Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོར་ལོ་གསར་ཡོད་འོས་སམ།

Posted on 2011-02-012011-02-01 By ཀླུ་ 3 Comments on ང་ཚོར་ལོ་གསར་ཡོད་འོས་སམ།

thinking_losar>>>>>>>>>>>>>>>>སྒོ་ཡོན།
༡
བོད་ཁོག་གི་ཞིང་འབྲོག་ཕལ་བ་དག་གིས་ལོ་གཅིག་ལ་འབད་པས་བསྒྲུབས་པའི་ཡོང་སྒོའི་གསོག་དངུལ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ལོ་གསར་བའི་དགའ་སྟོན་ལ་ཅ་ལག་ཙག་ཙིག་ཉོ་བཞིན་པའི་སྐབས་འདིར། བོད་དམངས་སྤྱིའི་ཁ་གདངས་ཤིང་མིག་ཅེར་རེར་བལྟས་ནས་ཡོད་པའི་གླུ་བ་གླུ་མ་དག་གིས་ལོ་གསར་དགོང་ཚོགས་གང་ཞིག་ལ་གླུ་ལེན་བྲོ་འཁྲབ་ཀྱི་གྲ་སྒྲིག་བྱེད་ཀྱིན་པའི་དུས་ཚོད་འདིར། བོད་ཀྱི་འདི་ཕྱི་གཉིས་ཆར་གྱི་སྐྱབས་འཇུག་ཞུ་བའི་བླ་དཔོན་རྣམ་པས་གང་ཞིག་ནས་ཤ་ཆང་གི་མཆོད་པ་རྩིས་ཀྱིས་མི་ཐེབ་པ་ཞིག་བཞེས་གྲབས་ཀྱི་ཐུགས་ཁུར་ཆེ་བའི་གནས་སྐབས་འདིར།
སྔར་ལོ་རྣམས་དང་འདྲ་བར་རྒྱལ་ཁབ་དེ་བ་ཚང་གིས་བོད་ཁྱིམ་ལྡོམ་པོ་འགའ་རེ་བརྙན་དུ་བླངས་ཤིང་པར་དུ་བསྡབས་ཏེ། བོད་ལ་སྔར་མེད་ཀྱི་དགའ་སྤྲོ་ཕུན་སུམ་ཚོགས་པ་ཞིག་ཤར་ནས་ཡོད་ཚུལ་གྱི་འཁྲབ་སྟོན་དགོད་བྲོ་བ་དག ཕྱི་ནང་གི་ཆབ་སྲིད་བྲན་གཡོགས་རྣམས་ལ་འུར་གྱིས་སྒྲོག་པར་བརྩོན་གྱིན་པའི་བར་ཐོག་འདིར། ནམ་རྒྱུན་ཁ་གསོན་པོ་དང་ལག་མྱུར་མོས་སྤྱི་ཚོགས་ཀྱི་འཚོ་བ་དང་སྐྱིད་སྡུག་དངོས་གླེང་བར་འབད་དགོས་ཟེར་མཁན་གྱི་ཁོ་བོ་རང་ཉིད་གཏོགས་པའི་ཤེས་ཡོན་པར་ཁས་འཆེས་པ་རྣམ་པས། དུས་ད་ལོར་ལོ་གསར་གྱི་དགའ་སྟོན་བྱེད་རྒྱུ་ཡིན་ནམ་མིན།
༢
སྤྱི་ཟླ་བཞི་བའི་ནང་དུ་བོད་ཁམས་ཡུལ་ཤུལ་གྱི་གནས་སུ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ས་ཡོམ་གྱི་གོད་ཆགས་འཇིགས་སུ་རུང་བ་ཐེབ་པ་དེས།གནས་མཆོག་དེ་ཡི་ཕ་མ་བུ་ཕྲུག་དང་སྒོ་ནོར་ཁྱིམ་གཞིས་ཡོད་ཚད་ཐལ་བའི་རྡུལ་དུ་བརླགས་ཤིང༌། དེ་ནས་ཅུང་མ་འགོར་བར་ཨ་མདོ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་འཇིགས་པ་སྔར་ཡོང་མ་མྱོང་བ་ཞིག་བྱུང་སྟེ། སྤུན་ཟླ་གང་མང་གི་ཚེ་སྲོག་ཕ་རོལ་དུ་བསྐྱལ་བས་མི་ཚད། ཟླ་འགའ་ལས་མ་སོང་བར་སླར་ཡང་འབྲུག་ཆུ་རྫོང་དུ་མེ་སྐྱོན་ཚབས་ཆེན་བྱུང་ནས་མི་ཤི་རྟ་འགྱེལ་གྱི་གོད་ཆག་བསླངས་པ་དང༌།
དེ་བཞིན་ཁམས་རྟའུ་རྫོང་དུ་རི་རྩྭ་ཤོར་བའི་འཇིགས་པ་མིག་གིས་མི་བཟོད་པ་ཞིག་བྱུང་སྟེ།བོད་མི་བཅོ་ལྔ་ལྷག་ཚེ་ལས་འདས་པའི་གྱོང་རྒུད་བྱུང་བ་སོགས། འདས་པའི་ལོ་ངོ་འགའི་ནང་དུ་སེམས་ལ་དྲན་མེད་པའི་རང་བྱུང་ཁམས་ཀྱི་གནོན་པ་འདྲ་མིན་གྱིས།བོད་པ་གཉོམ་ཆུང་ཚོ་ཆག་ཆག་ཉིལ་ཉིལ་དུ་བཏང་དང་གཏོང་གིན་པའི་དུས་ཐོག་འདིར།ཤེས་རིག་གི་མཐོ་ས་ནས་བལྟས་ཤིང་མིའི་རིགས་ཀྱི་ཟབ་ས་ནས་མྱང་བར་རློམ་པའི།ཁོ་བོ་རང་ཉིད་གཏོགས་པར་ཤེས་ཡོན་པར་ཤུགས་གྱིས་བསྒྲེངས་པ་རྣམས་ཀྱིས།སྤུན་མི་ཁོང་ཚོ་གཤེགས་ཤུལ་གྱི་དུས་ད་ལོར་ལོ་གསར་བའི་དགའ་སྟོན་བྱེད་རྒྱུ་ཡིན་ནམ་མིན།
༣
འབའ་བ་ཨ་གྲགས་དང་གནས་རྩ་འཇམ་དབྱངས།བྲག་འགོའི་ཀུན་དགའ་སོགས་ཀྱི་རིན་ཐང་གི་ཚེ་སྲོག་ཕྱི་མར་འཕང་ཞིང༌།གོ་འཇོའི་འབུམ་དགའ་དང་འཆི་མེད་དབང་འདུས།བྱང་ཆུབ་ཆོས་མཚོ་སོགས་ཀྱི་ཚེ་ལུས་ཀྱི་མིག་ཟུང་མུན་ནག་ཏུ་བསྐྱལ་ལ།མགོ་ལོག་གངས་ཉི་དང་འཇང་རྩེ་དོན་ཁོ།རྔ་བའི་བྷུད་ཟླ་སོགས་ཀྱི་ལྕགས་སྨྱུག་གི་སྐུ་སྲོག་རྡོ་ལ་བརྡབས་པའི་སྟེང༌། «ཤར་དུང་རི»དང«གནམ་ལྕགས»«དུས་རབས་ཀྱི་ང»ཚང་གི་ཁྱིམ་མི་འཁོར་དང་བཅས་པ་བཙོན་མུན་གྱི་གནས་སུ་བཟུང་ཞིང༌།སྟག་སྨྲིག་དང་གངས་དགའ་འཁྱམས་པོའི་གཙོས་པའི་བོད་ནང་གི་ན་གཞོན་ཤེས་ཡོན་པ་སུམ་བཅུ་ལྷག མིག་མཐོང་ལག་ཟིན་གྱིས་ལོ་ངོ་གཅིག་གི་རིང་ལ་བཙོན་འཇུག་གི་ལས་སུ་སོང་བའི་དུས་མཐའ་འདིར།
ཁོང་ཚོ་སུ་ཡི་ཆེད་དང་གང་གི་ཕྱིར་དུ་མནར་གཅོད་སྟོང་གིས་གདུང་བའི་གནས་ངན་དེར་ལྷུང་སོང་བ་ཀུན་ནས་ཤེས་ཡོད་པའི་ང་ཚོས།དཔའ་བོ་བཀའ་དྲིན་ཅན་དེ་དག་དང་ཤེས་ཡོན་པ་ལྷག་བསམ་ཅན་དེ་དག་གི་སྐུ་ཁྲག་མིག་ལ་སྣང་བཞིན་དུ།དྲྭ་དེབ་དུ་མའི་གདན་ཐོག་ཏུ་བདེན་དྲང་དང་ཐོབ་ཐང༌།རང་དབང་དང་དམངས་གཙོ་ཟློ་བའི་ཁོ་བོ་རང་ཉིད་གཏོགས་པའི་བོད་ཡིག་རྩོམ་མཁན་གྱི་ཤེས་ཡོན་པར་བརྩི་བའི་ན་གཞོན་གསར་བ་གསར་རྐྱང་ཚོས།ཁོང་རྣམ་པའི་རྗེས་ཤུལ་དུ་གསོན་པོར་ལངས་ནས་དུས་ད་ལོར་ལོ་གསར་བའི་དགའ་སྟོན་བསུ་རྒྱུ་ཡིན་ནམ།
༤
དོན་དམ་པར་བོད་རང་ལ་ཁ་ཚ་དགོས་གཏུགས་ཀྱིས་མཁོ་ཞིང་བོད་རང་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་པའི།མི་སྒེར་རང་གི་ཡིན་པའི་སྐད་ཆ་ཚིག་གཅིག་ཀྱང་སྔུན་ལ་གཡུག་རྒྱུ་མེད་བཞིན་དུ།དགག་སྒྲུབ་ཀྱི་མདའ་མོ་ནང་ལ་བསྐོར་ཞིང་སྐྱོན་འབྲུ་ཡི་ཞྭ་མོ་ནང་ལ་བླངས་ཏེ་ནང་འཁྲུགས་ཅི་འདོད་འདོད་རེ་བྱེད་ཀྱིན།དམའ་འབེབས་དང་རྫུན་ཚིག་གི་འཁོར་ལོའི་བར་ནས་སྐབས་རེར་མི་རིགས་བོར་གྱིན་པ་དང༌། ལན་རེར་རང་ཉིད་བོར་གྱིན་པའི་སྣང་བ་འཆར་ཞིང༌།
ཁོ་བོ་སྒེར་ལ་མཚོན་ན་ཡང་ལོ་དེབ་འགའ་རེ་དཔར་ཁུལ་དང་ཚོགས་པ་རེ་ཟུང་འཛུགས་ཁུལ།ཚོགས་འདུ་རེ་གཉིས་བསྐྲུན་ཁུལ་སོགས་ཀྱི་གཟུགས་བརྙན་ཙམ་རེ་རིས་སུ་ཕབ་ཁུལ་བྱས་ན་ཡང་།དོན་ངོ་མར་ད་སྔོན་བོད་མི་རིགས་ལ་འདི་སྦྱིན་ནོ་སྙམ་པའི་རང་ཉིད་ཀྱི་ཡིད་མགུ་བའི་རིན་དོད་ཅན་གཅིག་ཀྱང་སྟོན་རྒྱུ་མེད་པ་མ་ཟད།ད་ལྟའི་བར་དུ་རང་ཉིད་ཀྱི་འཚོ་བ་ཙམ་པོ་ཡང་གཞན་ལ་བསྟེན་ཅིང་གཞན་གྱིས་གསོས་ནས་ཡོང་བའི་དབང་གིས།རང་གི་བསམ་བློའི་གསར་གཏོད་ནི་འདི་དང་དཔལ་འབྱོར་གྱི་སྒེར་ཚུགས་ནི་འདིའོ་ཞེས་ཆེ་ཆེ་ཞིག་ཁྱོན་ནས་སྟོན་རྒྱུ་མེད་ནའང་།
ད་དུང་ཡིན་རློམ་དང་ཆེ་ཚུགས་གང་ཞིག་ཡོད་མདོག་གིས།འགྲོ་བ་མིའི་རིགས་དང་ཤར་ནུབ་ཀྱི་སྐྱེས་བུ་དམ་པ་དག་རྒྱ་མར་གཞལ་ནས།དེ་ཉིད་འགྲིག་དང་འདི་ཉིད་མི་འགྲིག་པར་བཤད་ཀྱིན་པའི། ཁོ་བོ་རང་ཉིད་གཏོགས་པའི་བོད་པ་ཤེས་ཡོན་པར་གྲགས་པའི་ཀུན་ཀྱིས་དུས་ད་ལོར་ལོ་གསར་བའི་དགའ་སྟོན་བྱེད་རྒྱུ་ཡིན་ནམ་མིན།
༥
མདོར་ན། ཕྱི་ནང་དང་སྤྱི་སྒེར་གང་གི་ཐད་ནས་བལྟས་ན་ཡང༌། དུས་ད་ལོར་ང་ཚོས་ལོ་གསར་བའི་དགའ་སྟོན་བྱེད་འོས་སམ། །

རྩོམ་རིག

Post navigation

Previous Post: རྒྱ་གར་གི༼znews༽སོགས་ལ།
Next Post: ༄༅། །དགའ་ལྡན་རྒྱལ་རོང་ཁམས་ཚན་གྱི་ལོ་རྒྱུས་ཆ་ཤས། །

Comments (3) on “ང་ཚོར་ལོ་གསར་ཡོད་འོས་སམ།”

  1. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-01 at 2:35 pm

    ལོ་གསར་གྱི་ཉིན་མོར་སྐྱེས་སྐར་དུས་ཆེན་འཁེལ་སྟབས་ཁོམ་ལོང་ཞིག་གཏན་ནས་མི་ཡོང་བས་
    ངས་ནི་དེ་སྔོན་ནས་མི་ཚེའི་ནང་ལོ་གསར་མི་གཏོང་བར་ཐག་བཅད་བྱས་ཟིན།

  2. གསང་གྲོལ། says:
    2011-02-01 at 3:55 pm

    འཇར་མན་གྱི་རྒྱའི་རིག་གནས་ཆེད་མཁས་བ་ཀོས་པན་གྱིས་རྒྱའི་དེང་རབས་རྩོམ་རིག་ནི་གད་སྙིགས་རེད་བཅས་བརྗོད་ཡོད་ལ། འཇར་མན་ལ་མཚོན་ན་གང་སར་རྩོམ་པ་པོ་ཡོད་ལ། ཁོང་ཚོས་འཇར་མན་མཚོན་གྱི་ཡོད་ལ། འཇར་མན་གྱི་ཚབ་བྱེད་དེ་སྐད་ཆ་བཤད་ཀྱི་ཡོད། དེར་བརྟེན་ང་ཚོ་ལ་འཇར་མན་གྱི་འབོད་སྐད་ཡོད་ཟེར། འོན་ཀྱང་རྒྱ་ནག་གི་འབོད་སྐད་དེ་གང་ན་ཡོད་རྩ་བ་ཉིད་ནས་མེད་དེ་རྒྱ་ནག་གི་རྩོམ་པ་པོ་དེ་ཚོ་སྙིང་ཆུང་སྡར་མ་ཤ་སྟག་རེད་ལ་ཕན་ཚུན་བརྩི་བཀུར་མི་བྱེད་པ་རྐྱང་རེད་བཅས་བརྗོད་ཡོད།
    ང་ཚོའི་བོད་ལ་འབོད་སྐད་ཡོད་དེ། ཚེ་རིང་འོད་ཟེར་གཙོས་ཞོགས་དུང་དང་། ཤར་དུང་རི། དུས་རབས་ཀྱི་ང་བཅས་ནི་བོད་རང་ཉིད་ཀྱི་ཚབ་མཚོན་འབོད་སྒྲ་རྣལ་མ་ཡིན་ལ། སྒོ་ཡོན་གྱིས་འདི་ལྟར་འབོད་སྐད་རེ་སྒྲོག་བཞིན་པ་ཆེས་བཀུར་བའི་གནས་ཡིན་ལ།

  3. གསང་གྲོལ། says:
    2011-02-01 at 4:00 pm

    ༼སྨྲ་ལྕེ་དེ་ནམ་ཡང་འཇིགས་སྣང་འོག་ནས་བསྐུམས་བསྡད་ཚེ་ནམ་ཞིག་གོམས་ལོབས་སུ་གྱུར་འགྲོ༽བའི་སྒོ་ཡོན་གྱིས་གསལ་འདེབས་རེ་བྱེད་བཞིན་པ་རྟུལ་ཕོད་ཀྱི་ལས་རེད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme