Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་སེམས་གཏིང་ན་བོད་སྐད་ཡིག་གི་ཞེན་ཁོག་ག་འདྲ་ཡོད།

Posted on 2014-06-262014-06-26 By ཁ་བརྡ་ No Comments on ང་ཚོའི་སེམས་གཏིང་ན་བོད་སྐད་ཡིག་གི་ཞེན་ཁོག་ག་འདྲ་ཡོད།

ཕུར་བུ་སྒྲོལ་མ། འཛིན་རིམ། ༡༠ རང་ལོ། ༡༤

༅༅།། ཕྱིན་སོང། ཕྱིན་སོང།་དེ་ལྟར་མི་ལོ་ཧྲིལ་པོ་༥༦ལྷག་ཙམ་བུ་མོ་ངའི་མིག་མདུན་དུ་ཡུད་ཙམ་ཞིག་ལ་བུད་སོང། ངས་འདས་ཟིན་པའི་མི་ཚེའིོ་ཤུལ་ལམ་ལ་ཕྱི་མིག་ཅིག་ཕྱོགས་པ་ན་སྐབས་རེ་དགོད་དྲོ་ལ་སྐབས་རེ་ངུ་ཡང་དྲོ། ངས་ལན་ཞིག་འདས་ཟིན་པའི་མི་ཚེའི་ཤུལ་ལམ་ལ་ཕྱི་མིག་ཅིག་ཕྱོགས་པ་ན་བརྗོད་མི་ཚར་བའི་གཏམ་བརྒྱུད་དང་འབྲི་མི་ཚར་བའི་རྙོག་འཛིང་གི་ལོ་རྒྱུས་ཤིག་འཆར་འོང། ཁྲག་དང་མཆི་མའི་ལོ་ཟླ་རིང་མོ་དེ་ལྟར་བསམ་བཞིན་བསམ་བཞིན་སྐད་ཅིག་ཉིད་དུ་བུད་སོང་། གཡུ་མདོག་གི་སྤང་ལྗོངས་འཇམ་པོའི་སྟེང་བསིལ་རླུང་གི་ཁ་དབུགས་འདི་ད་ཆ་ཡ་ང་བའི་ངུ་བོད་དང་ཁྲག་དང་མཆི་མའི་ཁེངས་པའི་རྩུབ་མཁྲེགས་ཀྱི་ས་གཞིར་གྱུར།

ང་ཚོའི་ཚེ་སྲོག་གི་གསོན་ཤུགས་ལྡན་པའི་བོད་མི་རྣམས་འཇིགས་རུང་གི་བེམ་རོ་གྱུར་མོད། འོན་ཀྱང་དཔའ་ངར་ལྡན་པའི་བོད་མི་ང་ཚོ་ནམ་ཡང་གོམ་པའི་འདེགས་འཇོག་རྒྱབ་ཏུ་མི་སྤོས། དཀའ་ཚེགས་ཀྱི་ཀ་ལམ་རིང་མོ་དག་དྲན་ཞིག་གསོ་བ་ན། དེ་ཡང་འཇིགས་རུང་གི་སྤྱི་ལོ་༡༩༥༩ ལོར་ཁུ་སིམ་པའི་འཇིག་རྟེན་རླུང་དམར་དྲག་པོ་ཞིག་ལྡང། སྟོབས་ཤུགས་ཆེ་བའི་“རླུང་དམར་”དེ་ང་ཚོའི་དྲོད་སྐྱིད་ལྡན་པའི་ནོར་འཛིན་གྱི་ས་གཞིར་བཙན་འཛུལ་དང་གཉའ་གནོན་གྱི་ཁུར་པོ་འཁྱེར་ཏེ་སླེབས་བྱུང། དུས་དེ་ནས་བཟུང་བདེ་སྐྱིད་ལྡན་པའི་ང་ཚོའི་ཁ་བ་དཀར་པའི་ཡུལ་ལྗོངས་དེ་དམག་སྦྱོངས་ཀྱི་ས་གཞི་ལྟ་བུར་གྱུར།
མགོ་བོ་གཡོན་ལ་བལྟས་པ་ན་སྔོན་གྱི་དྲི་ཞིམ་ལྡན་པའི་མེ་ཏོག་དཀར་གསེར་རྣམས་ད་ཆ་ཤུལ་ལྷག་ཏིག་འབྲུ་ཞིག་ཀྱང་མཐོང་རྒྱུ་མེད་པར་གྱུར། ངས་ལན་ཞིག་མགོ་བོ་གཡས་སུ་ཕྱོགས་པ་ན་སྔོན་གྱི་དགའ་དགའ་འཛོམས་འཛོམས་ཀྱི་གླུ་དབྱངས་སྣན་མོ་དག་ད་ཆ་ཡ་ང་བའི་ངུ་སྐད་དང་མེ་སྒྱོགས་ཀྱི་ལྡིར་སྒྲ་ཞིག་ཏུ་གྱུར་སོང་། ཨ་ཙི། སྐྱོ་གླུ་དག་བུ་མོ་ངས་སུ་ལ་ཧད།

ཧ་ཅང་ཡིད་སེམས་གདུང་ཞིང་རབ་ཏུ་སྐྱོ་བའི་སྐྱོ་གདུངས་དག་བུ་མོ་ངའི་ཁ་ཆུང་ལས་འཇིག་རྟེན་གྱི་མི་སྣ་སུས་ཉན་འདོད་དམ? ཧ་ཅང་དཀོན། དངོས་གནས་དཀོན། ཅིའི་ཕྱིའི་ཞེ་ན། ད་བར་འཇིག་རྟེན་སྔོན་མོ་འདིར་བྱང་ཕྱོགས་ཁ་བ་ཅན་ང་ཚོ་ལྟ་བུ་དཀའ་ཚེགས་ཀྱི་ངལ་རྩོལ་གྱི་ལོ་ཟླ་རིང་མོའི་ལོ་རྒྱུས་ཤིག་སུ་ལའང་མེད་པས་སོ།
དེ་ལྟར་ངས་བརྗོད་པས་འུད་ཤོབ་གྱི་གཏམ་དག་སུས་ཡིད་ཆེས་སམ? བུ་མོ་ངས་བརྗོད་མི་ཚར་བའི་གཏམ་བརྒྱུད་དག་དཀར་འཇམ་གྱི་གཤོག་བུའི་སྟེང་བརྐོས་ཀྱང་ཁྲེལ་མེད་ཀྱི་མི་སྣ་སུས་ཀློག་འདོད་དམ།
དེ་འདྲའི་ཁྲག་དང་མཆི་མིའི་ལོ་ཟླ་རིང་མོ་འདི་འཇིགས་སྣང། འཇིགས་སྐུལ། དངངས་སྐྲག་དང་སེམས་ཁྲལ་གྱི་བསྐྲུན་པའི་ལོ་ཟླ་༡༩༥༩བོད་མི་ང་ཚོས་ནམ་ཡང་བརྗེད་དཀའ་བའི་དུས་ཤིག་ཏུ་གྱུར། ང་ཚོ་དྲང་བདེན་གྱི་མི་རིགས་དག་དཀྲོགས་དཀའ་བའི་རྩོད་གཞི་འདི་ལས་ནམ་ཞིག་ཐར་ཐུབ། རྩམ་གཟན་གྱི་བོད་མི་ང་ཚོ་ནམ་ཞིག་བརྩན་གནོན། གནའ་གནོན། བརྩན་དབང་དང་སྐྲག་གདངས་ཀྱི་འཇིག་རྟེན་ལས་རང་དབང་ཞིག་ཐོབ་བམ། དཔལ་སྟོབས་ཀྱི་རྩལ་ཤུགས་ལྡན་པའི་རྒྱ་དམར་དག་གིས་ཁ་བ་ཅན་ང་ཚོ་སྲོག་མེད་བེན་བོ་ཤིག་ལྟ་བུ་རྩིས་ཏེ་མེ་མདའ་དང་མེ་སྒྱོགས་ཀྱིས་རྩེད་མོ་རྩེ་བཞིན་འདུག། ང་ཚོའི་སྐྲ་ལོའི་ཉག་མ་ཤིག་ཀྱང་མ་ལུས་པར་ཆ་ཚང་ཤུལ་ཞིག་ཀྱང་མེད་པ་བཟོ་བྱུང།

དེ་ལྟར་བདེན་སྟོབས་སྨྲ་བའི་སྤོབས་པ་ལྡན་པའི་བོད་མི་ང་ཚོ་ཡངས་པའི་རྩེད་ཐང། ཡངས་པའི་ལམ་ཆེན་། དམ་གཙང་འཛའ་གྲོགས་དང་ཆུང་འདྲིས་མཛའ་གྲོགས་རྣམས་དང་གཏན་དུ་བྲལ་སོང། ཁོང་ཚོས་ང་ཚོའི་ལུས་ཐོག་ན་ཡོད་པའི་མིའི་ཁྲག་དང་མིའི་ཤ་རྡོག་གི་རིན་ཐང་ཏིལ་འབྲུ་ཙམ་ཀྱང་མི་རྟོགས་པར་ རང་དབང། མང་གཙོ། འདྲ་མཉམ་སོགས་ཀྱི་བདེ་བ་ལས་གཏན་དུ་ཁ་བྲལ་སོང། སྙིང་རྗེ་དང་འཚོ་བ་སྤུ་ཙམ་ཀྱང་མེ་པའི་མི་དམར་དག་གིས་ང་ཚོའི་མཇིང་དུ་མེ་མདའ་བཞག་ནའང་ཧ་ཅང་དཔའ་ངར་སྟོབས་ཤུགས་ལྡན་པའི་ཁ་བ་ཅན་ང་ཚོས་ད་དུང་ཞེ་སྣང་གི་གྲིབ་གཟུགས་ཤིག་ཀྱང་མེད་པའི་ཐོག་“བོད་རང་བཙན་་”ཞེས་སྤོབས་པའི་ངང་སྐད་གསང་མཐོན་པོས་སྨྲས་པས་(འདང་)ཞེས་མེ་མདའ་ལས་ང་ཚོ་དང་འཇིག་རྟེན་འདི་བཞག་སྟེ་ཕེབས་སོང། དེ་ལྟར་ལོ་ཟླ་རི་ང་པོ་ཕྱིན་སོང་། ན་ཆུང་གི་ཛིང་པོ་རྣམས་ཁྲག་དམར་གྱི་ཁེངས་ཤིང་སྔོ་ལྗང་གི་རི་ལུང་འདི་ཁྲག་དང་མཆི་མས་ཁེངས་ཤིང་དུད་འགྲོ་དང་གཉིས་སུ་མ་མཆིས།

ད་ལོ་བུ་མོ་ཆུང་ཆུང་ངས་རང་ཉིད་ཁ་བ་ཅན་གྱི་ཡུལ་འདིའི་དཀའ་ཚེགས་ཀྱི་ཀྱག་ཀྱོག་གི་ལམ་བུ་དག་གི་་ལོ་རྒྱུས་རྣམས་ཐོས་འཛིན་གྱི་བུ་ཁ་ལས་ཐོས་སྐབས་སེམས་ལ་སྐྱོ་གདུང་གི་དར་ཁ་ཆགས་པའི་དུས་ཚོད་ཁྱུ་བྱུག་གི་གླུ་དབྱངས་དེ་ཡང་སྐྱོ་གར་གྱི་གློ་ཆུང་ཞིག་ཏུ་སྣང། དེ་ལྟར་ལོ་ཤས་མ་སོང་འུ་ཅག་གི་ས་ཆ་འདི་ཁོང་ཚོའི་མངའ་འོག་ཏུ་ཚུད་སོང་བས་ད་ཆ་ང་ཚོར་གོམ་པའི་འདེགས་འཇོགས་ཅིག་སྤོས་པའི་ས་ཆ་མེད་པའི་དབུལ་པོ་ཤིག་ཏུ་གྱུར། སྔོན་གྱི་དགའ་དགའ་སྤྲོ་སྤྲོ་རྣམས་ཡུད་ཙམ་ཞིག་ལ་གར་སོང་ཆ་མེད་དུ་སོང། ཕྲག་དོག་དང་ཞེ་སྡང་ལྡན་པའི་རླུང་དམར་དེས་ང་ཚོ་ད་ཕྲུག་གི་ལག་ཆུང་ཡོད་པའི་བག་ལེབ་འདི་ཡང་མི་ལུས་པར་ཚང་མ་འཁྱེར་ཕྱིན་སོང།
ད་དུང་ཁོང་ཚོས་ཁ་བ་ཅན་གྱི་མགྲིན་བཟང་བོང་བུ་དག་ལའང་རྒྱ་སྐད་བརྒྱབ་ཏུ་བཅུག། དེ་འདྲའི་འཇིགས་སྐུལ་དང་དངངས་སྐྲག་གི་འཇིག་རྟེན་དེའི་འོག་གནས་བ་འདི་ནི་དངོས་གནས་བོད་མི་ང་ཚོའི་འཇོན་ཐང་རེད། སྙིང་རྗེ་དང་གཞན་ཕན་ལྡན་པའི་བོད་མི་ང་ཚོས་ད་དུང་དཔའ་ཞུམ་སྙིང་འདར་མ་ཡིན་པར་གོམ་པ་མདུན་སྤོས་ཀྱིས་རང་ཉིད་ཀྱི་ཆེས་གསལ་ཞིང་གནད་དུ་འཕིགས་པའི་རིག་གཞུང། སྐད་ཡིག། གོམ་སྲོལ་དང་ཆོས་རྣམས་མི་ཉམས་གོང་འཕེལ་དང་ཉམས་པར་སླར་གསོ་ཡོང་བ་ང་ཚོས་རྟག་ཏུ་འབད་དགོས།

ང་ཚོའི་སེམས་གཏིང་ན་བོད་སྐད་ཡིག་གི་ཞེན་ཁོག་ཧ་ཅང་ཟབ། བོད་མི་ང་ཚོ་ནི་ཡུལ་མི་གཞན་དང་མ་འདྲ་བར་ང་ཚོས་རང་ཉིད་ཀྱི་སྙིང་ཉེ་བའི་རིག་གཞུང། སྐད་ཡིག་སོགས་ཀྱི་ཆེད་དུ་རང་ཉིད་ཀྱི་བཙེ་བའི་མི་ལུས་རིན་ཆེན་ཀྱང་མཆོད་པ་ཕུལ་ཐུབ་པ་དེ་ལས་དཔའ་ངར་ལྡན་པ་ཞིག་འཁོར་བའི་ནང་གསེར་གྱི་བཞུད་མ་འཁྱེར་ནའང་རྙེད་པར་དཀའ།
དངོས་གནས། བུ་མོ་ང་གཙང་གཙང྇་གཙང་དངས་དངས་ཀྱི་བོད་མི་གཙང་མ་ཞིག་ལ་སྐྱེས་པ་བསོད་ནམས་ཆེན་པོ་ཞིག་ཡིན་སྙམ་གྱི་འདུག་མོད། འོན་ཀྱང་ཕངས་པ་ལ་ཨང། ན་ནིངས་དང་ད་ལོ་བར་དུ་ང་ཡི་སེར་སྐྱ་ཕོ་མོ་དག་གི་གཅེས་པའི་རང་སྲོག་རེ་རེ་བཞིན་མཆོད་མེད་ཕུལ་སོང་བ་སུ་ལ་གསང།

ཁྱེད་ཚོས་ང་ཚོའི་ལུས་ལ་བོད་སྐད་ཡིག་གི་ཐོབ་ཐང་རྣམས་རིན་མེད་ཀྱི་བེན་པོ་ལྟ་བུ་ཤིག་ཡིན་པ་ཤེས་སམ། ཁྱེད་ཚོས་ང་ཚོའི་གྲིབ་གཟུགས་ལས་མི་རིགས་ཤིག་གི་རིན་ཐང་རྟོགས་ཐུབ་བམ། གལ་ཏེ་ཁྱེད་ཚོ་རྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ན་ང་ཚོའི་སྤྲུན་ཟླ་རེ་རེའི་སེམས་སུ་རང་ཉིད་རྒྱལ་ཁབ་ལ་བཅངས་པའི་བཙེ་དུང་གི་རྨ་ཁ་འདི་ཚོར་ཐུབ་བམ།
བླང་དོར་མི་ཤེས་པའི་འཇིག་རྟེན་དེའི་མི་རྣམས་འཁོར་བ་འཁྲུལ་སྣང་གི་གར་སྟེགས་སྟེང་ང་ཚོས་འཁྲབ་བཞིན་པའི་སྡུག་བསྔལ་གྱི་གཏམ་བརྗོད་འདི་ལྷོད་པོའི་ངང་ནས་བལྟས་ཏེ་འཆིས། མ་ཟད་ཁ་བ་དཀར་པོའི་ཡུལ་ལྗོངས་ན་ཡོང་པའི་གཤོག་པ་གཉིས་ལྡན་གྱི་མི་སྣ་མཁས་པ་རྣམས་བཙོན་བཅུག་དང་དྲག་པོས་འཇིག་རྟེན་འདི་ལས་གཏན་དུ་ཁ་བྲལ་སོང། ཛུབ་རྒྱབ་ཛུབ་གནོན་གྱི་མི་རིགས་དམར་པོ་ཁྱེད་ཚོའི་ལུས་ན་གཞན་ལ་ཚོར་ཆེད་ཀྱི་སྙིང་མེད་པ་འདྲ།

ང་ཚོའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལས་གསར་གཏོད་ཀྱི་ཆེས་གསལ་ཞིང་གནད་དུ་འཕིགས་པའི་བོད་སྐད་ཡིག་དག་ཁྱེད་ཚོས་ཙ་མེད་དུ་བཏང། དེ་བས་ང་ཚོ་དུད་འགྲོ་ཞིག་ལྟར་ཙིས་ཐོང་དང་རང་དབང་རྣམས་མི་རབས་ནས་མི་རབས་བཅོམ་ཏེ་ཕྱིན་སོང་མོད། འོན་ཀྱང་དད་བཙོན་ཤེས་རབ་གསུམ་ལྡན་པའི་ཁ་བ་ཅན་ང་ཚོས་དཔའ་ཁུམ་སྙིང་འདར་མ་ཡིན་པར་མགོ་བོ་ཡར་བཏེགས་ཀྱི་གོམ་པ་མདུན་སྤོས་རྒྱ་གར་འཕགས་པ་བཙན་འབྱོལ་དུ་རང་ཉིད་ཀྱི་ཧ་ཅང་སྲོག་ལྟར་གཅེས་པའི་རིག་གཞུང། སྐད་ཡིག་དང་མི་རིགས་རྣམས་རྒྱུན་འཛིན་གྱིས་འཛམ་གླིང་མི་མང་གཞན་རྣམས་ལ་གསར་གཏོད་ཀྱི་འཁུར་བོ་ཞིག་ཁྱེར་སླེབས་ཡོད། བག་ཡོད་ཀྱི་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་ང་ཚོས་ཤེས་བྱའི་རྒྱ་མཚོར་བརྐྱལ་བརྒྱག་བཞིན་ཡོད། དུས་ཤིག་བོད་ཕྲུག་ང་ཚོས་རྒྱ་མཚོ་སྔོན་མི་འདི་ལས་ཐར་ནས་རང་ཉིད་ཀྱིས་བཅོལ་བའི་རང་བཙན་ཚུར་དུ་ལེན་རྐྱང་ཡིན།

གཟིགས་དང། དུས་དང་དུས་རབས་འགྱུར་ཏེ་ལྡུམ་རའི་ནང་གི་ཁམ་བུའི་སྡོང་པོ་དེ་སྔོན་གྱི་མཛེས་སྡུག་རྣམས་གར་སོང་ཆ་མེད་དུ་གྱུར་འདུག། ད་ཆ་སྐམ་ཤིང་ཐལ་མདོག་ཏུ་གྱུར་འདུག་ལ་ལོ་མ་རྣམས་སྔོ་གསེར་འགྱུར་ཏེ་ས་ལ་ལྷོབ་ལྷོབ་ངང་ལྷུང་ལྷུང་འདུག་མོད། འོན་ཀྱང་ཚང་མའི་ཡིད་ཆེས་ལྟར་དུས་དང་དུས་རབས་འགྱུར་ཏེ་དཔྱིད་ཀྱི་དཔལ་མོ་སླེབས་སྐབས་སླར་ཡང་ཁམ་སྡོང་དེ་རང་ཉིད་ཀྱི་སྔར་གྱི་མཛེས་སྡུག་དེ་རྒྱན་སོང། དེ་ལྟར་དུས་ཤིག་བོད་མི་ང་ཚོའི་ཕ་ཡུལ་བོད་ལྗོངས་ན་སྔར་གྱི་དཔྱིད་ཀྱི་དཔལ་མོ་དང་སྔོ་ལྗང་གི་རི་བོ།་ཁུ་བྱུག་གི་ལ་གཞས་རྣམས་ཐོས་འཛིན་གྱི་བུ་ཁ་ལས་ཐོས་རྒྱུ་ཡོང་གི་རེད།
བོད་རྒྱལ་ལོ། ༢༡༣༧

རྩོམ་རིག

Post navigation

Previous Post: བླུན་པོས་ནོར་ན་མཐོ་གང་དང༌། མཁས་པས་ནོར་ན་འདོམ་གང་ཡིན། ༼མཁས་དབང་ཟླ་བ་ནོར་བུས་གསར་འགྱུར་མེ་ལོང་རྩོམ་སྒྲིག་པ་རྒན་མཐར་ཕྱིན་ལ་བཅར་འདྲི་ཞིག༽
Next Post: འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་བསྡུས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme