Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོས་ཇི་ལྟར་བྱས་ནས་ཁྱེད་ཀྱི་དྲིན་ལན་འཇལ་དགོས་སམ།

Posted on 2016-08-272016-08-28 By ཁ་བརྡ་ 31 Comments on ང་ཚོས་ཇི་ལྟར་བྱས་ནས་ཁྱེད་ཀྱི་དྲིན་ལན་འཇལ་དགོས་སམ།

རྫོང་སར་མཁྱེན་བརྩེ། (རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།)

 
How can we ever repay your kindness in pointing out?
該如何報答您的慈恩?
ང་ཚོས་ཇི་ལྟར་བྱས་ནས་ཁྱེད་ཀྱི་དྲིན་ལན་འཇལ་དགོས་སམ།

ཉེ་ཆར་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལྷ་ལྡན་དུ་ཕེབས་ཏེ་ཇོ་བོ་ཡིད་བཞིན་ནོར་བུར་གསེར་ཞལ་སྒྲོན་ཟིན་རྗེས་ཁོང་གིས་སྒེར་གྱི་དྲ་ངོས་ཤིག་ཏུ་སྤེལ་གནང་བ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ལས་བསྒྱུར་བ་དང་། རྩོམ་ཡིག་གི་ཁ་བྱང་སྒྱུར་བ་པོས་བཏགས་པ་ཡིན།

How can we ever repay your kindness in pointing out – even 2,500 years ago – that one is one’s own master. Who else, you asked, can be one’s master?
該如何報答您的慈恩?
早在二千五百年前,您即已明示:
自己才是自己的主人。
您問道,除卻自身,還有誰堪作自己的主宰?
ང་ཚོས་ཇི་ལྟར་བྱས་ནས་ཁྱེད་ཀྱི་དྲིན་ལན་འཇལ་དགོས་སམ། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དེར། ཁྱེད་ཀྱིས། བདག་ཉིད་བདག་གི་མགོན་ཡིན་ཏེ། །ཞེས་གསལ་པོར་བསྟན། ད་དུང་ཁྱེད་ཀྱིས། བདག་ཉིད་འབའ་ཞིག་ལས་གཞན་སུ་ཞིག་རང་ཉིད་ཀྱི་བྱེད་པ་པོ་བྱེད་ཐུབ་ཅེས་དྲིས།

unnamed-3You also said that, just as one does not wish to be harmed by others, one should never harm others.
您亦說到,
正如我們不想被他人所傷,
我們也不該傷害他人。
དེ་བཞིན་ཁྱེད་ཀྱིས། ང་ཚོ་ལ་་མི་གཞན་གྱིས་གནོད་པ་བྱས་ན་མི་འདོད་པ་ནང་བཞིན། ང་ཚོས་ཀྱང་མི་གཞན་ལ་་གནོད་པ་བྱེད་པ་ནི་འོས་འཚམས་ཤིག་མ་རེད་ཅེས་གསུངས།
You further stated that whatever is perceived by the eye, ear, nose, tongue, body and mind is never ultimately valid.
更進一步,你說到,
眼耳鼻舌身意一切所感,
究竟非真。
ད་དུང་མུ་མཐུད་ནས་ཁྱེད་ཀྱིས། མིག་རྣ་སྣ་ལྕེ་ལུས་ནས་ཡིད་ཀྱི་བར་གྱི་ཤེས་ཚོར་ཡོད་ཚད། དོན་ལ་དེ་ལྟར་མ་གྲུབ་གསུངས།

And yet you told us never to take your words for granted, and only to accept them after careful scrutiny.
縱然如此,您亦告誡我們,
對您所說的話,切莫不假思索地聽信,
而應悉心檢視再作決定。
མ་གཞི་ལྟར་ཡིན་ན་ཡང་། ཁྱེད་ཀྱིས་ཡང་བསྐྱར་ང་ཚོར། ངའི་བཤད་པ་འདི་དག་ལ་རྟོག་དཔྱོད་བྱེད་ཁོམ་མེད་པར་ཡིད་ཆེས་བྱས་རྐྱང་མ་བྱེད་པར། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་བརྟག་བྱས་ཏེ། གཞི་ནས་ཐག་གཅོད་བྱེད་དགོས་པའི་བསླབ་བྱ་གནང་།

These, and every one of the many other words you uttered, are priceless.
這些話語,
以及您眾多開示中的每一字句,
都是如此珍貴無價。
བཀའ་མོལ་འདི་དག་དང་། ད་དུང་དེ་ལས་མང་པའི་བཀའ་སློབ་དག་དེ་དག ཚིག་འབྲུ་རེ་རེ་བཞིན། འདི་ལྟར་རིན་ཐང་གཞལ་མེད་ཀྱི་ནོར་བུ་ཁོ་ན་ལགས།

The only way to repay your kindness is by being you!
若非成為您,
何以報答您的慈恩!
བྱས་ན། ཁྱེད་ཀྱི་ངོ་བོར་མ་གྱུར་བར། ཇི་ལྟར་བྱས་ནས་ཁྱེད་ཀྱི་བཀའ་དྲིན་གཞལ།

Nevertheless, as a feeble human being who hallucinates that gold is precious, I offer this to you.
盡管如是,
作為一個錯把黃金視為珍貴之物的卑微人類,
我仍要將黃金供養您。[玫瑰][玫瑰][玫瑰]🙏🙏🙏
དོན་དངོས་དེ་ལྟར་ཡིན་ན་ཡང་། གསེར་དངུལ་རྩ་ཆེན་དུ་བརྩི་བའི་ནོར་འཁྲུལ་ཤུགས་ཆེ་བའི་མི་ཐ་ཤལ་བ་ཞིག་གི་ངོས་ནས། ད་དུང་མུ་མཐུད་ངས་གསེར་གྱི་མཆོད་པ་འདི་ཁྱེད་ལ་འབུལ།

འགྱུར་རྩོམ།

Post navigation

Previous Post: ཡིག་ནོར་འགའ་ཞིག་ལ་དག་བཅོས།
Next Post: རེ་བའི་སྙན་དབྱངས། (གཞས་གསར།)

Comments (31) on “ང་ཚོས་ཇི་ལྟར་བྱས་ནས་ཁྱེད་ཀྱི་དྲིན་ལན་འཇལ་དགོས་སམ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-08-28 at 6:36 am

    བཀའ་བཞིན་སྒྲུབ་པའི་མཆོད་པར་འབུལ་རྒྱུ་ཡོད་པ་མ་ཤེས་སམ། མ་གཞི་ཕུང་གསུམ་པ་ཚོས་མཚམས་རེར་སྐད་ཅ་ཐང་པོ་མེད་པ་བཤད་ཀྱི་རྒྱུན་ལྡན་རེད་ཡ།

  2. ནོར་བུ says:
    2016-08-28 at 7:14 am

    མི་འདིའི་དེང་སྐབས་་བཀའ་དང་བསྟན་འགྱུར་ལ་སོགས

    དབྱིན་ཡིག་དུ་སྒྱུར་ནས་བཙོང་བཞིན་པས་གང་སར་ཁྱབ་ཡོད་ཀྱང

    ཉེ་ཆར་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་པའི་ཚུལ་ཙམ་མོ །།

  3. བེ་རེ་གདོང་ནག says:
    2016-08-28 at 11:55 am

    བླ་མ་འདི་་་སྐྱ་མིན་སེར་མིན་་ཡག་པོ་མི་འདུག ད་དུང་་ཆོས་བརྒྱད་རོ་སྙོམས་སུ་རྟོགས་པའི་གྲུབ་རྟགས་ལྟ་བུ་བརྩིས་་ནས་་་བསྟོད་པ་ལུང་པ་གང་བྱེད་ཀྱིན་འདུག དེ་འདྲ་བྱས་ན་་་་རྒྱ་བླ་ཚོས་ཞབས་འདྲེན་ཞུས་རབས་བཤད་པ་དེ་རྒྱུ་མཚན་ཡང་དག་མིན་འདུག རྣལ་འབྱོར་པའི་རྒྱུད་ཚོད་སུས་ཟིན། བཀའ་འགྱུར་ཕྱི་སྐད་ཐོག་བསྒྱུར་བ་དེ་སྤྱི་སྟངས་བཤད་ན་་སོ་སོས་བེད་སྤྱོད་མ་བཏང་བར་རང་གི་ལག་ནང་གི་ནོར་བུ་མི་ལ་སྤྲད་པ་དང་གཅིག་པ་རེད།

  4. བེ་རེ་གདོང་ནག says:
    2016-08-28 at 11:58 am

    བླ་མ་དེ་་་སྐྱ་མིན་སེར་མིན་་ཡག་པོ་མི་འདུག ད་དུང་་ཆོས་བརྒྱད་རོ་སྙོམས་སུ་རྟོགས་པའི་གྲུབ་རྟགས་ལྟ་བུ་བརྩིས་་ནས་་་བསྟོད་པ་ལུང་པ་གང་བྱེད་ཀྱིན་འདུག དེ་འདྲ་བྱས་ན་་་་རྒྱ་བླ་ཚོས་ཞབས་འདྲེན་ཞུས་རབས་བཤད་པ་དེ་རྒྱུ་མཚན་ཡང་དག་མིན་འདུག རྣལ་འབྱོར་པའི་རྒྱུད་ཚོད་སུས་ཟིན། བཀའ་འགྱུར་ཕྱི་སྐད་ཐོག་བསྒྱུར་བ་དེ་སྤྱི་སྟངས་བཤད་ན་་སོ་སོས་བེད་སྤྱོད་མ་བཏང་བར་རང་གི་ལག་ནང་གི་ནོར་བུ་མི་ལ་སྤྲད་པ་དང་གཅིག་པ་རེད།

  5. ཀློང་ཆུང་ says:
    2016-08-28 at 6:46 pm

    ཉེ་འཆར་ཁོང་གིས་འཇམ་མགོན་ཀོང་སྤྲུལ་གྱི་དོན་རྐྱེན་དང་འབྲེལ་ནས་རྩོམ་རིང་མོ་ཞིག་བྲིས་འདུག དེ་བོད་ཡིག་ནང་བསྒྱུར་ཐུབ་ན་བཟང་།

    རྩོམ་དེའི་ནང་སྤྲུལ་སྐུ་ཚོ་སྐྱག་ཁྲལ་རྒྱག་དྲག་པ་རེད་གསུངས། རྒྱལ་དབང་ཀརྨ་པ་སོགས་ཀྱིས་ངེས་པར་གཟིགས་དགོས། སློབ་གསོ་གནང་འདུག ཟུར་ཟ་ཡང་མང་པོ་འདུག

  6. ཚེ་རིང་ says:
    2016-08-29 at 12:54 am

    ཀློང་ཆུང་ལགས་ང་ཚོས་ནོར་འཁྲུལ་བྱེད་ཀྱི་ཡོད་པ་དེར་ངོས་ལེན་གནང་ནས་སྐྱོན་ཆ་ཡོ་སྲང་གནང་རྒྱུ་གལ་ཆེ་་་་་་་་

  7. འབྲོང་བུ་སོག་ཚ། says:
    2016-08-29 at 9:55 am

    དོན་མེད་བླ་མ་ལ་སྐུར་འདེབས་དེ་འདྲ་མ་ཞུས་ན་ལེགས། རྫོང་གསར་མཁྱེན་ཞུ་མཁན་འདི་བླ་མ་གང་མི་ཚད་ཀྱི་ཕྱི་གསལ་ནང་གསལ་གནང་མཁན་ཞིག་དང་། ནང་ཆོས་འདི་ཕྱི་ནང་ཡུལ་གྲུར་གང་སར་ཁྱབ་སྤེལ་གནང་མཁན་ཚད་ལྡན་གྱི་བླ་མ་ཞིག་ཀྱང་རེད་འདུག མ་ཚད་ཁོང་གི་སྐུ་སྐྱེ་གོང་མས་༧སྐྱབས་མགོན་རིན་པོ་ཆེ་ལ་གུ་རུའི་སྐུ་ཞིག་བཞེངས་ན་བོད་འདི་གནོད་སྐྱོན་ལས་ལྡོག་ཐུབ་པའི་བཀའ་སློབ་ཅིག་ཕུལ་ནའང་། འོག་གི་ཞབས་གྲས་ཚོའི་བཀའ་བཞིན་མ་སྒྲུབ་པའི་རྒྱུ་མཚན་ལ་བརྟེན་ ༡༩༥༩ ལོར་ང་ཚོའི་རྒྱལ་ཁབ་དེ་རྒྱ་དམར་གྱི་ལག་ཏུ་ཤོར་བའི་ལོ་རྒྱུས་ཡང་ཡོད།

  8. ནུབ་ཕྱོགས་གངས་ཕྲུག says:
    2016-08-29 at 12:34 pm

    གང་ལྟར་བླ་མ་དེའི་སྐྱེ་དམན་མང་པོར་ཆགས་པ་སྤྱོད་ཀྱི་ཡོད་པ་ཡོངས་གྲགས་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-08-29 at 2:13 pm

    ་་་་་་རང་གི་ལག་ནང་གི་ནོར་བུ་མི་ལ་སྤྲད་པ་དང་གཅིག་པ་རེད། ་་་་་་་་་ ཟེར།

  10. ཅོ་རི་ཉི་མ། says:
    2016-08-30 at 9:49 am

    ལྷ་སའི་ཇོ་བོ་ཟེར་བའི་ཐང་སྲས་བླ་མའི་འདྲ་གཟུགས་གསོན་པོ་འདིར་ཤཀྱའི་རྒྱལ་པོའི་སྐུ་འདྲར་ཡིན་སྣང་ཤར་ནས་རྫོང་གསར་མཁྱེན་བརྩེ་ལགས་འཁྲུལ་ཡོད་ཟོལ་འདུག་ག རྒྱ་གར་འཕགས་ཡུལ་དུ་བྱུང་མྱངས་བའི་ཤཀྱའི་རྒྱལ་པོ་ཁོང་གི་ཆས་གོས་དང་ལྷ་སའི་ཇོ་བོའི་ཆས་ལུགས་གཉིས་རྩ་བ་ནས་ཁ་ཁར་སོ་སོར་རེད།

    ཁྱོད་རང་ཚོས་ཡག་པོ་བྱས་ནས་གཅིག་ལྟོས་དང་། སྤྲེའུ་ཡི་གློག་བརྙན་ནང་གི་ཐང་སྲས་བླ་མ་དང་ལྷ་སའི་ཇོ་བོ་གཉིས་འདྲ་པོ་ག་ཚོད་མི་འདུག་གམ། བུ་སྤུན་མིན་ནམ་བསམས་པ་འདྲ་ཞིག་མ་རེད་དམ།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-08-30 at 9:59 am

    ཡང་ཅོ་རིས། སྨྱོ་ལབ་བརྒྱབ་ཡ་འགོ་ཚུགས་ཚར་སོང་།

  12. ཅོ་རི་ཉི་མ། says:
    2016-08-30 at 10:05 am

    ཀརྡོ་་་་ཐང་སྲས་བླ་མ་དང་ཤཀྱའི་རྒྱལ་པོ་གཉིས་ནོར་མཁན་ཚོ་སྨྱོན་པ་དང་སྨྱོན་ལབ་རྒྱབ་མཁན་མིན་ན་་་ཅོ་རི་སྨྱོན་ལབ་རྒྱབ་མཁན་ཡིན་སྟངས་ཅི་བཤད་ཀྱི་ཡོད་དམ།་་་་ཧམ་པས་ཕན་ཐོགས་ཀྱིན་མ་རེད་་་་གནས་ལུགས་དང་རྒྱུ་མཚན་ཡང་དག་དགོས་པ་རེད་་་་་དེ་འདྲ་མེད་ན་ཞལ་བཙུམམམམམམམམམམམམམམམམམམམམམམ

  13. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-30 at 10:52 am

    བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་གསུང་ལས་ང་ཡིའི་བསྟན་པ་ཟབ་མོ་འདི་ང་འདྲ་ང་མིན་ཞིག་གི་ཤིག་གསུང་མི་འདུག་གམ་?

  14. ཀློང་ཆུང་ says:
    2016-08-30 at 4:03 pm

    ངས་བོན་པོར་མཐོང་ཆུང་མི་བྱེད། ད་བར་ཀླན་ཀ་གཅིག་ཀྱང་མེད། བོན་པོས་སངས་རྒྱས་པ་ལ་ཀླན་ཀ་བཙལ་ན་རང་སྲུང་གི་འགན་བླངས་བར་བྱེད། ཅོ་རི་བོན་པོས། ཇོ་བོ་ཐང་ཟན་ལྟ་བུ་རེད་ཟེར། གཤེན་ཟེར་བ་འདི་གཤེད་ནས་བྱུང་བ་ཨེ་ཤེས།

    ད་དུང་མང་པོ་བཤད་ཡག་ཡོད། ཅོ་རི་ཁྱོད་ཀྱིས་འདོམས། ད་བར་བཟོད་པ་བྱས་པ་ཡིན།

  15. ཅོ་རི་ཉི་མ། says:
    2016-08-30 at 4:32 pm

    ཀློང་ཆུང་་་བཟོད་པ་སྒོམ་མི་དགོས། རིགས་པའི་གོ་མཚོན་ག་རེ་ཕྱར་གྱི་ཡོད་ན་འཕྱར་ཤོག་དང་དགའ་བསུ་ཡོད། ཅོ་རི་བོན་པོ་མིན། ཁྱིམ་རྒྱུད་ཀྱི་ཆོས་ལུགས་དགེ་ལུགས་ཡིན། སློབ་གཉེར་བྱས་ས་འབྲས་སྤངས་བློ་གསལ་གླིང་ཡིན།་་་བོན་པོའི་ཆོས་ལུགས་ལ་སློབ་གཉེར་བྱས་མྱངས་མེད

    གཤེན་ཟེར་བ་གཤེད་ནས་བྱུང་མིན་ཅང་ཤེས་ལེ་མིན། ཅིའི་ཕྱིར་་་་་??

  16. ཀརྡོ་གཉེར་ཕྱག་པ་ says:
    2016-08-30 at 5:06 pm

    #12 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    August 30th, 2016 at 10:05 am
    ཀརྡོ་་་་ཐང་སྲས་བླ་མ་དང་ཤཀྱའི་རྒྱལ་པོ་གཉིས་ནོར་མཁན་ཚོ་སྨྱོན་པ་་་་་་་
    ལན།
    འབྲས་སྤུང་བློ་གསལ་གླིང་གི་ཅོ་རི་ལགས། ཇོ་བོའི་སྐུ་རྒྱ་ནག་ནས་གདན་འདཻན་པ་བདེན་ན་ཡང་། དེ་གཞན་ཅིག་མིན་ཏེ། རྒྱ་ནག་ཏུ་ཡང་རྒྱ་གར་ནས་གདན་འདྲེན་པ་རེད། ད་ཧ་གོ་སོང་ངེ་ཁྱོད་ཀྱི་སྨྱོ་ལབ་ཡིན་སྟངས་དེ།

  17. ཀློང་ཆུང་ says:
    2016-08-30 at 5:44 pm

    ཅོ་རི་ཁྱོད་ངོ་མ་མི་ངན་་ཐ་ཤལ་རེད། གཞན་པའི་ཆོས་ལུགས་རྒྱབ་ལ་ཡིབས་ནས་དཀྲུག་ཤིང་སློང་མཁན་ཐ་ཤལ་བ་ཞིག་རེད་འདུག ཁྱོད་འབྲས་སྤྲུངས་ནས་ཡིན་ན། དཔེ་ཆའི་དགེ་རྒན་སུ་ཡིན། འཛིན་གྲོགས་འགའ་ཤས་ཀྱི་མིང་ཐོན་དང་། དེ་ནས་བལྟ་ཆོག

  18. BONPO says:
    2016-08-30 at 6:50 pm

    གཤེན་་་གཤེད་་་ལས་བྱུང་བ་ཡིན་ན་་་ཤཀྱ་་་དང་་་པད་་་གང་ནས་བྱུང་བ་ཡིན་ནམ། གྲྭ་རྒྱགས་ཀྱི་ཁ་དང་རྟ་རྒྱགས་ཀྱི་རྐུབ་ཟེར་བ་དེ་ཅིས་མི་བདེན། །

  19. ནོར་བུ says:
    2016-08-30 at 7:27 pm

    ལྷ་སའི་གཙུག་ལག་ཁང་ནང་ཇོ་བོའི་སྐུ་དེ་༡༩༥༩ ལོ་ནས ༡༩༨༠ ལོའི ཙམ་བར་གནས་ཚུལ་གང་བྱུང་ཡོད གསལ་པོ་མཁྱེན་མཁན་ཡོད་ན་དགེ་མཚན་ཆེ་ལགས །།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-08-30 at 10:44 pm

    ཇི་སྐད་དུ། མཉམ་མེད་ཤཱ་ཀྱའི་རྒྱལ་པོས་མཉན་དུ་བྲམ་ཟེ་དགེ་བསྙེན་ཞིག་ལ་གསུངས་།
    ་
    རང་ཉིད་ཁོ་ནའི་བྱ་བ་དང་།
    བྱ་བ་མིན་ལ་བརྟག་བྱ་ཡི།
    གཞན་གྱི་གོ་རིམ་ལོག་པ་དང་།
    བྱ་དང་བྱ་མིན་དག་ལ་མིན།། ༧ །། མེ་ཏོག་གི་སྡེ་ཚན། ལེའུ་༤པ།
    ་
    དགེ་ཆོས་ཀྱིས་སིངྒྷ་ལར་་བསྒྱུར་ཏོ།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-08-30 at 10:47 pm

    མཉན་དུ། མཉན་ཡོད་དུ། ཞེས་ཞུས་དག་བྱས་སོ།

  22. ཅོ་རི་ཉི་མ། says:
    2016-08-31 at 3:13 am

    ཀློང་ཆུང་་་་དུས་ནམ་རྒྱུན་ཀློང་ཆུང་ཟེར་བའི་དྲུ་མིང་འདིའི་འོག་ཏུ་བཏབ་པའི་མཆན་བུ་རྣམས་ལ་ཅོ་རིས་ངོས་ནས་ཏོག་ཙམ་གུས་བཀུར་འདྲ་བྱས་མྱངས་ཡོད། དེ་རིང་ཀློང་ཆུང་ཁྱོད་ཀྱི་རང་མདོག་ཚང་མ་ངའི་མདུན་དུ་སྟོན་ཡོང་གི་འདུག་ག

    ཆོས་ལུགས་གཞན་པའི་རྒྱབ་ལ་ཡིབས་ཀྱི་འདུག་ཨེ་་་་་ག་འདྲ་བྱས་ནས་ཡིབས་ཀྱི་འདུག་གམ། ང་ཅོ་རི་ཆོས་ལུགས་ཤིག་གི་རྒྱབ་ཏུ་ཡིབས་མཁན་དང་། དྲ་མིང་ཞིག་གི་འོག་ཏུ་གབ་མཁན་གྱི་མྱི་ཞིག་མིན།

    ངའི་དཔེ་ཁྲིད་དགེ་རྒན་ཏྲེ་ཧོར་བཀའ་འགྱུར་བླ་མ་དང་ཏྲེ་ཧོར་མཁན་ཟུར་ཐུབ་བསྟན་ཉི་མ། ཏྲེ་ཧོར་ཐུབ་སྟོབས་ཆེ་ཆུང་གཉིས། འཛིན་གྲྭ་གཅིག་པ་རྣམས་ཀྱི་ནང་ནས་དཔེ་ཆ་ཏོག་ཙམ་ཤེས་མཁན་དང་རིག་པ་ཏོག་ཙམ་ཡོད་མཁན་ཏྲེ་ཧོར་ཟླ་བ་ཚེ་རིང་རེད།

    ཀློང་ཆུང་ཁྱོད་རང་ངོ་སྤྲོད་ཤིག་བྱོས་དང་། མྱི་ངན་སུ་ཡིན་དང་མྱི་བཟང་སུ་ཡིན་དེ་ནས་ཧ་གོ་འོང་གི་རེད།

  23. ཅོ་རི་ཉི་མ། says:
    2016-08-31 at 3:41 am

    ཕྱི་གསལ་གསལ་གོས་མེད་གཅེར་བུ་ཡིན།།
    ནང་གསལ་གསལ་ཤེར་གྱི་སེམས་པ་ཡིན།།
    ཕོ་ཅོ་རི་རྩ་བའི་དམ་བཅའ་ལ།།
    བརྩད་འདོད་ན་དངོས་སྟོབས་རིགས་པ་དགོས།།་་་ཅེས་པའི་ཚིག་འདི་་ལོ་བརྒྱད་ཀྱི་གོང་དུ་དུས་བབ་ཟིན་བྲིས་ངོ་སྤྲོད་ནང་དུ་བྲིས་པ་ཡིན།

  24. ཅོ་རི་ཉི་མ། says:
    2016-08-31 at 3:43 am

    ཏྲེ་ཧོར་ཁམས་པའི་མྱི་ཡིན་་་སྲིད་པ་ཆགས་པའི་རྡོ་ཡིན་་་་རྡོ་ལ་འགྱུར་བ་བྱུང་ན་་་་་་སྐྱེ་བ་སྔོན་མའི་ལས་རེད།།

  25. ཁྱུང་སེ། says:
    2016-08-31 at 5:23 am

    ཕོ་དྲང་པོ་མདའ་ལྟར་སྲོང་བའི་གྲོགས་ཅོ་རི་ལགས་དུས་ཡུན་རིང་པོར་མཇལ་མ་སོང། ཁ་བརྡར་སླར་ཡང་ཕེབས་པར་དགའ་བོ་བྱུང། ཀློང་ཆུང་ཟེར་བ་དེ་ཚོའི་ཁ་ལ་མ་རྩེད་རོགས། མི་འདིའི་རིགས་ཕ་རོལ་དགྲ་ལ་རྒོལ་བའི་སྟོབས་ཤུགས་རྣམས་ཆོས་ལུགས་ནང་ཁུལ་དུ་ཁྱོ་ཤི་ང་གསོན་བྱེད་ཀྱི་ཡིན་ཟེར་ནས་རྩོད་སྡོད་པ་མ་གཏོགས་གཞན་ལས་ཀ་མེད་མཁན་གྱི་རིགས་རེད། ད་ངོ་མ་ཡིན་ན་ཀློང་ཆུང་ཁྱེད་རང་ངོ་སྤྲོད་ཅིག་གནང་དང། མི་འདིའི་རིགས་ག་དུས་ཡིན་ཀྱང་རང་གི་མེས་པོའི་ཆོས་རིག་གི་བླ་བརྡུང་རྒྱུ་ཞིག་མ་གཏོགས་ལས་ཀ་མེད་མཁན་ཞིག་རེད་འདུག དེའི་རིགས་ཐོན་པ་དང་སྤྱང་ཀི་ཤ་ལ་རྔམ་རྔམ་འདུར་འདུར་ལྟ་བུ་བྱས་ཏེ་ཡོང་གི་རེད། ཤ་ཚ། ནང་དོན་རིག་པ་སྦྱང་སྦྱང་བྱས་ནས་མཐར་གྲུབ་འབྲས་དེ་འདྲ་ཞིག་ཡིན་ས་རེད།

  26. ཅོ་རི་ཉི་མ། says:
    2016-08-31 at 5:46 am

    དྲ་གྲོགས་ཁྱུང་སེ་ལགས། ཁམས་བཟང་། དེ་རིང་ངས་འདི་ནས་ཇོ་བོ་དང་ཐང་སྲས་བླ་མ་གཉིས་འདྲ་པོ་འདུག་ཅེས་བཤད་བཞིན་ཡོད། མིག་གིས་མཐོང་ཡུལ་དུ་གྱུར་པའི་ལྷ་སའི་ཇོ་བོ་འདི་སྤྲེའུ་ཡི་གློག་བརྙན་ནང་གི་ཐང་སྲས་བླ་མར་འདྲ་པོ་འདུག

    རྒྱ་ཡུལ་ནས་བསླེབས་པའི་རྒྱ་ལྷ་འདི་ཤཀྱའི་རྒྱལ་པོའི་སྐུ་འདྲ་རེད་ཟེར་བ་དང་། རྒྱའི་གོང་མ་ཚོ་འཇམ་པའི་དབྱངས་རེད་ཟེར་བ། བདུད་རྒན་མའོ་ཨ་ཕ་ལྟ་བུ་ཡིན་ཟེར་ལུགས་འདི་ཚོ་བོད་མགོ་རྒྱ་འོག་ཏུ་བཅུག་པའི་རྒྱུ་རྐྱེན་རེད་བསམས་ཀྱི་འདུག་པས་དེ་རིང་འདི་ནས་སྐད་ཆ་ཚིག་འགའ་ཤས་བཤད་ཤོར་སོང་་་་དྲ་གྲོགས་ལགས།

  27. ཅོ་རི་ཉི་མ། says:
    2016-08-31 at 5:58 am

    དྲ་གྲོགས་ལགས། ངའི་ཕྲུ་གུ་གཉིས་བཙན་བྱོལ་ནང་དུ་སྐྱེས་ནས་བོད་ལ་བལྟ་སྐོར་ཁྲིད་པར་ཡིན། ལྷ་སར་བསླེབས་སྐབས་སུ་རྩེ་ཕོ་བྲང་དམར་པོར་འཇལ་ཁ་ཁྲིད་པ་མ་གཏོགས་ཇོ་ཁང་ནང་དུ་ཁྲིད་མེད། ལྷ་སའི་རྒད་མོས་ཇོ་བོ་མི་འཇལ་ཟེར་བ་ལྟར་ང་ཅོ་རིའི་རིགས་ཀྱི་བུ་ཕྲུག་གཉིས་ཀྱིས་ཇོ་བོ་འཇལ་དགོས་དོན་མེད། ང་བོད་པ་ཡིན། ངའི་ཕྲུ་གུ་བོད་ཕྲུག་ཡིན། རྒྱ་ལྷ་ལ་སྐྱབས་བཅོལ་དགོས་པ་དང་རྒྱ་དཔོན་ལ་མགོ་སྒུག་དགོས་པའི་གནས་ལུགས་མེད། ལྷ་སར་བསླེབས་ནས་ཇོ་བོ་མི་འཇལ་མཁན་གྱི་བོད་ཕྲུག་གཉིས་ང་ཅོ་རི་ལ་ཡོད། རང་ངོས་ནས་སྤོབས་པ་མཐོ་པོ་དང་རང་གཤིས་བརྟན་པོ་ཡོད།

  28. ཁྱུང་སེ། says:
    2016-08-31 at 6:37 am

    དྲ་གྲོགས་རྙིང་པ་ཅོ་རི་ལགས་བཀའ་དྲིན་ཆེ། ལན་གནང་བར། དངོས་གནས་ང་ཚོའི་མི་རིགས་འདི་ཇབ་ཆུང་ལ་འགྱུར་བག་ཡང་བ་ཨང་གསར་ཚ་བོ་ཞིག་གི་མིའི་རིགས་ཤིག་རེད་འདུག མི་རིགས་ལས་ཆོས་ལུགས་གལ་ཆེ་རབས་དང། རྒྱལ་ཁབ་ལས་རང་གི་གྲུབ་མཐའ་གཙིགས་ཆེ་རབས་དང། རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བླ་མ་གལ་ཆེ་རབས། སློབ་གྲྭ་ལས་དགོན་པ་གལ་ཆེ་རབས། མྱུར་སྐྱོབས་ཀྱི་སྨན་ཁང་ལས་ལྷ་བབ་རྒྱུ་གལ་ཆེ་རབས། རང་གི་རིག་གཞུང་ལས་གཞན་གྱི་རིག་གཞུང་ལ་དགའ་རབས་འདི་ཚོས་ང་ཚོའི་གནས་བབ་འདི་འདྲ་ཞིག་ལ་ལྷུང་དུ་བཅུག་ཡོད། ད་དུང་རྨོངས་ཞེན་ཆགས་སྡང་གི་རྒྱ་ལས་མ་གྲོལ་ན་མི་རིགས་འདི་ཡར་རྒྱས་འགྲོ་རྒྱུའི་རེ་བ་སྟོང་པ་རེད་འདུག ཡིན་ནའང་སྔར་དང་བསྡུར་ན་ད་ཆ་ཅུང་ཙམ་གཉིད་ཀྱི་ནང་དུ་རྨི་ལམ་རྨི་བཞིན་འདུག རེ་བ་མེད་པ་ཡང་རེད་མི་འདུག

  29. གཡག་རྒོད says:
    2016-08-31 at 9:14 am

    མེས་རྒྱལ་གྱི་པང་དུ་ལོག་མཁན་གྱི་གྲས་མི་འགྲོ སྔོན་མ་ཏང་ཡན་དེ་ཚོ་ཇོ་བོར་མི་མཇལ་བའི་སྐད་ཆ་ཡོད་རེད། རྩེད་མོ་ཡིན། དེ་ཁྱེད་རང་གི་འདོད་པ་རེད། ཆོས་ལུགས་དད་མོས་ནི་མི་སྒེར་བ་ཞིག་གི་གནད་དོན་ལ་བརྩིས་ན་རན་པོ་ཡོད་རེད། དྲང་མོར་བཤད་ན་ང་ཚོ་དང་ཁ་ཆེ་བ་ཚོ་ཆོས་ལ་དད་ཞེན་ཆེས་དྲགས་པ་ཞིག་ནམ་རྒྱུན་ཚོར་གི་ཡོད།

  30. ཀརྡོ་རབ་འབྱམས་པ་ says:
    2016-08-31 at 11:29 am

    #27 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    August 31st, 2016 at 5:58 am
    དྲ་གྲོགས་ལགས། ངའི་ཕྲུ་གུ་གཉིས་བཙན་བྱོལ་ནང་དུ་སྐྱེས་ནས་བོད་ལ་བལྟ་སྐོར་ཁྲིད་པར་ཡིན། ལྷ་སར་བསླེབས་སྐབས་སུ་རྩེ་ཕོ་བྲང་དམར་པོར་འཇལ་ཁ་ཁྲིད་པ་མ་གཏོགས་ཇོ་ཁང་ནང་དུ་ཁྲིད་མེད། ་་་་་ཟེར། ཧཧཧཧཧཧཧཧཧཧཧཧཧཧཧཧ། །

  31. ཚེ་རིང་ says:
    2016-09-01 at 2:11 am

    ཅོ་རི་ལགས་ཁྱེད་དང་ཁྱེད་ཀྱི་བུ་རྒྱུད་རྣམས་ལྷ་སའི་ཇོ་བོ་མ་མཇལ་བ་དང་མཇལ་འདོད་མེད་ན་རང་སྒེར་གྱི་རང་དབང་རེད་གང་ཡང་ཞུ་རྒྱུ་མེད་་་་་་་་་ཡིན་ནའང་མི་གཞན་ཇོ་བོ་མཇལ་བ་དང་སྨོན་ལམ་འདེབས་པ་མ་ཟད་སྐུ་ལ་གསེར་ཆུ་འབྱུག་པ་ལ་ཁྱེད་རང་ན་ཟུག་གཏོང་དགོས་དོན་མེད་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme