Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོར་ཆོས་དང་མ་འབྲེལ་བའི་འཚོ་བ་ཡང་དགོས།

Posted on 2018-05-092018-05-09 By tenzin 10 Comments on ང་ཚོར་ཆོས་དང་མ་འབྲེལ་བའི་འཚོ་བ་ཡང་དགོས།

བསྟན་འཛིན།
 
ངའི་འཇིག་སྣང་ཆེ་ཤོས་ནི། ང་ཚོར་ཆོས་མ་གཏོགས་གང་ཡང་མེད་པའི་རྣམ་པ་བཟོ་བ་དེ་རེད། ང་ཚོ་བོད་པ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། མིའི་འཚོ་བ་ངེས་པར་དགོས། ཆོས་དང་མ་འབྲེལ་བའི་འཚོ་བ་ངེས་པར་དགོས། བཙན་བྱོལ་གཞུང་གི་ལམ་ལུགས་ག་གེ་མོ་ཞིག་གི་འོག་ལ་ང་ཚོ་ནི་ཆོས་འབངས་ཅིག་ལ་བསྒྱུར། བོད་ནང་ལ་དེང་སང་མཁན་པོ་དང་དགེ་བཤེས་མང་པོས་ལུས་ངག་ཡིད་གསུམ་སྤུངས་ནས། བོད་མི་ཚང་མ་ཆོས་པ་ཞིག་ལ་བློ་བསྒྱུར་བ་དེ་ཆོས་ཕྱོགས་ནས་འགྲིགས་ཡོད།

འོན་ཀྱང་མི་རིགས་ཤིག་གི་གནས་སྟངས་ནས་བལྟས་ན་ཤིན་དུ་ཉེན་ཁ་ཆེ། བྱས་ཙང་། ང་ཚོ་སློབ་གྲྭར་འགྲོ་མྱོང་བ་དང་། ཚེ་འདིའི་ལོངས་སྤྱོད་དང་ཐོབ་ཐང་ལ་རྩོད་ལེན་བྱེད་མཁན་ཤེས་ཡོན་ཅན་པ་ཚོས་ཀྱང་ལུས་ངག་ཡིད་གསུམ་བཀོལ་ནས་ཆོས་དང་འབྲེལ་བ་མེད་པའི་འཇིག་རྟེན་གྱི་ལོངས་སྤྱོད་རྣམས་མ་འོངས་ཀྱི་ན་གཞོན་རྣམས་ལ་ངེས་པར་སྤྲོད་དགོས། ང་ཚོས་མི་རབས་རྗེས་མ་རྣམས་ཆོས་གཅིག་པུའི་ཐོག་ལ་ཤར་བསྐྱོད་བྱེད་མཁན་ཞིག་ལ་རྩོད་ལེན་བྱས་ན། ང་ཚོར་རེ་བ་རྒྱག་ཡུལ་མེད་པར་གྱུར། དེར་རྟེན། བོད་ཀྱི་ཆོས་ཀྱི་དབུ་ཁྲིད་རྣམ་པ་དང་། མཁན་པོ་དགེ་བཤེས་རྣམ་པས། མི་མང་ཚོར་ཆོས་ཁྲིད་པ་མ་ཟད། འཇིག་རྟེན་པའི་མི་འཇོན་པོ་དང་དྲུང་པོ། སློབ་གསོ་ལྡན་པ་ཞིག་ཡོང་བར་ཡང་སྐྱབས་འཇུག་གནང་རོགས་ཞུ།

ངས་བལྟས་ན། ང་ཚོ་བོད་པ་རྣམས་ངེས་པར་དུ་ཕྱུག་པོ་དང་། འཇོན་པོ་དགོས། རྒྱུ་མཚན་ནི་ང་ཚོར་རྨང་གཞི་བྱམས་སྙིང་རྗེ་ཟེར་བའི་འདུ་ཤེས་ཡག་པོ་ཞིག་ཡོད་པས། བོད་པའི་ཕྱུག་པོ་ཞིག་དང་མི་རིགས་གཞན་གྱི་ཕྱུག་པོ་གཉིས་ལ་ཁྱད་པར་གཏན་གཏན་ཡོད། བོད་པའི་ཕྱུག་པོ་དེས་ཉུང་མཐར་སེམས་ཅན་གསོན་པོ་བཟའ་བར་བློ་མ་བདེ་བ་ཞིག་ངམ་གྱིས་ཡོད།

བསམ་ཚུལ།

Post navigation

Previous Post: ཞབས་བརྟན་གསོལ་འདེབས།
Next Post: President ཞེས་པའི་མིང་དེ་ཁྲིམས་མཐུན་ཆགས་མེད།

Comments (10) on “ང་ཚོར་ཆོས་དང་མ་འབྲེལ་བའི་འཚོ་བ་ཡང་དགོས།”

  1. ཀླུ་སྨྱོན། says:
    2018-05-09 at 10:20 pm

    ཆོས་མེད་སྤྱི་ཚོགས་ཆགས་དང་ཆགས་དང་ཆགས་བཞིན་འདུག སེམས་ཁྲལ་ཁྱོན་ནས་མི་འགུ་ལགས།

  2. དགེ་འདུན་རྒྱ་མཚོ། says:
    2018-05-09 at 11:09 pm

    ཆོས་ཡོད་བོད་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་འདོད་བའི་བློ་དེ་དང་། ཆོས་མེད་བོད་པ་ཚོས་རང་ཉིད་འཛམ་གླིང་གི་སྔོན་ཐོན་ཅན་དུ་བསྒྱུར་འདོད་ཀྱི་བསམ་བློ་གཉིས་ཀ་ཡག་པོ་རེད། ཡིན་ན་ཡང་གཉིས་ཀ་འགྲུབ་ཐབས་མེད་པའི་རྨི་ལམ་རེད། ཕན་ཚུན་གཅིག་གཅིག་གི་སྐྱོན་མཐོང་ནས་འདོད་ཕྱོགས་གླེང་ཆོག་ཀྱང་། མི་རང་ཉིད་ཀྱི་གནས་བབས་སྐྱོ་བོ་ག་འདྲ་ཡོད་པ་དེ་ཡང་ཤེས་དགོས་པ་གལ་ཆེན་པོ་རེད། 
    ངས་བསམས་ན་མི་མང་བོ་ཞིག་གིས་ད་དུང་ཡང་ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་དང་ཆོས་དང་མ་འབྲེལ་བའི་འཚོ་བ་ངོས་འཛིན་ཐུབ་ཀྱི་མེད་པ་འདྲ། 
    རྔོན་པ། ཤན་པ། རྐུན་མ། ཇག་པ། ནག་ཚོང་མཁན་སོགས་ཀྱི་འཚོ་བ་ནི་ཆོས་དང་མ་འབྲེལ་བའི་འཚོ་བ་རེད།   ཧཧཧཧ་་་ཀུ་རེ་ཡིན། 

  3. མྱི། says:
    2018-05-10 at 12:05 am

    དང་པོ་མིའི་འཚོ་བའམ་འཚོ་གནས་ཞེས་པ་དེ་གང་ཡིན་པ་དང་ཆོས་གང་ཡིན་པར་ཧ་གོ་བ་གྱིས། གཞི་ནས་ཤོད། ཆོས་ཞེས་པ་ནི་བདེ་སྐྱིད་སྒྲུབ་བྱེད་ཡིན་པས་དེ་མི་མཁོ་ཞེས་འཚོ་གནས་ལ་དུང་བ་སུས་ཀྱང་ལབ་མི་སྲིད། ཁ་ཤས་ཀྱིས་ཆོས་ཤེས་པར་རྐང་རྡེབ་དང་ལག་རྡེབ་སྦྲགས་ཏེ་བསྡུས་རིག་མ་སྦྱོང་ན་ཆོས་མི་ཤེས་སྐད་དེ་མཐའ་ལྷུང་གི་སྐད་ཆ་རེད། སློབ་གྲྭ་ཁག་ཏུ་འདི་སྦྱོང་བཅུག་ཡ་དེ་དུས་ཚོད་ཆུད་ཟོས་སམ་འཕྲོ་བརླག་རེད། བརྡ་ཤན་འབྱེད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི་ལས། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིག་པ་རྣོ་བའི་འཕྲུལ་གར་གྱིས། །བློ་གསལ་རྨོངས་སུ་བཅུག་པའི་ངག །ད་ནི་གཞུང་སྨྲ་རྒད་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟད་བསླད། །སྨྲ་བ་འདི་འདྲའི་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་རྗེས་སུ། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་གསུངས་པ་ལྟར་དངོས་ནས་བློ་གསར་རྨོངས་སུ་འཇུག་སྤྱད། ས་ཁུག་མེད་སར་གོམ་ལྷག་ཅེས་པ་ལྟར་འཇིག་རྟེན་ཁྱིམ་པའི་འཚོ་གནས་པ་དག་ལ་འདི་དག་བསླབ་པ་ལ་མོས་མཐུན་རྩ་བ་ནས་མེད། འདི་འདྲའི་ཟེར་སྒྲོས་ཉོག་པོའི་སློབ་གསོ་དེས་ལུགས་གཉིས་མེད་ཀྱི་ལམ་དུ་ཁྲིད་ཀྱིན་ཡོད། བོད་ལ་སློབ་གསོ་འདི་དར་ནས་ལོ་སྟོང་ཕྲག་གཅིག་ལྷག་སོང་ཡོད་ཀྱང་། མང་ཚོགས་བརྒྱ་ཆ་༩༠ ཆོས་མི་ཤེས་འཇིག་རྟེན་མི་ཤེས་པའི་གནད་དོན་དེ་ཐག་གཅོད་ཐུབ་མེད་ཅིང་། རང་ས་རང་ཡུལ་སྲུང་སྐྱོབ་ཤེས་པའི་མི་གཅིག་ཀྱང་སློབ་གསོ་འདིས་སྐྱེད་སྲིང་ཐུབ་མེད། སློབ་གསོ་འདི་སྐྱར་ཞིབ་ཏན་ཏན་དགོས་ས་འདུག ད་ནས་བཟུང་རང་རྟུག་གསེར་དུ་མ་སྒོམ་པར་བོད་ཀྱི་སློབ་གསོ་རིག་པ་ལ་སྐྱར་ཞིབ་བྱེད་རེས་འདུག

  4. བློ་བཟང་། says:
    2018-05-10 at 7:02 am

    ཆོས་ལུགས་ནི་མི་ལ་སེམས་གསོ་བྱེད་ཙམ་རེད་དེ་མེད་ཀྱང་ཆོག མེད་དུ་མི་རུང་བ་ནི་ཆབ་སྲིད་རེད་གལ་དེ་ཆབ་སྲིད་མེད་ན་ང་ཚོ་བོད་ལ་ལྟོས་དང་ཤི་མིན་གསོན་མིན་འདི་རེད།

  5. འབར says:
    2018-05-10 at 9:44 am

    བདེན་པ་རེད།

  6. བསམ་ཤེས། says:
    2018-05-10 at 1:24 pm

    བདེན་པརེད།

  7. བསམ་ཤེས། says:
    2018-05-10 at 1:28 pm

    མི་རིགས་ཀྱི་ངོ་བོ་ཉར་དགོས་ན། ཆོས་ལས་འཇིག་རྟེན་པའི་རིག་གཞུང་གལ་ཆེ། དེར་བརྟེན། མི་རབས་རྗེས་མ་རྣམས་ལ། བོད་པའི་ཆོས་དང་མ་འབྲེལ་བའི་རིག་གཞུང་། གཉེན་སྟོན། སྤུན་མཆེད་བརྩི་སྟངས། བོད་པའི་ཟ་རིགས་གཡོ་སྟངས། གོས་གྱོན་སྟངས་སོགས་ངེས་པར་དུ་སློབ་དགོས།

    ཕྱི་རྒྱལ་ལ་བོད་ཕྲུག་མང་ཆེ་བས་སྐྱབས་འགྲོ་འདོན་ཤེས། ཐེག་པ་ཆེན་པོའི་ཆོས་ཀྱི་སྐོར་ཡང་ཤེས། ཤ་མོག་བཟོ་སྟངས་དང་། རྩམ་པ་གཡོ་སྦྱོར། སྤུན་མཆེད་ཀྱི་མིང་གི་རྣམ་གྲངས། བོད་ཆས་གྱོན་སྟངས་ཤེས་མཁན་ཧ་ལམ་མེད།

    དེར་བརྟེན། བླ་མ་ཆོས་གསུང་ཆོས་གནང་བའི་ཞོར་ལ། བོད་ཟས་དང་བོད་པའི་ཆས་གོས་གྱོན་སྟངས་སོགས་ཁྲིད་ན་ཤིན་དུ་ལེགས།

    བོད་པའི་མི་རབས་གསར་པ་མང་ཆེ་བའི་རང་གི་བཟའ་ཟླའི་ཕ་མ་གཉིས་ལ་མིང་གང་འབོད་དགོས་མེད་ཤེས་མཁན་མེད། དེ་བཞིན་རང་གི་བཟའ་ཟླའི་གཅེན་གཅུང་ལ་མིང་གང་ཡིན་ཤེས་མཁན་མེད།

    འདི་བདེན་པ་ཡིན།

  8. ཇོ་སྲས་ངག་དབང་། says:
    2018-05-11 at 1:57 am

    ཆོས་ཞེས་པ་དང་དེ་གསལ་པོ་ཞིག་ཤེས་ཀྱི་མི་གདའ་ལགས། གལ་ཏེ་གྲྭ་བཙུན་རིགས་དེ་ཆོས་པའི་མཚོན་བྱེད་ལ་འཇོག་གི་གདའ་ན་ནི། དེང་གི་སྤྱི་ཚོགས་ཁྲོད་ལ་ཞིབ་ཏུ་གཟིགས་དང་། ཆོས་ར་དགོན་སྡེ་འགྲིམས་མཁན་ནི་སློབ་གྲྭ་དཀྱུས་མ་འགྲིམས་མཁན་ལས་སྤྱོད་པ་སྡུག ང་རྒྱལ་དང་ཞེ་སྣང་ཆེ། ཡ་རབས་དང་བཟང་སྤྱོད་མེད། རྒྱུ་རྔམས་ཆེ། སྤྱི་ཚོགས་དཀྲུགས་ལ་འབད་བརྩོན་བྱེད། དྲ་འབུ་ཕལ་ཆེར་གྲ་བ་དང་གྲ་ལོག་ཡིན། ཆོལ་དཀྲུགས་དང་ཆོས་དཀྲུགས་བྱེད་མཁན་ཕལ་ཆེ་བ་གྲ་བ་དང་གྲ་ལོག་ཡིན། བཟའ་ཚང་དང་ཁྱིམ་ཚང་དཀྲུགས་མཁན་གྲ་བ་དང་གྲ་ལོག་ཡིན། ད་དུང་་་་་་་་་་་མང་པོ་གདའ་་་་་་་ཧཧཧ

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-05-11 at 6:07 pm

    མཆན་གཉིས་པ་དེར་རྒྱབ་སྐྱོར་ཡོད་།

  10. allen yangzom says:
    2018-05-14 at 4:37 pm

    དབུ་ལོ་ཚིབ་སོགས་དབང་ཆག་ནང་བཞིན་ཅེས་པའི་དོན་གསལ་པོར་འགྲྲེལ་བརྗྗོད་ཡོད་པར་ཞུ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme