Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་འདི་ལྟར་སོང་ཡིན། ཁ་བ་སྐམ་པོ།

Posted on 2013-02-072013-02-07 By ཁ་བརྡ་ 17 Comments on ང་འདི་ལྟར་སོང་ཡིན། ཁ་བ་སྐམ་པོ།

 ཕྲན་ཉིས་ཤས་སྔོན་གྲོང་ཆེར་ཝ་ཪཱ་ཎཱ་སིའི་བསྟི་གནས་སུ་ཡོད་པའི་ཧིན་ངྷིའི་གཙུག་ལག་སློབ་ཆེན་དུ་བསྐྱོད་པ་ཡིན།  དེར་རང་རིགས་ཀྱི་སློབ་བུ་རྣམ་དཔྱོད་ཅན་འགའ་རེ་ཡང་འདུག་ལ།  དེ་དག་དང་མཉམ་དུ་འཇར་པན་གྱི་རིག་གཞུང་འཁྲབ་སྟོན་བགྱིས་བའི་གློག་བརྙན་ཞིག་ཏུ་བལྟ་རུ་སོང་བ་ཡིན།  ཁོང་ཅག་གི་ལུགས་ལྟར་མགོ་སྒུར་སྒུར་བྱེད་བཞིན་པའི་སྣེ་ལེན་པ་དག་གིས་བསུ་མ་བྱས་བྱུང་། ཉིན་གུང་བར་དུག་སྦྲང་ལ་གཡུལ་འགྱེལ་བྱེད་བཞིན་རྩེ་དགོད་མང་པའི་རིག་གཞུང་འཁྲབ་སྟོན་གྱི་བརྙན་འཕྲིན་དེར་བལྟས་བ་ཡིན།
དུས་ཚོད་རྒྱང་དུ་བཞུད་པ་དང་མཉམ་
དུ་ལེའུ་དང་པོ་ལྟ་བུ་དེ་རྫོགས་སོང་བས་སྔམས་སྔམས་ངང་ཕྱིར་སྒོར་བུད།  དཀྱིལ་ཞེང་ན་ཀི་ལོ་མིའི་ཏྲ་ཉེར་ལྔ་ཡོད་པའི་སློབ་གླིང་དེའི་ནང་ན་སློབ་ཆེན་གྱི་སྡེ་ཁག་བཅོ་བརྒྱད་ཡོད་ཟེར་ལ།  དེ་རེ་རེ་ལ་སློབ་ཆེན་ཞིག་གི་ཆར་ཆེན་ཡར་ལྡན་དུ་ཚང་བར་སྨ།  དཀྱིལ་དབུས་ཀྱི་དཔེ་མཛོད་ཁང་མཐོན་པོ་དེར་སོང་ན་ཧིན་བོད་ཤན་སྦྱར་གྱི་ཚིག་མཛོད་རེ་ཡང་མངོན་རྒྱུ་འདུག་དུས་སྤྲོ་སྣང་རེ་ཡང་བཅས་མིན་དུ་འཁྲུངས་བྱུང་།  དངོས་རྫས་གཤམ་སྟོན་ཁང་དུ་འགྲོ་སྐབས་ཀྱང་གུག་གུ་ཕྱིར་ལོག་ཅན་གྱི་རང་ཡིག་གླེགས་བམ་རེ་རྡུལ་རྫས་ཀྱི་ཀློང་ན་གཉིད་དུ་ཡུར་འདུག་པ་རེ་ཟུང་ཞིག་ཅིང་བདོག་པ་དེ་རེད།  རེད་་་་་་འདིར་ཡོད་ཀྱི་སློབ་མ་དག་ནི་མང་ཆེ་བ་རྒྱ་གར་རང་གི་མྱི་རེད་ལ།  ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་ཡང་མི་ཉུང་བ་ཞིག་འདུག  སྤྱིར་ཡིན་ན་གྲོང་ཆེར་ཝ་རཱ་ཎཱ་སི་འདི་གེ་སྙུགས་ཀྱི་ཕ་ས་ཞིག་ཡིན་མོད།  སློབ་གླིང་འདིའི་སྒོ་ཆེན་མཐོན་པོ་དེའི་འོག་ནས་ཡར་འཛུལ་བ་ནས་གཙང་སང་སང་ཞིག་རེད་འདུག  དེ་བས་ཀྱང་འདིར་ཡོད་ཀྱི་སློབ་ཕྲུག་གསར་བུ་གསར་མོ་དག་ནི་ས་འདིའི་ཨེ་ཡིན་བསམ་པ་ཞིག་ཡང་ཡང་སྐྱེས་བྱུང་།  ཕར་བལྟས་ཚོད་ཀྱིས་ཁོང་ཅག་ཡོངས་ཀྱི་ལུས་ལ་གྱོན་ཆས་སྤས་ལེགས་གྱོན་ཡོད་པར་མ་ཟད།  ལུས་ཀྱི་ཤ་སྟོབས་དང་སྐེད་པའི་འཇོ་སྒེག་ལ་སོགས་པས་རེ་ཞིག་ཧལ་དུ་བཅུག་པ་ཡང་ང་གཅིག་པོ་ག་ལ་ཡིན། ད་དུང་ཡར་བསྐྱོད་མར་འགྲོ་གི་སྐབས་ཡང་འཕྲུལ་རྟ་དང་ཡང་ན་ལྕགས་རྟ་མེད་མཁན་ཞིག་མེད་པ་འདྲ།  ཕྲན་སོང་ཉིན་ནི་གཟའ་ཉི་མ་ཡིན་མོད།  ཡིན་ན་ཡང་སློབ་ཕྲུག་གང་མང་ཞིག་མངོན་རྒྱུ་འདུག  གླིང་འདིར་སློབ་མ་གྲངས་ཉིས་ཁྲི་ལྷག་ཅིག་ཡོད་རབས་བཤད་སོང་ལ།  སྐད་རིགས་ཀྱང་དྲུག་ཅུ་ཡས་མས་ཤིག་སྦྱང་གཞིར་ཡོད་པར་སྨ།  སློབ་བུ་དག་གི་སྐྲའི་ཁ་དོག་དང་གདོང་གཟུགས་ཀྱི་དབྱིབས་ལས་ཀྱང་མི་རིགས་གང་མང་ཞིག་འདུས་ཡོད་པ་ཆེས་ཆེར་ཤེས་ཐུབ།  ནང་གི་ཁང་བརྩེགས་དང་ཁོར་ཡུག་གི་རྣམ་པ་གང་ལ་ཡང་ལོས་ཡིན་བསམ་བསམ་ཞིག་ནི་འགྲོ་འཆག་གི་སྐབས་སུ་བལྟས་ན་གྲོང་ཁྱེར་སྤས་ལེགས་ཤིག་གི་ནང་རྫོང་ཕྱིར་འཕྱུར་འདུག་པ་ཞིག་རེད།  ནང་གི་སློབ་མ་དག་ཀྱང་མཚམས་ལ་ལར་མགོ་ཡང་ཡང་འཁོར་སོང་བའི་གཏམ་རེ་ཡང་འདུག  ཕྲན་གྲོགས་པོ་འགའ་དང་བཅས་ཟ་ཁང་དང་ཇ་ཁང་རེ་རེར་རིམ་བགྲོད་ཀྱིས་ལྟོ་བ་འགྲང་རྗེས་དུས་ཚོད་ཀྱི་རྐྱེན་བྱས་ཕྱིར་འགྲོན་ཁང་དུ་མི་ལོག་ཁ་མེད་བྱུང་སོང་པས།  རྗེས་ལོན་ཞིབ་ཚགས་ཤིག་བྱེད་ཐུབ་མ་སོང་ཐལ།

རྩོམ་རིག

Post navigation

Previous Post: གྲོང་ཁྱེར་ཅན་རྡི་སྒར་དུ་བོད་དོན་མར་མེ་ཁྲོམ་སྐོར།
Next Post: ལོ་མ་སར་གངས་ཐན་འབྱུང་བར་རྨིས།

Comments (17) on “ང་འདི་ལྟར་སོང་ཡིན། ཁ་བ་སྐམ་པོ།”

  1. གཡུ་བྲག་པ says:
    2013-02-07 at 10:56 am

    ཡིག་ནོར་མང་གི

  2. མེ་ཏོག་དཀར་པོ says:
    2013-02-07 at 11:42 am

    དཀྱིལ་ཞེང་ km 25 ཟེར་ན་ཅུང་ཡིད་ཆེས་མ་སོང་།

  3. ཁྱུང་དཀར says:
    2013-02-07 at 1:26 pm

    ཨོ་ཨོ་ཨོ། རྩོམ་རྙོག་ནང་ན་ཇི་འདྲའི་ཡིག་ནོར་མོད་པོ་ཞིག ཁ་བ་སྐམ་པོ་སློབ་ཆེན་པ་ཞིག་ཡིན་ས་མ་རེད་བེ།

  4. ཨོ་རྒྱན་ཉི་མ། says:
    2013-02-07 at 1:46 pm

    ཡིག་ནོར་ཡོད་སྲིད་པ་རེད།། ནོར་གྱིན་ནོར་གྱིན་མཁས་པ་ཆགས་དགོས་པ་ལས། དང་པོ་ནས་མ་ནོར་མཁན་སུ་ཡོད། གཅིག་ནོར་ན་གཉིས་འདྲི་དགོས་པ་དང་། གསུམ་ནོར་ན་བཞི་འདྲི་བ་སོགས། མདོར་ན་དུས་ནམ་ཡང་མཚམས་མ་བཞག་ན་རྒྱལ་ཁ་འཐོབ་ངེས་སོ།།

  5. གནམ says:
    2013-02-07 at 7:11 pm

    ཡིག་ནོར་ཚང་མ་སྒུམ་ནས་ཁོ་ལ་ལག་རྟགས་ཞིག་གི་ཚུལ་དུ་ཕུལ་ན་ཡག་པོ་ཡོད་པ་རེད། ད་དུང་ཀློག་པ་པོ་ཚང་མ་ལ་ཡང་ཕན། གང་གང་ནོར་བའི་ནོར་ངོ་ཆོད་ནིའི་གཡུ་བྲག་དང་ཁྱུང་དཀར་སོགས་ཀྱིས་ཁ་གསལ་དུ་བཀོད་པར་ཞུ།

  6. གནམ says:
    2013-02-07 at 10:00 pm

    ཁ་བ་སྐམ། ཡིག་རྩ་སྐམ། རིགས་གཞུང་སྐམ། སྐམ་དང་མ་སྐམ་སྐམ་པའི་ཁ་བ་སྐམ་པོ། ད་ཁྱོད་ཡོང་ནས་ང་ཚོ་ལ་དགོངས་དག་ཐུགས་དམ་ཞུ་ཡ་མིན་པེ།
    རྒྱུས་ལོན་ཞིབ་ཚགས་ཟིག་མེད་ན་མེད་རེད་ཨ། ཡི་གེ་དག་མོ་ཟིག་མི་འབྲི་དོན་ཅི་རེད་དམ།

  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-02-08 at 1:21 am

    ཨ་རོགས། གནམ་ལགས། ཁྱོས་ཀྱང་ཡིག་ནོར་འགའ་བྲིས་ཡོད་ཀི་ཡ། རིག་གཞུང་། ཐུགས་བདེན། ཡིན་ཁ་འདྲ་ཟིག་རེད། ཁྱོས་ཡང་བསྐྱར་གཅིག་ལྟོས་དང་།

  8. ཁྱུང་དཀར says:
    2013-02-08 at 3:43 am

    གནམ་གྱི་བསམ་ཚུལ་ལྟར་ངས་ཤེས་པའི་ཁོང་གི་ཡིག་ནོར་འགའ་འདིར་བཤམ་ཀི་ཡིན། གྲོང་ཆེར རྩེ་དགོདཆར་ཆེན སྨགེ་སྙུགསསྤ་ལེགསའགྲོན་ཁངརྗེས་ལོན

  9. ཁྱུང་དཀར says:
    2013-02-08 at 3:47 am

    ཨོ། དགོངས་དག གཏོང་སྟངས་ནོར་སོང་། གྲོང་འཁྱེར། རྩེད་དགོད། ཆར་ཅན། སྨྲ། གད་སྙིགས། སྤུས་ལེགས། མགྲོན་ཁང་། རྒྱུས་ལོན།

  10. གནམ says:
    2013-02-08 at 3:59 am

    ཐེ་བོ་ཤེས་རབ་ལགས་སུ་ཞུ་འཕྲིན།
    རིག་གཞུང་གི་རིག་ནི་བཏགས་ནོར་ཡིན། དེ་རིང་ནོར་བ་མ་རེད་ཟེར་ས་མི་འགྲོ་འི།
    ཐུགས་བདེན་གི་བདེན་ནི་ནོར་བ་རང་ཡིན། བསམ་བློ་མ་གཏང་བར་གོ་ཚོད་ཡིད་ཚོད་ཙམ་ཞིག་བེད་སྤྱད་པ་རེད། ཁྱེད་ཁའི་བཀའ་དྲིན་ལ་མིང་ཚིག་འདི་ང་དང་མཉམ་དུ་སྐྱེས་མེད་ཀྱང་། ང་དང་མཉམ་དུ་ཤི་དགོས་བར་ཐུག་སོང་བས་ཁྱེད་ལ་བཀའ་དྲིན་ཞུ།

    ཡིན་ཁ་འདྲ་ཟིག་ཟེར་བའི་ཡིན་ཁ་དེའི་ཁ་དུ་ཁུལ་ཡིན་པ་འདྲ་ཞིག་ཡིན་ཡང་། ཁྱེད་ཁས་ཡང་ཐུགས་བསམ་ཞིག་བཞེས་རོགས་ཞུ།

  11. གནམ says:
    2013-02-08 at 4:17 am

    ཁྱུང་དཀར་ཁྱོད་སེམས་དཀར་ཞིག་ཡིན་པ་འདྲ། གཡུལ་འགྱེད་འདི་ཁྱོས་རིག་མེད་པ་འདྲ་བས། ངས་ཁ་སྐོང་གི་ཚུལ་དུ་ཕུལ་ཡིན།

  12. གནམ says:
    2013-02-08 at 4:21 am

    ཐེ་བོ་ཤེས་རབ་ལགས།

    ཡིན་ཁ་འདྲ་ཟིག་ཟེར་བའི་ཡིན་ཁ་དེའི་ཁ་དེ་ཁུལ་ཡིན་པ་འདྲ་ཞིག་ཡིན་ཡང་། ཁྱེད་ཁས་ཡང་ཐུགས་བསམ་ཞིག་བཞེས་རོགས་ཞུ།

  13. dechensemkyi says:
    2013-02-08 at 4:47 am

    ཕོ་གསར་སྟག་རྒོད་འདྲ་བ་བཞི་འདུག དེ་ཚོ་སུ་སུ་རེད། ངོ་སྤྲོད་རེ་བྱེད་ཐུབ་ས་རེད་པས

  14. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-02-08 at 7:13 am

    གནམ་ལགས། ཡིན་ཁུལ་དང་ཡིན་ཁ་གཉིས་ཀྱི་དོན་བསྟན་སྟངས་ལ་ཁྱད་པར་ཞིག་འདུག་སྙམ། ཁྱོད་ཀྱིས་ལྟོས་དང་། ཡིན་ཁ་ཞེས་བཤད་ཚེ་འདིས་ཐེ་ཚོམ་པ་སྟོན་གྱི་འདུག ཡིན་ཁུལ་ཞེས་པ་འདི་ཡིན་པའི་ཚུལ་ཞེས་པའི་དོན་དང་འདྲ་བོ་འདུག་སྙམ་མོ།།

  15. གནམ says:
    2013-02-08 at 9:33 am

    ཡིན་ཁ་ཡིན་ན། མིན་ཁ་ཡིན་དགོས་པས་ཡོད་ཚད་ཁ་འི་ལོག་སོང་ན་གོ་རྒྱུ་ཚོར་རྒྱུ་རྟུག་ཟིག་འདྲ་ཞིག་མེད་ཀི།
    དེ་ཡིན་ཁ་ཟིག་རེད། དེ་མིན་ཁ་ཟིག་རེད། འདི་ལ་གོ་བ་མི་འདུག།
    དེ་ཡིན་ཁུལ་ཟིག་རེད། དེ་མིན་ཁུལ་ཟིག་རེད། ཡིན་མིན་གསལ་པོ་དེ་ཐག་གིས་མི་ཆོད་པའི་ཐེ་ཚོམ་གྱི་གོ་བ་ཞིག་ཡོད་པ་རེད། ས་ཆ་ལ་ལ་ནས་ཁུ་གཅིག་པོ་ལས་རྗེས་འཇུག་ལ་དེ་མི་གསལ། ཡང་ས་ཕྱོགས་ལ་ལ་ནས་ཁུལད་ཞེས་ཡང་འཇུག་ད་དེ་ཡང་གསལ་བོར་ཐོན། ཁ་གཅིག་པོ་ཀློག་ནི་ཟིག་གོ་མྱོང་།

  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-02-09 at 4:51 am

    གནམ་ལགས། ཁ་དང་ཁུལ་གཉིས་ལ་ནང་དོན་ཁྱད་པར་ཧ་ཅང་ཆེ། ངི་གཉིས་འདི་ནས་དཔེ་བརྗོད་ཅིག་གི་ཐོག་ནས་བལྟ་དགོས། བཀྲ་ཤིས་ནི་རྩོམ་པ་པོ་ཞིག་ཡིན་པའི་ཁུལ་རེད། ཅེས་ལབ་ཚེ་ལབ་མཁན་དེས་ཁྱོད་ལ་བཀྲ་ཤིས་ཀྱིས་དོན་ངོ་མ་བཤད་ན་རྩོམ་ཡིག་ཡག་པོ་ཞིག་འབྲི་མི་ཤེས་ནའང་ཁོང་རང་གིས་གཅིག་འབྲི་མདོག་མདོག་བྱེད་ཀྱིན་ཡོད་པ་དེ་བསྟན་ཡོད། བཀྲ་ཤིས་ནི་རྩོམ་པ་པོ་ཞིག་ཡིན་ཁ་ཟིག་རེད། ཅེས་ལབ་ཚེ་སྐད་ཆ་དེས་ཁྱོད་ལ་བཀྲ་ཤིས་ཀྱི་རྣམ་འགྱུར་སོགས་ལ་བལྟས་ན་ཕལ་ཆེར་རྩོམ་པ་པོ་ཞིག་ཡིན་ས་རེད་ཅེས་ཐེ་ཚོམ་གྱི་སྒོ་ནས་བཤད་ཡོད། དེ་འདྲ་ཞིག་ཨེ་རེད།

  17. གནམ says:
    2013-02-09 at 8:37 am

    འབྲི་ཁུལ་བྱེད་ཀི་བསྡད་ཡོད་ཀི་རེད་ཨ། དག་ཆ་དྲན་གི་མེད་ཀི།
    བཤད་ཁུལ་བྱེད་ཀི་ཡོད་ཀི་རེད་ཨ། ཅང་ཤེས་འི་མེད་ཀི།
    དེ་མིན།
    ཡིན་མདོག་ཁ་པོ་འདྲ་ཟེར་བའི་བསྡུས་ཚིག་དུ་འདོད་ན་མ་འགྲིགས་པ་མེད་ཀྱང་། དེ་ནི་ད་དུང་ཡང་ཡིན་ཐག་ཆོད་པའི་ཚིག་ཞིག་མ་རེད་འདོད།
    རྩོམ་པ་པོ་ཞིག་ཡིན་ཁ་འདྲ་ཟིག་རེད།
    གང་ལྟར་ཁྱེད་ཉིད་བདེན། བེད་སྤྱོད་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme