Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོར་དགོས་པ་དེ་རང་ཡུལ་རང་བདག་དང་ཕ་ཡུལ་བུ་འཛིན་བྱ་རྒྱུ་དེ་ལས་ལྷག་པའི་དམིགས་ཡུལ་གང་ཡང་ཡོད་མ་རེད།

Posted on 2023-11-01 By ཁ་བརྡ་ No Comments on ང་ཚོར་དགོས་པ་དེ་རང་ཡུལ་རང་བདག་དང་ཕ་ཡུལ་བུ་འཛིན་བྱ་རྒྱུ་དེ་ལས་ལྷག་པའི་དམིགས་ཡུལ་གང་ཡང་ཡོད་མ་རེད།

གཞུང་པ་ཚེ་དབང་བསོད་ནམས།

འཇིག་རྟེན་གྱི་ས་གཞིི་འདི་ཆགས་པ་ནས་༼ གདོན་མའི་སྤྱི་ཚོགས་ཀྱི་དུས་རབས་རྫོགས་ནས ༽ མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ནང་རིམ་པས་བཟའ་ཚང་ཁྱིམ་འཚོ་ཟིན་ནས་བུ་ཕྲུག་གསོ་སྐྱོང་དང་ཁྱིམ་ཚང་གི་འཚོ་བའི་མདུན་ལམ་གཉེར་རྒྱུ་སོགས་སྐད་དང་ཤ་མདོག་གཅིག་པའི་མི་རིགས་རྣམས་མཉམ་འདུས་ཀྱིས་ལམ་ལུགས་གསར་གཏོད་འོག་ནས་མི་རིགས་སོ་སོར་དབང་བའི་ས་ཆ་དང་། ས་ཆ་དེའི་སྟེང་དུ་མི་རིགས་འཚོ་གནས་ཐུབ་པའི་ཞིང་འབྲོག་གི་འཚོ་བ་ས་ཞིང་འཕྲུ་སློག་གི་ཞིང་ལས་འབྲས་དང་འབྲུ་འདེབས་ལས་བྱེད་མཁན་ལ་ཞིང་པ་ཟེར་བའི་ཐ་སྙད་དེ་ཐོགས་པ་དང་། དུད་འགྲོ་སེམས་ཅན་གསོ་ཉར་བྱ་མཁན་ལ་འབྲོག་པ་ཟེར་བའི་ཐ་སྙད་དེ་རྟགས་ནས་ཞིང་འབྲོག་གཉིས་ཀྱིས་འཚོ་བའི་འོག་མི་རིགས་འཚོ་བཞིན་པ་ནས་མི་རིགས་སོ་སོར་ལྟ་རྟོགས་བྱེད་མཁན་འགོ་ཁྲིད་མི་མང་ནས་མི་རྒན་གྲས་འགོ་དཔོན་ལ་བསྐོས་ནས་འགོ་ཁྲིད་ཀྱི་ལམ་སྟོན་འོག་མི་མང་ནས་ལས་དོན་སྒྲུབ་དགོས་པའི་ལམ་ལུགས་གསར་གཏོད་དང་། མི་རིགས་མཉམ་འདུས་ཀྱིས་སྒྲིག་འཛུགས་དེ་ལ་སྡེ་འཚོ་ཟེར་བའི་མིང་དེ་རྟགས་པ་དང་། རིམ་པས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དུས་ཀྱི་འགྱུར་བའི་འོག་ནས་སྡེ་འཚོ་ཟེར་བའི་སྒྲིག་འཛུགས་དེ་ཡང་རྒྱལ་ཁབ་ཟེར་བའི་མིང་གི་ཐ་སྙད་དེ་རྟགས་ནས་འཛུགས་བསྐྲུན་གྱི་ལས་གཞི་བཟོ་ལས་དང་འཕྲུལ་ལས་འཐོན་བསྐྱེད་གསར་གཏོད་འོག་ནས་རྒྱལ་ནང་གི་དཔལ་འབྱོར་ལ་འགན་འཁུར་ནས་མི་མང་གི་སྐད་ཡིག་དང་ཤེས་ཡོན་རིག་གནས་སློབ་གསོ། མང་ཚོགས་ཀྱི་འཕྲོད་བསྟེན། འཁོར་ཡུག་སྲུང་སྐྱོབས་ཆེད་རི་ལུང་རྩ་ཚིག་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མི་མང་གི་འཚོ་བ་བཅས་ལ་ཡར་རྒྱས་ཀྱི་རྣམ་པ་གསལ་དུ་ཕྱིན་ནས་རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་ལམ་ལུགས་གསར་གཏོད་འོག་ནས་ཕྱི་དངོས་ནང་འདྲེན་དང་ནང་དངོས་ཕྱི་གཏོང་སོགས་རྒྱལ་ཁབ་ཕན་ཚུན་བར་ཚོང་ལས་རྒྱ་བསྐྱེད་འོག་ནས་གཞུང་དང་མི་མང་བཅས་ཀྱི་དཔལ་འབྱོར་ལ་ཚད་མཐོའི་ཡར་རྒྱས་ཡོད་ན་ཡང་དོན་དངོས་མི་ལ་དགོས་པ་དེ་ཞི་བདེ་ལྷིང་འཇགས་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་དེ་ཡིན་ན་ཡང་མི་གི་འདོད་པ་ལ་མཐའ་མེད་པ་ནས་ཆེ་ས་རྒྱལ་ཁབ་ཕན་ཚུན་བར་ས་མཚམས་ཀྱི་རྩོད་རྙོག་དང་། འབྲིང་ས་སྡེ་ཚོ་ཕན་ཚུན་བར་ཙ་ཟ་ཆུ་འཐུང་གི་རྩོད་རྙོག་དང་། ཆུང་ས་གྲོང་པ་ཁྱིམ་མཚེས་བར་ཁབ་སྐུད་སྤྲོད་ལེན་གྱི་རྩོད་རྙོག་སོགས་ཉོན་མོངས་པ་དང་མ་རིག་པའི་དབང་གི་མི་གི་སྤྱི་ཚོགས་འདི་གཅིག་གི་གཅིག་ལ་འཁོན་སེམས་དང་། ཕྲག་དོག ཐུབ་ཚོད་དང་། གཉའ་གནོན། བཤུ་གཞོག བཙན་དབང་སོགས་འབུ་ཆེ་བས་ཆུང་བཟོས་ལྟར་རྒྱལ་ཁབ་སྟོབས་ཆེ་བས་ཆུང་བར་དབང་བསྒྱུར་གྱིས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་འཇུག་འབྲས་འོག་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་ནས་མི་མང་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་ལ་འབྲེལ་ཆགས་རྒྱལ་ཁབ་ཚོའི་བློ་འགྱོད་འོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་མ་འོངས་རྒྱལ་ཁབ་གཅིག་གི་གཅིག་ལ་བཙན་འཛུལ་མི་ཆོག་པའི་གྲོས་ཆོད་བཞག་ནས་འཛམ་གླིང་འདིར་ཞི་བདེ་ཡུན་གནས་ལ་ཁ་ཕྱོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་། བདེ་འཇགས་ཚོགས་ཆུང་། འཁོར་ཡུག་སྲུང་སྐྱོབས་ཚོགས་ཆུང་སོགས་ཚོགས་ཆུང་མང་པོའི་འོག་ནས་ཚོགས་མི་རྒྱལ་ཁབ་སོ་སོའི་ཁྱིམ་མཚེས་དང་ས་འབྲེལ་རྒྱལ་ཁབ་བར་ཞི་བདེ་དང་འཆམས་མཐུན་མཉམ་གནས་ལ་འགན་འཁུར་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ལམ་སྟོན་གྱི་གྲོས་ཆོད་ཡོད་ན་ཡང་བོད་ཀྱི་ས་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ལ་བརྩི་བཀུར་མེད་པར་སྤྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་ནས་འགོ་བཙུགས་ནས་བོད་ལ་བཙན་འཛུལ་གྱིས་མཐར་ ༡༩༥༩ ལོར་བོད་ཆོལ་ཁ་གསུམ་རྒྱ་མིའི་བཙན་འོག་དུ་ཚུད་ནས་བོད་མིའི་ཆོས་སྲིད་གཉིས་ཀྱིས་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བཀའ་ཤག་ལྷན་རྒྱས་དང་ཞི་བའི་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་བ་ནས་དུས་ད་ལྟ་བར་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་རིང་ང་ཚོའི་ལས་འགུལ་འདྲ་མིན་དང་། ཐབས་ལམ་འདྲ་མིན། བརྒྱུད་ལམ་འདྲ་མིན་བསྟེན་ནས་བོད་དོན་བདེན་མཐའ་སེལ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་ཇི་ཙམ་བྱས་ཀྱང་རྒྱ་མིའི་ངོས་ནས་བཟང་ཕྱོགས་ཀྱིས་བརྡ་ལན་ཕར་བཞག་རྣམ་འགྱུར་ཙམ་ཡང་མེད་ན་ཡང་ང་ཚོ་མི་ཡུལ་དུ་ཡོང་དགོས་པའི་ཐོག་མའི་དམིགས་ཡུལ་འཇིག་རྟེན་འདི་ཆགས་པ་ནས་ང་ཚོའི་ཕ་ཡུལ་ ༼ བོད་གངས་ལྗོངས་ཆོས་སྲིད་གཉིས་ལྡན་ ༽ འདི་རང་ཡུལ་རང་བདག་དང་ཕ་ཡུལ་བུ་འཛིན་བྱ་རྒྱུ་དེ་སྐྱེས་མ་ཐག་པའི་བོད་མི་རིགས་ཀྱིས་ལས་དབང་དུ་བསྐོས་པའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བླ་ན་མེད་པ་དེ་ཡིན་ན་ང་ཚོའི་འགྱུར་ལྡོག་མེད་པའི་དམིགས་ཡུལ་བརྟན་པོ་དེ་མ་འགྲུབ་བར་བོད་དོན་ཐབས་རྩོད་དེ་མུ་འཐུད་ནས་སྔོན་འགྱེལ་རྗེས་ལངས་དང་གཅིག་རྗེས་གཉིས་མཐུད་བྱས་ནས་མི་ཐོག་ནས་མི་ཐོག་བརྒྱུད་ནས་མི་ལོ་སྟོང་ཕྲག་འགོར་ཡང་དམིགས་ཡུལ་དེ་སྒྲུབ་ཐུབ་པའི་བཙན་བྱོལ་སྒྲིག་འཛུགས་འདི་སྲ་བརྟན་དང་རྒྱུན་གནས་ཆིག་སྒྲིལ་དུ་གནས་ཐུབ་པའི་ཆོད་སེམས་དང་འགན་འཁུར་བརྟན་པོ་དགོས་པའི་དམ་བཅའ་འཇོག་དགོས་པ་དེ་བོད་མི་རིགས་ཤི་གསོན་ཡོངས་ཀྱིས་མངོན་འདོད་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། བདེན་པ་ཉིད་རྣམ་པར་རྒྱལ་ལོ།

བསམ་ཚུལ།

Post navigation

Previous Post: བཙན་བྱོལ་བོད་མིའི་ལས་དབང་ལ་དཔྱད་པའི་གཏམ།
Next Post: རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme