Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོར་ཞིས་ཞེན་ཡོད།

Posted on 2015-08-282015-08-31 By ཁ་བརྡ་ 7 Comments on ང་ཚོར་ཞིས་ཞེན་ཡོད།

སད་མི།

 
མ་གཞི་ད་ཐེངས་རྒྱ་ནག་གིས་བོད་སྐོར་བཞུགས་མོལ་ཚོགས་འདུ་གྲོལ་མ་ཐག འཐབ་ཕྱོགས་གཅིག་གྱུར་པུའུ་གཞུང་འབྲེལ་སྐད་འཕྲིན་དྲ་བ་ལས་གོང་ས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་འདི་འདས་ད་མ་འོངས་ནམ་ཡང་ངོས་ལེན་མེད་ཅེས་ཚོགས་འདུའི་གྲོས་ཆོད་སྤེལ་ཏེ་དབུ་མའི་ལམ་ས་གཏོར་གནམ་གཡུག་བྱས། རེད་དེ་ང་ཚོ་བཙན་བྱོལ་བོད་མིའི་ངོས་ནས་ངེས་པར་དུ་ཞིས་ཅིན་ཕིང་འགེབས་སྲུང་དང་ཞིས་ཞེན་བྱེད་ཀྱི་ཡོད།

སྤྱིར་བཏང་བྱས་ན། ཞིས་ཅིན་ཕིང་ཟེར་བའི་མི་འདི་སྒང་ལ་སླེབས་པ་ནས་བཟུང་། ཁོས་ཁྱོན་ཡོངས་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྐེ་རྩ་སྦར་གཅུར་བྱས་བྱུང་། དཔེ་མཚོན་བཅུ་ཁ་ཞིག་བགྲང་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་རྒྱ་གཞུང་ལས་བྱེད་ཁྲི་ཚོ་གཉིས་བཅའ་སྡོད་བྱེད་དུ་བཅུག་ནས་ཞིང་འབྲོག་མི་དམངས་ཚོའི་རྐང་ལག་རྐྱང་སྐུམ་ཚུན་ཡར་ཞུ་བྱ་དགོས་པའི་ཚད་དུ་བསྐྱལ། ལྗོངས་ཕྱིར་སློབ་གཉེར་འགྲོ་མཁན་གྲྭ་བཙུན་ཡོངས་སུ་རྫོགས་པ་ཕ་ཡུལ་དུ་བཙན་འགུག་བྱས། ལྗོངས་ནང་ཁུལ་དུ་བོད་མིས་ཁ་པར་ཨང་ཀི་གཅིག་ལས་ཉོ་མི་ཆོག་ལ་སྒོར་མོ་ནང་འཇུག་བྱས་ནའང་ཐོབ་ཐང་ལག་ཁྱེར་སྟོན་དགོས། ལྗོངས་ནང་ཁུལ་གྲོང་གསེབ་ཡན་དུ་རྒྱལ་གཅེས་སློབ་གསོ་ལྡབ་འགྱུར་གྱིས་མང་དུ་བཏང་ནས་མི་སེར་འཚོ་བ་དཀའ་ཁག་དཔེ་མེད་བཟོས།

ཉེ་ཆར་བཏོན་པའི་དགག་ཡིག་རྒྱབ་ཤ་དཀར་པོའི་རྣམ་འགྱུར་སྔོན་ཚུད་གང་ལས་ཀྱང་ངམ་གནག་ཅིང་གདུག་རྩུབ་ལྷག་ཏུ་ཆེ། ཞིས་ཀྱི་ཁ་རྒྱབ་དཔུང་རོགས་ཡོད་དུས་ཀྲུའུ་ཡིས་སྐད་ཤུགས་ཆེན་པོས་དབུ་མའི་ལམ་འདི་ཉིད་མི་མགོ་སྐོར་གཏོང་བྱེད་རེད་ལབ། ད་ཐེངས་བོད་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བས་སླར་ཡང་དབུ་མའི་ལམ་ས་གཏོར་གནམ་གཡུག་བྱས། ཞིས་ཅིན་ཕིང་འདིས་ཤུགས་ཕུད་དེ་རྒྱལ་སྤྱིར་གནོན་ཤུགས་སྤྲད་པས་གོང་ས་མཆོག་གི་རྒྱལ་སྤྱིའི་འཁོར་རྒྱ་ཇེ་ཆུང་ཇེ་དོག་ཏུ་བཏང་། ད་དུང་བོད་ཕྱི་ནང་འགྲོ་འོང་ཕལ་ཆེར་རྒྱུན་བཅད་ཚར་ཡོད།

སྤྱིར་བཏང་དེ་འདྲ་རེད་དེ། ང་ཚོས་ནི་ཅིས་ཀྱང་ཞིས་ཅིན་ཕིང་ལ་ཞེན་ཁོག་བྱ་དགོས། དེ་ཅིའི་ཕྱིར་དུ་རེད་ཟེར་ན། ཞིས་ཅིན་ཕིང་འདིར་སྐུ་མདུན་གྱིས་བསྟོད་ར་གཏོང་གི་ཡོད་དུས། ཞིས་ཅིན་ཕིང་ཕ་རྒན་རྒྱལ་པཎ་གཉིས་ཀས་ངོ་ཤེས་ཀྱི་ཡོད་དུས། ཞིས་ཅིན་ཕིང་ལ་རྒྱ་ནག་གཞུང་གི་དབང་ཆ་ཚང་མ་ལག་པར་རག་རྗེས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་དུས། ཞིས་ཅིན་ཕིང་ནག་མོས་རྒྱ་སྤོས་སྤར་ཏེ་ནང་པ་ཆགས་ཡོད་དུས། ཞིས་ཅིན་ཕིང་འདིས་ཡོ་རོབ་ཏུ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ནང་པའི་རིག་གནས་སྐོར་ལབ་ཡོད་དུས། ཞིས་ཅིན་ཕིང་འདིས་བོད་སྐོར་བཞུགས་མོལ་ཚོགས་འདུ་བསྐོངས་ཡོད་དུས། ཞིས་ཅིན་ཕིང་འདིས་ལྐོག་ཟ་རུལ་སུངས་བ་བཙོན་ཁང་ལ་འཇུག་གི་ཡོད་དུས། ཞིས་ཅིན་ཕིང་གདོང་པ་གདུག་རྩུབ་ཆེ་མདོག་ཁ་པོ་མེད་པ་ཡིན་དུས་ཟེར།

མ་གཞི་ང་ཚོས་ཞིས་ཞེན་བྱ་དགོས་པའི་རྒྱུ་མཚན་དེ་དག་རེ་རེ་ནས་ཅི་འདྲའི་ཡ་ང་པོ་དང་། གླེན་རྟགས་ཚ་པོ། གཏན་ཚིགས་ཉི་ཚེ་བ། སྒྲུབ་བྱེད་ལྟར་སྣང་ཅན་ཤ་སྟག་རེད་མོད། ངས་ནི་མཐོ་ས་མཐོ་ས་ཚོ་ལ་སྤྲེལ་ལད་ངོ་དགའ་ཤོད་རྒྱུ་རྩ་དོན་ཡིན་དགོས། མ་གཞི་བོད་རྒྱའི་གནད་དོན་སྐོར་ལ་བོད་ཚང་ཅི་ལྟར་གྱོང་རག་བཞིན་ཡོད་ནའང་། རང་ཉིད་ནི་ཆེས་རྩ་ཆེ་བའི་མཐར་ཐུག་གི་རིན་པོ་ཆེ་ཡིན་དུས་ཉེ་འཁོར་མི་སུ་དང་གང་ལའང་ཁ་རྩོད་སྣ་རྩོད་མེད་པར་སོ་སོ་སྐྱིད་པོ་གཏོང་དགོས། ཞོར་དུ་ཤེས་རབས་འཇོན་རབས་བརྒྱ་ཙམ་བཤད་ནས་ཡིག་རིགས་གཞན་ཅི་ཡང་མི་ཤེས་ལ་ལྟ་མཐོང་ཆུང་བའི་བོད་མི་དག་གི་བློ་ཡིད་འགུག་དགོས།
གཅིག་བྱས་ན། ངའི་བྱེད་སྟངས་འདི་ཏང་ཀྲུང་དབྱང་གི་ཕྱག་ལས་གནང་སྟངས་འདྲ་བོ་ཡོད་སྲིད། འོན་ཀྱང་ངས་ནི་རྣམ་པ་འདི་འདྲ་ཞིག་ལས་འགྱུར་བ་གཏོང་མི་སྲིད།

བློ་ཡིད་ཕངས་པ་ཞིག་ལ། ང་ཚོས་རེ་སྟོང་འཆང་སའི་ཞིས་ཅིན་ཕིང་འདིས་ལས་ཀ་ཡག་པོ་ཅི་གང་བྱེད་ཀྱི་མེད། ཁོས་བསམ་ན། ཀྲུང་དབྱང་གིས་མུ་མཐུད་བོད་དུ་མི་སེར་སྤོ་བཤུག་ཡག་པོ་བྱེད་པ་དང་། ཞོར་དུ་མེ་མདས་བརྟན་ལྷིང་ལ་གཞོགས་འདེགས་དྲ་མ་བྱས་ན། ད་གཟོད་བོད་འདི་ཉིད་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དུ་བསྐྱུར་ཐུབ་པར་འགྱུར་ལ། དུས་རབས་ཕྱེད་གོང་མིག་བཙུམས་ཏེ་སྡིག་ལག་བརྐྱངས་པའི་དོན་གོ་ཆོད་ཡོང་བསམས།

ཞིས་ཅིན་ཕིང་འདིས་ད་ཐེངས་ཀྱི་བོད་དོན་བཞུགས་མོལ་ཚོགས་འདུའི་གཏམ་བཤད་ལས་ཀྱང་མི་རིགས་མཉམ་བསྲེས་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཤུགས་སྣོན། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། (དོན་དུ་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་རིག་གནས་ཟེར་བ་རྒྱ་ནག་གིས 1949 ལོར་གསར་བཟོ་བྱས་པའི་མི་རིགས་རིག་གནས་ཤིག་ལས། དོན་དངོས་སུ་མི་རིགས་རིག་གནས་དེ་འདྲ་ཞིག་ཤེས་བྱར་མ་གྲུབ། ཁོས་ཟེར་ན་བོད་སོག་ཤར་ཏུ་ཁི་སི་ཐན་ལ་སོགས་པའི་ད་ལྟའི་རྒྱ་ནག་མངའ་ཁོངས་ན་ཡོད་པའི་མི་རིགས་ལྔ་བཅུ་ང་དྲུག་པོའི་གོང་བུ་དེ་ལ་ཀྲུང་ཧྭ་མི་རིགས་རེད་ཟེར། དེ་ཐམས་ཅད་ཀྱི་ཐུན་མོང་རིག་གནས་ལ་ཀྲུང་ཧྭ་རིག་གནས་རེད་ཟེར) བཅས་ལ་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཟེར་བ་དང་སྦྲགས་ཏེ། མི་རིགས་སོ་སོས་རང་ཉིད་ཀྲུང་ཧྭ་མི་རིགས་ཡིན་པ་དང་རང་ཉིད་ཀྱི་རིག་གནས་ཀྲུང་ཧྭ་རིག་གནས་ཡིན་པར་ངོས་ལེན་བྱ་དགོས་ཟེར།

མདོ་དོན་ཞིས་ཅིན་ཕིང་ལས་ཀ་མདོར་དྲིལ་ན། བོད་དུ་མུ་མཐུད་མི་སེར་སྤོ་བཤུག་བྱ་རྒྱུ་དང་། བོད་མི་རྒྱ་མི་ཅན་དུ་བསྒྱུར་རྒྱུའི་རྩ་དོན་གཉིས་རང་ན་འདུ། ལས་ཀ་འདི་གཉིས་ཀྱི་ཆེད་དུ་ཕ་མགོ་འཚོང་དགོས་ནའང་བཙོངས་ནས་མ་འོངས་ལོ་བརྒྱ་ཉིས་བརྒྱའི་མཚམས་སུ། བོད་བཙན་པོའི་མི་རྒྱུད་ཀྱི་ཚབ་མཚོན་རིག་གནས་དང་ཆས་གོས་ཆ་ལུགས་དེ་དག་ལོ་རྒྱུས་འགྲེམ་སྟོན་ཁང་དུ་བཤམ་དགོས་སྙམ་པའི་བྱ་བྱེད་འབའ་ཞིག་ལས་ཅི་གང་མེད་དོ།

2015.8.27

འགྱུར་རྩོམ།

Post navigation

Previous Post: བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁ་བྲལ་གཏོང་རྒྱུར་བེད་སྤྱོད་བཏང་བ།
Next Post: སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་འོས་མི་ཚེ་རིང་ལོ་བརྒྱ་ལ་བཅར་འདྲི།

Comments (7) on “ང་ཚོར་ཞིས་ཞེན་ཡོད།”

  1. ནམ་མཁའ says:
    2015-08-28 at 2:38 pm

    རྩོམ་བྱང་དང་བརྗོད་བྱ་གཉིས་ར་འཕྲོད་དཀའ་བས་ཅི་ཞིག་བཤད་བཞིན་ཡོད་པ་ཤེས་མ་སོང་པས་དགོངས་འགལ་མེད་པར་ཞུ།

  2. ཅོ་རི་ཉི་མ། says:
    2015-08-28 at 2:47 pm

    རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ངས་ནི་ཆ་ཚང་གོ་བྱུང་།

  3. ཅོ་རི་ཉི་མ། says:
    2015-08-28 at 3:56 pm

    ཞིང་ཅིན་ཕིང་གིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཐོག་ཏུ་འཛིན་བཞིན་པའི་སྲིད་ཇུས་སྡིག་རྩུབ་ཅན་ཞིག་ཁྱབ་བསྒྲགས་བྱས་ཡོད། ཞིང་ཅིན་ཕིང་གིས་ལག་ལེན་ཡང་དེ་ལས་སྡུག་བ་ཞིག་བསྟར་མ་ཡོང་ན་རབ་རེད། ཡིན་ཀྱང་བཙན་བྱོལ་ནང་གི་ཉམས་ཞིབ་པ་ཡིན་ཟེར་མཁན་ཚོས་ཞིང་ཅིན་ཕིང་དཀར་འདོད་བྱེད་ཐབས་ཟ་དང་ཟུར་ནས་མ་བྱས་རང་བྱེད་རེད།

    ད་ལྟའི་བར་དུ་ཞིང་ཅིན་ཕིང་སྲིད་འཛིན་ཆགས་ནས་བཟུང་རེ་བ་ཡོད་མདོག་དང་གུ་ཡངས་ཤོག་ཁག་ཡིན་མདོག་བཤད་ནས་མཐོ་གོང་ས་ཏ་ལའི་བླ་མ་ནས་དམའ་བོད་མི་དམངས་ཡན་ཆད་མགོ་སྐོར་བཏང་ཡོད་རེད། ད་་ཞིང་ཅིན་ཕིང་ལ་རེ་བ་མི་འདུག་ཅེས་བཤད་ན་སྔོན་མར་བཤད་པའི་རྫུན་རྐུབ་བཏོན་པ་རེད་ཟེར་ནའང་འདྲ། མ་ཤེས་ཤེས་མདོག་གི་རྐུབ་བཏོན་པ་ཟེར་ནའང་རེད་་་་ངོ་ཚ་ཞིག་ཡོང་གི་རེད།

    དེ་འདྲ་ཡིན་དུས་ཟ་དང་ཟུར་ནས་དཀར་འདོན་མི་བྱེད་ཐབས་མེད་རེད། ཕྱོགས་གཞན་ཞིག་ནས་དོགས་པ་ཡོང་ཆོག་པ་ནི་མུ་མཐུད་ནས་བོད་རེ་བས་ཕུང་བཅུག་རྩིས་བརྒྱབ་ཀྱི་མེད་དམ་སྙམ་པའི་དོགས་པ་ཡོང་ཆོག་པ་རེད། གཞན་ཏང་གི་རྩ་ཁྲིམས་འོག་ཏུ་དབུ་མའི་ལམ་ལ་རེ་བ་སྤུ་ཙམ་མེད་པར་གསལ་གསལ་དག་དག་རེད། ཞིང་ཅིན་ཕིང་གིས་བོད་ཀྱི་མི་རྒྱུ་རིག་གནས་དང་བཅས་པ་ཧམ་ཟ་བྱེད་རྩིས་ཡིན་པར་བརྒྱ་ཆ་བརྒྱ་རེད།

    ལྷག་པ་ཏུ་སྤྱི་སྐད་སྦྱོང་བཅུག་དགོས་ཟེར་བའི་སྐད་ཆ་འདི་འཇིགས་སྣང་ཚ་པོ་རེད། རྒྱ་སྒྱུར་སྲིད་ཇུས་ཀྱི་རྩ་བ་ཞིག་རེད་བསམས་ཀྱི་ཡོད། མི་སེམས་འགུག་ཐབས་ཀྱི་སྲིད་ཇུས་བཙན་བྱོལ་ནང་དུ་ལག་སྟར་བྱས་དང་བྱེད་བཞིན་པའི་སྒང་རེད། བཙན་བྱོལ་བོད་མིའི་སེམས་པ་རྒྱ་ཕྱོགས་སུ་ཏོག་ཙམ་འགུགས་ཡང་ཚར་བ་རེད།

    སྐར་ལྔའི་དར་དམར་ཕྱར་མཁན་བོད་མི་ཡོད། རྒྱ་མི་ཡི་རྩ་ནས་བཀའ་སློབ་ཞུ་མཁན་ས་གནས་བོད་ཀྱི་ཚོགས་པ་རེ་གཉིས་ཡང་ཡོད། ཚོགས་ཁག་དེ་དག་གི་བོད་མི་མང་པོའི་སེམས་པ་ཏང་གི་ཕྱོགས་སུ་འགུགས་ཐུབ་ཡོད། བོད་རང་བཙན་ལབ་དུས་ཁ་བྲལ་བ་རེད་ཟེར་ནས་བོད་མི་དེ་དག་གིས་དགྲ་མཐོང་མཐོང་ཡིན་པར་མིག་མདུན་དུ་ཡོད། དེ་དག་གིས་སེམས་པ་ཏང་ཀྲུང་དབྱང་གི་ཕྱོགས་སུ་ཡོད་པ་ལས་བོད་རང་བཙན་དང་བོད་མི་དམངས་ཀྱི་ཕྱོགས་སུ་མེད། འདི་ནི་ཕམ་ཁ་ཆེན་པོ་ཞིག་རེད། གྲུབ་འབྲས་ངན་པ་ཞིག་རེད།

    རྒྱ་གཞུང་གིས་བཙན་བྱོལ་བོད་མི་མང་པོ་ལ་དངུལ་སྤྲད་ཀྱི་ཡོད་པའི་དཔང་རྟགས་བོད་མི་རང་གིས་ངོས་ནས་ནུབ་ཕྱོགས་རྒྱལ་ཁབ་ཏུ་བསྒྲགས་ཀྱི་ཡོད། འདིས་ནུབ་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ངན་པ་ཞིག་ཡོང་ངེས་རེད།

  4. ཅོ་རི་ཉི་མ། says:
    2015-08-28 at 5:10 pm

    ད་་ཀླུ་མཁར་བྱམས་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ན་བཙན་བྱོལ་གཞུང་དམངས་གཉིས་ཀྱི་རང་ཚུགས་ཤིག་སླར་གསོ་བྱེད་ཐུབ་པའི་རེ་བ་ཡོད། བོད་བཙན་པོའི་མི་རིགས་ཀྱི་རང་ཚུགས་ཤོར་སོང་བ་འདི་ལས་ཐབས་སྡུག་བ་ཞིག་མི་འདུག
    སྔོན་མར་ལོ་བདུན་བཅུ་དང་བརྒྱད་ཅུའི་ནང་དུ་བཙན་བྱོལ་མི་དམངས་རང་ཚུགས་བརྟན་པོར་ཡོད། རྡ་ས་རུ་རྒྱ་ཡི་ཇ་དམ་དང་ཅ་དངོས་མཐོང་དུས་ཀྱང་བོད་མི་དག་ཁོང་ཁྲོ་ལངས་ནས་གཏོར་བཅོམ་བཏང་གི་རེད། ༡༩༩༥ལོར་དབུ་མའི་ལམ་ཡོངས་ཁྱབ་ཀྱི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་བསྒྲགས་པ་ནས་བཟུང་ལོ་རེ་ནས་ལོ་རེ་རང་ཚུགས་ཤོར་མཁན་ཇེ་མང་ལ་སོང་།

    བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་མི་གནས་སྤོ་བ་ལོ་རེ་ནས་ལོ་རེ་ཇེ་མང་དུ་སོང་། ལྷ་སར་རྒྱ་ཡུལ་ལྟ་བུ་ལ་གྱུར་སོང་བ་འདི་ལ་ཡང་དབུ་མའི་ལམ་གྱིས་ཤུགས་རྐྱེན་ཐད་ཡོད། བཙན་བྱོལ་བོད་མིའི་རང་ཚུགས་ཤོར་སོང་བ་འདི་བོད་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན་ཕམ་ཁ་ནང་གི་ཕམ་ཁ་རེད།

    ད་་་རང་ཚུགས་ཤོར་མི་དགོས་པ་ཞིག་དང་ནང་ཁུལ་དུ་སེམས་པ་དཀྲུག་རེས་བྱེད་མི་དགོས་པའི་ཐབས་ལམ་ཉག་གཅིག་ཡོད་པ་ནི་དབུ་མའི་ལམ་ཕྱིར་སྡུར་བྱེད་ཀྱི་དེ་རེད། དབུ་མའི་ལམ་ཕྱིར་སྡུར་མ་བྱེད་པ་ཡིན་ན་བོད་མི་དམངས་ཀྱི་རང་ཚུགས་མུ་མཐུད་ཤོར་ངེས་རེད་ལ་་་ནང་ཁུལ་དུ་འཐབ་རྩོད་ཡ་ང་ཡིད་སྐྱོ་དགོས་པ་འོང་ནས་བོད་ཆེན་པོའི་རྒྱལ་ཁབ་འདི་ལོ་རྒྱུས་ཀྱི་མགྲོན་སྟོན་ཁང་དུ་ལྷུང་ངེས་རེད།

  5. ཚེ་རིང་ says:
    2015-08-29 at 5:21 am

    ཅོ་རི་ཉི་མ་ཟེར་བའི་མི་དེ་དང་ཁོས་མཆན་གང་འཁོད་པ་རྣམས་ལ་ཚང་མས་ཟབ་ཟབ་གནང་རོག་གནང་ཞུ་རྒྱུ་ཡིན་་་་་་་་་བཙན་འབྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་སྟོབས་ཤུགས་ནུས་མེད་སུ་གཏོང་བརྒྱུར་དགྲ་བོས་དངོས་ཤུགས་བརྒྱུད་གསུམ་ཉིན་མཚན་རྟག་ཏུ་འབད་བརྩོན་བྱེད་བཞིན་པ་རེད་་་་་་་་་རྒྱ་ནག་གཞུང་དང་ལག་དམར་བ་དཔོན་པོ་དེ་ཚོས་ཡང་དག་དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་བ་དེ་ཁོང་ཚོའི་སྲིད་བྱུས་ངན་པ་ཞིག་རེད་་་་་དེས་གཙོ་བོ་དམིགས་ཡུལ་བོད་མི་ནང་ཁུལ་སྔར་ལས་ལྷག་པའི་འཁྲུག་འཛིན་རྒྱབ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་གསལ་པོ་རེད།

  6. ཅོ་རི་ཉི་མ། says:
    2015-08-29 at 8:20 am

    ཅོ་རིའི་མཆན་བུ་ལ་གཟབ་གཟབ་བྱོས་ཨ་་་ལྐོག་ཟ་རུལ་སུངས་ཚོས་གྲོས་ཚོགས་ནང་དུ་གྲོས་ཆད་ཤིག་བཞག་པ་ལས་ཅོ་རིའི་མཆན་བུ་ལ་བོད་མི་དམངས་ཀྱིས་ཡིད་ཆེས་དང་དོ་སྣང་གནང་གི་རེད། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོའི་གྲོས་ཆད་ལ་བོད་མི་དམངས་ཀྱིས་དོ་སྣང་ཁོ་རང་གནང་གི་མ་རེད། འདི་ནི་དྲང་བདེན་གྱི་སྟོབས་ཤུགས་རེད། ལྷག་བསམ་གྱི་ནུས་པ་རེད།

  7. ཚེ་རིང་ says:
    2015-08-31 at 2:06 am

    རྒྱ་ནག་གཞུང་ལ་དགོས་པའི་སྐད་ཆ་ཏག་ཏག་ཁྱོད་རང་གི་བཤད་ཀྱི་འདུག་་་་་་སྔོན་མ་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་པོ་བྱམས་པ་ཕུན་ཚོགས་ཀྱིས་ད་ཕྱི་ལ་ཡོད་པའི་ང་ཚོའི་ཨབ་ཕྲུག་རྣམས་བེད་སྤྱོད་གཏོང་དགོས་ཟེར་བཤད་མྱོང་ཡོད་པས་་་་་་་་ཁྱོད་རང་ཁོང་ཚོའི་ཨམ་ཕྲུག་ཡིན་མིན་གང་ཤེས་མ་ཏོག་ཕྱག་ལས་དེ་ལྟར་གནང་གི་འདུག་ད་་་་་་འདྲེ་ཤར་ལ་བཞག་ནས་སྟོར་མ་ནུབ་ལ་མ་གཡུག་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme