུའི་དབུ་ལམ། བོད་དང་གཉིས་མེད་བཟོ་རྒྱུའི་དབུ་ལམ། གཞོན་ནུ་དུམ་བུ་བཟོ་བྱེད་ཀྱི་དབུ་ལམ། མདོ་ཁམས་དགྲ་ཟླ་བཟོ་བྱེད་ཀྱི་དབུ་ལམ། བཀའ་ཤག་སྤྲང་པོ་བཟོ་བྱེད་ཀྱི་དབུ་ལམ། མི་ཆེན་དབུ་སྐོར་བཟོ་བྱེད་ཀྱི་དབུ་ལམ་། མི་ཆུང་མགོ་རྡུང་བྱེད་བཟོ་བྱེད་ཀྱི་དབུ་ལམ། བླ་སློབ་དམ་ཉམས་བཟོ་བྱེད་ཀྱི་དབུ་ལམ། གཞུང་འབང་ཁ་བྲལ་བཟོ་བྱེད་ཀྱི་དབུ་ལམ། མདོར་ན། ཐོབ་རྒྱུ་ཅི་ཡང་མེད་པའི་ཡོད་ཚོད་མྱུར་དུ་བརླག་རྒྱུའི་དབུ་ལམ་ཡིན་ནི་རེད།

  7. པདྨ says:
    2016-01-17 at 10:02 am

    གལ་ཏེ་སྤན་ཚེ་སྲིད་སྐྱོང་ཐོབ་ན་བོད་བཟང་སྤྱོད་ཟེར་བ་དེ་མི་བསད་དང་རྐུན་མ་ཁྲམ་པ་ཞིག་ངོས་འཛིན་བྱས་པ་རེད། ལྟོས་དང་གོང་ས་མཆོག་ཟེར་བ་ལས་ངོ་མ་བཤད་སོ་སོའི་སྣ་ནས་དུ་བའི་སྲེད་པ་དང་ཁ་ནས་ཆང་གི་དྲོ་བ་ཙམ་ཡང་རང་ངོས་ནས་མཚམས་འཇོག་མ་ནུས་ན། དབུ་མ་ཟེར་བ་བོད་རྒྱལ་ཁབ་ཆེན་པོ་བཙོང་ནས་དུད་ཆང་གི་རིན་པར་བརྗེ་བ་མ་ཡིན་ནམ། ད་མི་ཤི་ན་གོ་རྒྱུ་རིག་རྒྱུ་མང་གི་ཡ།

  8. བློ་གྲོས་རབ་བརྟན་ says:
    2016-01-17 at 11:52 am

    འདིར་མཆན་འགོད་འགའ་ལ་ཞུ་རྒྱུ། རྒྱུ་མཚན་དངགནས་ལུགས། དོན་དངོས་བཅས་བཤད་རྒྱུ་མེད་ན། དགའ་མིན་དང་ཆགས་སྡང་། རྫུན་གཏམ་སོགས་སུ་བཤད་པ་ཡིན་ན། ཤོད་མཁན་དེ་མི་རྫུན་རྐྱལ་དང་ཁྲབ་པ། དཀྲིག་མཁན། ཕྱོགས་རེས་ཅན་རེད། སོ་སོ་ག་འདྲ་ཡིན་པ་སོ་སོའི་སེམས་ན་གསལ་ངེས་རེད། དེ་སེམས་འཛིན་རོགས། གལ་ཏེ་དཀྲིག་གཏམ་སྐྱག་རྫུན་བཤད་མི་ནག་པོ་བཟོ་ཐབས་བྱས་ན། དོན་ལ་རང་ཉིད་མི་ག་འདྲ་ཡིན་པ་གསལ་བོ་བཟོ་བཞིན་འདུག་གོ།

  9. རྒྱ་ཞིང་མྱི་དཀར། says:
    2016-01-17 at 12:03 pm

    སྐད་ཆ་དྲང་མོ་བཤད་འདུག་ངོ་མ་བློ་ལ་བབ་སོང་། ཕྱོགས་ཞེན་དང་དགའ་ཉེ་གང་ཡང་མེད་པའི་ཐོག་འོས་སུ་ལ་བླུགས་ན་དེ་ལ་ཁྱད་པར་གང་ཡང་མེད། ངས་ནི་སྤེན་ཚེ་འདེམས་ཀྱི་ཡིན་ཡིན་ན་ཡང་བློ་སེང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་སྐྱོན་ཆ་གང་ཡང་འདོན་རྒྱུ་མེད།

  10. པདྨ says:
    2016-01-17 at 3:21 pm

    རེ་བ་མེད།
    -རྟོགས་སད་པས།
    ༡ ཆུང་མ་ལོག་གཡེམ། ༢ མི་བསད་ལག་དམར། ༣ གཞན་རྒྱུ་གཡོ་ལེན། ༤ བག་མེད་ཆང་འཐུངས། ༥ ནང་ཚོགས་དབྱེན་དཀྲུགས། བྱས་མྱོང་མཁན་གྱི་ནག་ཉེས་ཡོད་པའི་མི་སྣ་ཞིག་བོད་ཀྱི་སྲིད་སྐྱོང་ལ་བསྐོ་བཞག་བྱེད་རུང་ངམ།

    གལ་སྲིད་སྤེན་པ་ཚེ་རིང་ལ་འཇོན་ཐང་ཡོད་ན། མི་ལོ་ཉི་ཤུའི་ནང་བསྟན་ཡ་ཡོད་ན་དུས་ལ་བབ་ཟིན་ཡོད། བོད་ནང་རང་ལུས་མེ་བསྲེགས་གཙོས་པའི་བོད་ཀྱི་ཁོར་ཡུག་གཏོར་གཤིགས་དང་། རང་དབང་རྡོག་རོལ། ཉེས་མེད་བཙོན་འཇུག རྒྱ་གཞུང་གི་ཅི་ཙམ་བྱས་སོང་། སྤེན་ཚེ་ཁོང་ལ་ཐབས་བྱུས་དང་ནུས་པ་སྟོན་རྒྱུ་ཡོད་ན་བསྟན་དགོས་ས་ཡོད།

    མི་ལོ་ཉི་ཤུ་ཙམ་བོད་ཀྱི་ཆེད་དུ་ལས་དོན་བསྒྲུབས་ཡིན་མདོགས་ཀྱི་བོད་གཞུང་གི་དངུལ་ཟ་ནས་བསྡད་པ་རེད། རེད་དེ། ད་བར་ཁོང་རང་ཉིད་ཀྱི་ངོས་ནས་ཅི་ཡང་བྱས་རྗེས་དང་གྲུབ་འབྲས་བསྟན་རྒྱུ་མེད། ད་དུང་སྲིད་སྐྱོང་རྐུབ་སྟེགས་སྟེང་ལང་ཐུབ་པ་ཡིན་ན་ངས་ཁོང་ལ་དམིགས་གསལ་གྱི་ཅི་བྱས་རྒྱུ་ཡོད་སྣང་གཏན་ནས་མི་ཤར།

    ཁོང་ཚོའི་ཁ་ནས་བོད་རང་དབང་སླར་གསོ་ཅི་ལྟར་བྱེད་དགོས་མིན་དང་། བོད་མའི་དཀའ་ངལ་སེལ་ཐབས་ཀྱི་ལམ་ཇི་ལྟར་འཚོལ་དགོས་མིན་ཕར་བཞག་ནས་ནང་ཁུལ་གྱི་རྙོག་གླེང་དག་ལ་མགོ་བོ་འཐོམས་ཞིང་རྒྱལ་ཕམ་ཁོ་ན་བསམ་ནས་བསྡད་འདུག་པས་ང་ནི་མི་བུ་དེ་ཚོ་ལ་རེ་བ་གཏན་ནས་མེད།

    རང་ཉིད་ཀྱི་ད་བར་དུ་བོད་ཀྱི་རྩ་དོན་ཆེད་དུ་ཅི་ཡང་མ་འཇོན་པ་དང་འཇོན་མེད་པ་ཤེས་བཞིན་དུ། ད་དུང་སྲིད་སྐྱོང་རྐུབ་སྟེགས་སྟེང་ཧམ་སེམས་ཆེན་པོས་ལང་ཕོད་པ་ནི། ཧ་ཅང་གི་མི་ཁྲེལ་མེད་དང་བོད་མི་རིགས་ལ་ཤ་ཞེན་མེད་པའི་རྟགས་རེད། ཡང་བསྐྱར་ཁོས་བོད་ནང་གི་སྤུན་ཟླ་རྣམས་པ་ལོ་ལྔ་ལ་རང་དབང་མེད་པའི་དཀའ་སྡུག་དང་མནར་གཅོད་མྱོང་ཅུག་འདོད་ཡོད་རེད། བོད་ནང་གི་སྤུན་ཟླ་དང་བོད་མི་རིགས་ཀྱི་རྩ་དོན་ལ་བསམ་མནོ་མེད་པའི་སྤེན་ཚེ་ལྟ་བུ་སྲིད་སྐྱོང་ལ་འདེམས་པ་ནི་ཡིད་མུག་པ་ལས་མ་འདས་སོ།
    ༡༧/༠༡/༢༠༡༦

  11. ༄།།སྟར་བུ་དམར་བོ། says:
    2016-01-17 at 11:14 pm

    རེད་རེད། ཁྱེད་ཀྱི་སྲིད་འཛིན་གྱི་གདམས་ཀ་དེ་ནོར་མི་འདུག སྤྱིར་ན། སྤེན་པ་ཚེ་རིང་མཆོག་ལའང་བོད་མི་ཡོད་དོའི་མངོན་འདོད་བསྒྲུབ་ཐུབ་པའི་ནུས་པ་ཞིག་དང་། ཚང་མའི་ཁ་སྨྲས་ཆོད་འགྲོ་བ་ཞིག་བྱེད་དུ་མེད་པ་གསལ་བོ་རེད་དེ། ད་ལྟའི་སྲིད་སྐྱོང་ལས་ལྷག་ཅིག་དང་༧ གོང་ས་མཆོག་གི་བཀའ་དགོངས་བཞིན་འགྲོ་ངེས་པ། དེ་ལ་མངོན་ལྐོག་རྒྱབ་མདུན་གྱི་སྦྱོར་བ་མི་བརྩམས་ཤིང་། བོད་མི་བྱིངས་ཀྱི་མངོན་འདོད་ལ་ཧུར་ཐག་བྱེད་ངེས་པ་ཞིག་ཡིན་པ་ནི། བློ་ལྡན་གཟུར་གནས་སུ་ལའང་གསལ་བོར་ཆགས་ཡོད་པས། ད་ཐེངས་ཀྱི་སྲིད་སྐྱོང་ལ་སྤེན་ཚེ་ལས་ལྷག་ཅིག་མི་འདུག་ཅེས་བཤད་པར་སྤོབས།

  12. གངས་བུ། says:
    2016-01-17 at 11:20 pm

    ཕྱོགས་ཞེན་གྱི་ཁང་པའི་ཨ་མདོ་བ་བློ་ལྡན། སྤྱིར་སྟངས་ཨ་མདོ་བ་ཁག་གཅིག་ལ་ཕྱོགས་ཞེན་ཁོ་ན། མ་གཏོགས་གཞན་གང་ཡང་ཡོད་མ་རེད། མི་འདི་ཚོའི་ལོ་རྒྱུས་ལ་ལྟས་ན། སོ་སོའི་ལྟོ་གོས་ཁོ་ན་ཆེད་དུ་བོད་མི་རིགས་ཚོང་མཁན་དེ་འདྲ་རེད། ཉན་རྒྱུ་ཡོད་མ་རེད།

  13. བློན་ཆེན། says:
    2016-01-18 at 3:45 am

    བོད་མི་ཞིག་ལ་སྐྱེས་བའི་ཉིན་མོ་ནས་ད་ལྟ་བར་རྒྱ་གཞུང་ལ་ཁ་གཏད་གཅོག་པའི་ནུས་པ་སྤུ་ཙམ་ཞིག་འདོན་མྱོང་མེད་ནའང་། བོད་མི་ནང་ཁུལ་ལ་དཀྲོག་གཏམ་སྤེལ་སྐབས་བློ་རིག་དང་ལྡན་པ། སྙིང་སྟོབས་དང་ལྡན་པ། འགྲན་ཟླ་དང་བྲལ་བ་ཞིག་ཡིན་མདོག་སྟོན་མཁན་ཚོས་བསམ་བློ་ཞིབ་ཏུ་གཏོང་བའི་དུས་ལ་བབས་པ་རེད། ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་བྱས་ནས་གནོད་མ་སྐྱེལ། དཀྲོག་གཏམ་མ་སྤེལ། བོད་རིགས་ནང་ཁུལ་ལ་མཐོང་ཆུང་ཆད་གསོད་མ་བྱེད། རང་རང་གི་འོས་ཤོག་སུ་ལ་འཕེན་ན་དེར་འཕངས་ཏེ་རང་གཞན་མཉམ་བཀུར། བོད་རིག་ནང་ཁུལ་ལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ། ༧རྒྱལ་བའི་བཀའ་དགོངས་སྙིང་བཅིངས་ཀྱིས་བོད་སྤྱིའི་བདེན་མཐའ་སེལ་བར་འབད་པ་བྱ་བའི་བསམ་བློ་གཏོང་དགོས་པ་རེད། དེ་མིན་རྩོད་དགོས་པ་རྒྱ་ལག་ནས་མི་རྩོད་པར། བོད་རིགས་ནང་ཁུལ་ནས་བརྩད་བསྡད་ན། ཚང་མར་གནོད་པ་མ་གཏོགས་སུལའང་ཕུགས་རྒྱང་རིང་པོའི་ཁེ་ཕན་མེད་པ་ངེས་དགོས་སོ།

  14. བློན་གངས་བུ། says:
    2016-01-18 at 5:10 am

    པདྨ་ཟེར་བ་དེས་སྐུ་ངོ་མཆོག་ལ་གཞི་མེད་སྙོན་འཛུག་བྱེད་སྟངས་ལ་ལྟས་ན་ཁ་བའི་བདེ་སྡུག་ལ་རམ་འདེགས་སྤུ་ཡི་ཉག་མ་ཙམ་ཡང་བྱེད་མྱོང་མེད་པར་སྤྱི་ཚོགས་ཆུང་འདི་དུས་རྣམ་ཀུན་ཏུ་འཕོང་ལ་སྦྱོར་བའི་ཁམས་པའི་ཨ་ཕྲུག་ཞིག་ཡིན་པར་གདོན་མི་ཟ་བས་དྲང་བདེན་དང་གནས་ལུགས་བཤད་རྒྱུ་མེད་ན་དཀྲོག་གཏམ་མ་བྱེད་རོགས།

  15. བློན་གངས་བུ། says:
    2016-01-18 at 5:28 am

    ཡང་གཅིག་བཤད་ན་དཀྲོག་གཏམ་དེ་འདྲ་སྲིད་སྐྱོང་མཆོག་ལ་ཡང་མང་པོ་ཡོད་རེད་གང་ལྟར་ཡང་རང་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་འབུར་དུ་ཐོན་པའི་མི་སྣ་འདི་དག་མ་འོང་པའི་ཕུགས་འདུན་བཅོལ་ས་ཡིན་པས་ཁོངས་མི་འཁྱོར་བའི་དཀྲོག་གཏམ་དེ་འདྲ་སྲིད་སྐྱོང་གི་འོས་མི་སུ་ལ་འང་མ་བཤད་ན་ལེགས། རང་ཉིད་ལ་ནི་བློ་སེང་དང་སྤེན་ཚེ་སུས་ཐོབ་ན་ཁྱད་པར་གང་ཡང་མེད། རྒྱུ་མཚན་ནི་རྣམ་པ་གཉིས་སུ་ཡིས་ཐོབ་ན་བོད་ཀྱི་དམིགས་འདུན་འགྲུབ་པའི་རེ་བ་མེད། གནས་སྐབས་རིང་འདིས་འཇོན་དང་འདིས་མི་འཇོན་ཞེས་བཤད་པར་མི་སྤོབས།།

  16. བསོད་ནམས། says:
    2016-01-18 at 6:59 am

    རྔ་བ་བློ་བརྟན་དུས་བབ་མིང་ཐོག་ནད་ཨ་རི་སོང་སྟེ་ཚུར་མ་ཡོང་བའི་ངོ་ལོག་ཞབས་འདྲེན་པ་ཞིག་རེད། ་ཨ་རིའི་གཡོག་ལས་བྱས་པའི་མཇུག་འབྲས་ལ་ཆོལ་ཁའི་མཐུན་ལམ་གཏོར་ནས་སྤེན་ཚེ་ལ་རྒྱབ་སྐྱོར་དང་བློ་སེང་དང་ཀླུ་བྱམས་ལ་སྐྱོན་ཙམ་འཚོལ་ཁ་བྱེད་ཀྱི་འདུག ངོ་མ་སྙིང་རྗེ་སོང་།

  17. བློན་གངས་བུ། says:
    2016-01-18 at 7:44 am

    རྔ་བ་བློ་བརྟན་ལ་རྒྱུས་མངའ་མེད་བདེན་པ་ཡིན་རྒྱུ་རེད་བཙན་བྱོར་ནང་གི་བོད་ཕྲུག་དེ་ཚོའི་ཐོབ་བྱ་མཐར་ཐུག་ནུབ་ཕྱོགས་རེད་དེའི་ནང་ནས་ཨ་རི་རེད་སོང་ཙང་དེ་འདྲ་མང་པོ་ཡོད་རེད་ཁོང་གཅིག་པུ་ག་ལ་ཡིན་མཁས་པའི་མིང་ཐོབ་མང་པོས་དེ་འདྲ་བྱས་པ་རེད་བསམ་བློ་པོ་བཏང་ན་ཚད་ལྡན་གྱི་ལས་ཀ་ཞིག་ག་ལ་ཡིན་འོན་ཀྱང་དེ་འདྲ་མང་དྲགས་པས་བྱ་ཐབས་བྲལ།

  18. ཚེ་རིང་ནས། says:
    2016-01-18 at 8:32 am

    འོས་ཤོག་བློ་སེང་ལ་འཕེན་ན་དགའ།
    ༡༽ གཞིས་ཆགས་ཁག་གི་ཡིག་ཆ་སྲ་བརྟན་གྱི་ལས་གཞི་འགོ་འཛུགས་གནང་ཡོད།
    ༢༽ R.C དང་རྒྱ་གར་མི་སེར་ཐོབ་ཐང་ཉར་རྒྱུ་གདམས་ང་ཡོད་པ་བཟོས་པའི་ལམ་ཁར་འགྲོ་བཞིན་པ།
    ༣༽ གསར་འབྱོར་བ་རྣམས་ལ་ས་གཞི་དང་ཁང་པ་བཟོས་པའི་ལས་གཞི་འགྲོ་བཞིན་པ།
    ༤༽ བོད་ནས་འབྱོར་བའི་གསར་འབྱོར་བ་རྣམས་ལ་R.C བཟོ་རྒྱུའི་དཀའ་ངལ་ཡོངས་སུ་སེལ་བ།
    ༥༽ བོད་མི་རིགས་ལ་ཐུགས་བསམ་བཞེས་ཏེ་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་མེད་པ།
    ༦༽ གཞིས་བཞུགས་བོད་མི་རྣམས་ཀྱིས་བརྩེ་མཐོང་ཆེ་བའི་དཔོན་པོ།
    སྔོན་གྱི་ལས་ཀ་འཇུག་སྐྱོང་དགོས་ན་ཁོང་ལས་ལྷག་པ་སུ་ཡང་མེད།

  19. Gyelten says:
    2016-01-18 at 8:55 am

    ཧཧཧཧཧ་་་་ངོ་མ་ནོར་མེད་ནས་་་་་་དང་བོ་ཁྱེད་རང་གི་ཀུན་བློང་ཀུན་སྐྱོད་ལ་གཙང་མ་བཟོས་ནས་དེ་ནས་དབུས་འཕེན་ལ་ཕེབས་རོགས་་་ཐབས་ཤེས་བཞན་ནི་གསམ་བློ་དྲངས་ཚིག་ཅན་གི་མི་༢༠ད་ལོས་སྲིད་ཀྱིང་སུ་འབབ་མིན་བཀའ་དྲི་གནང་རོགས་་ཁྱེད་རང་གི་གང་གི་འབྲེལ་བྱེད་ལ་ལྟ་ན་ཁྱེད་རང་ཏོག་ཙམ་ར་བཟི་འདུག།

  20. བཙན་རྒོད། says:
    2016-01-18 at 11:24 am

    ལས་འབྲས་དང་བདེན་པ་ལ་རྒྱབ་དཔུང་ཞིག་ཡོད་ན། ཕྱོགས་ཞེན་དང་འཐེན་འཁྱེར་ཁོ་ནས་སྤེན་པ་ཚེ་རིང་ནག་པོ་བཟོ་མི་ཐུབ་ལ། བློ་བཟང་སེངྒེ་ཡང་དཀར་པོ་དེ་བས་ཀྱང་བཟོ་ཐུབ་མི་སྲིད། དྲང་བདེན་དང་གནས་ལུགས་བདེན་དབང་བྱས་ནས་སྐད་ཆ་དྲང་མོ་ཞིག་བཤད་ན་ད་ལྟའི་གནས་བབས་དང་བསྟུན་པའི་སྲིད་སྐྱོང་ནི་སྤེན་པ་ཚེ་རིང་ལས་ལྷག་ཅིག་མི་འདུག་འདོད། དེ་མ་ཡིན་པར་ཆོལ་ཁ་དང་ཆོས་ལུགས་ཕྱོགས་ཞེན་གྱི་དབང་དུ་སོང་བའི་སྲིད་སྐྱོང་ཞིག་འདེམས་དགོས་པ་ཡིན་ན་ངས་མཐའ་གཅིག་ཏུ་བློ་སེང་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། མཆན་གྲོགས་ཚོ་དེ་གཉིས་ལ་གང་ཞིག་རྒྱབ་དཔུང་བྱས་ནས་སྲིད་སྐྱོང་འོས་མི་འདེམས་དགོས་པ་རེད། ལམ་སྟོན་རེ་གནང་རོགས་ཞུ་ད་སྐབས་སྤྱི་ཚོགས་འདི་ཉོག་སོང་པས་ངས་གང་ཞིག་བྱེད་དགོས་པ་གསལ་བོར་ཤེས་ཀྱིན་མི་འདུག།

  21. བསྟན་རྣམ། says:
    2016-01-19 at 5:15 am

    གོང་དུ་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡང་བསྐྱར་གོ་སྐབས་ཤིག་སྤྲད་ན་ཡག་པའི་བསམ་ཚུལ་འདོན་མཁན་ཁ་ཤས་འདུག ངས་བལྟས་ན་ལོ་བཞི་ལ་བསྡད་པའི་རིང་ལ། བོད་མིའི་སྒྲིག་འཛུགས་དེ་ཧ་ལམ་འཐོར་བཤིག་བཏང་ནས་ལས་བྱེད་ཀྱི་སེམས་ཁམས་སྟོང་བ་བཟོས་བ། བཀའ་བློན་ནང་ཁུལ་མི་མཐུན་པ་བྱུང་བ། བཀའ་ཤག་དང་ལས་བྱེད་བར་ལ་རྒྱང་ཐག་རིང་དུ་བཏང་བ། ཁྲིམས་སྒྲིག་ལ་གཏོར་བཤིག་བཏང་ནས་རང་གི་ལག་རོགས་གཡས་འཐེན་གཡོན་འཐེན་བྱས་བ། ཁ་ནས་རང་ཁ་རང་གསོ་ཟེར་ཡང་སེམས་པའི་འཁྱེར་སོ་གཞན་རྟེན་ཡིན་པ། འགོ་མ་བརྩམས་གོང་ནས་སྦིར་གྲགས་ཆེ་ཡང་འགོ་བརྩམས་ནས་རྗེས་མི་འཁྱོང་བ། ནང་དོན་ལས་ཕྱི་རྫིགས་ལ་གཙིགས་ཆེན་འཛིན་མཁན། དངོས་ཡོད་ལས་སྟོང་གཏམ་ལ་དགའ་བ། དྲང་པོ་ལས་མགོ་གཡོག་མགོ་སྐོར་ལ་བྱང་བ། ཕྱི་གསལ་ནང་གསལ་ལས་ལྐོག་ལྐོག་སིབ་སིབ་ཆེ་བ། ཉིན་མོ་དབུ་ལམ་གསུངས་ཀྱང་མཚན་མོ་རང་བཙན་ལ་བཤད་དེ་མགོ་གཉིས་མ་ཡིན་པ། རྒྱལ་བའི་སྐུ་ཕྱཱ་ལས་རང་སྲུང་གལ་ཆེར་འཛིན་མཁན་ཡིན་པ་བཅས་ཡང་བསྐྱར་སྲིད་སྐྱོང་ལ་ལོ་ལྔ་བསྡད་ཚེ་གངས་ཅན་སྐྱིད་ཤོངས་འཐོར་བཤིག་ཕྱིན་ཏེ་ལྐོག་ཟ་བྱེད་མཁན་དང་ངོ་བསྟོད་མཁན་གྱིས་ཁེངས་ཏེ་དོན་ལ་གནས་བ་ཞིག་ཡོང་མི་སྲིད། ཁྱེད་ཀྱིས་འོས་ཤོག་གཅིག་འཕངས་བ་ཡིན་ཡང་དོན་ལ་ནག་ཉེས་ཆེན་པོ་རེད་སྙམ།

  22. ཀརྡོ་གཉེར་ཕྱག་པ་ says:
    2016-01-19 at 6:51 am

    ་་་་་་ ཉིན་མོ་དབུ་ལམ་གསུངས་ཀྱང་མཚན་མོ་རང་བཙན་ལ་བཤད་དེ་མགོ་གཉིས་མ་ཡིན་པ། ་་་་་་་་་

  23. ཀརྡོ་གཉེར་ཕྱག་པ་ says:
    2016-01-19 at 6:52 am

    ་་་་་་་་ སྔོན་གྱི་ལས་ཀ་འཇུག་སྐྱོང་དགོས་ན་ཁོང་ལས་ལྷག་པ་སུ་ཡང་མེད། ་་་་་་་་

  24. ༄།།སྟར་བུ་དམར་བོ། says:
    2016-02-14 at 6:00 am

    མནའ་ཤི་བོ། ཁ་སྔོན་ཞིག་ནས་བྲིས་བྲིས་བཞག་མོད། དེ་རིང་བར་དུ་ཡོང་མ་ཐུབ་ཐལ། ད་ནས་ལྟོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme