Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།

Posted on 2012-10-09 By ཡེ་ཤེས་ 16 Comments on ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།

ཀླུ་སྨྱོན།
ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་འདམ་གཞུང་ཡུལ་ཚོར་དབྱར་དུས་སུ་ཁྲུང་ཁྲུང་མང་པོ་ཡོད་རེད།ད་ལོའི་དབྱར་ཁར་ཁྲུང་ཁྲུང་ཁྱོ་ཤུག་གཉིས་ལས་ཕོ་དེའི་སྒྲོ་རུས་ཆག་སྟེ་འཕུར་ཐབས་མེད་པར་ལུས།མོ་དེས་ཉིན་མཚན་ཀུན་དུ་ཕོ་དེ་སྲུང་སྐྱོབ་བྱེད་པ་དང་།ཁྱི་དང་རྟ་ནོར་སོགས་འགྲམ་དུ་གཅར་དུས་སྲོག་བརྡོས་ཀྱིས་འགོག་རྒོལ་བྱེད་ཀྱིན་འདུག་ཟེར།མོ་ལ་འགོག་རྒོལ་བྱེད་པའི་སྙིང་སྟོབས་ཙམ་མ་གཏོགས་ནུས་པ་གང་ཡང་མེད་པས་སྙིང་རྗེ།ནམ་ཟླ་ཇེ་འཁྱག་ཏུ་གྱུར་པ་དང་བསྟུན་མཚོ་ཁ་དར་གྱིས་བཟུང་།ཁྲུང་ཁྱུ་ནི་དྲོད་སྐྱིད་ལྡན་པའི་ཕ་ཡུལ་ཏེ་ལྷོ་ཕྱོགས་སུ་འཕུར།ཁྲུང་ཁྲུང་ཕོ་དེ་སྒྲོ་རུས་དྲག་སྐྱེད་མ་བྱུང་བས་ལྷགས་རླུང་གི་ཁྲོད་དུ་ལུས།ཁྲུང་ཁྲུང་མོ་དེས་ཁྲུང་ཁྱུའི་རྗེས་ཅུང་ཟད་སྙེག་རྗེས་རང་གི་ཁྱོ་བོ་བློས་མ་ཐོངས་པར་ཕྱིར་ཁྲུང་ཕོ་དེའི་ཟུར་དུ་བབས།དེ་ནས་ཉིན་རེ་བཞིན་ནམ་ཟླ་ཇེ་འཁྱག་ཏུ་གྱུར་ཅིང་མཚོ་ཁའི་དར་ཇེ་མཐུག་ཏུ་གྱུར།མཐར་གསོན་རེ་ཆད་པའི་ཁྲུང་ཁྲུང་ཁྱོ་ཤུག་གཉིས་པོས་འུ་ཐབས་ཟད་ཀྱིས་ཕན་ཚུན་གཅིག་གི་སྐེ་གཅིག་གིས་བསྡམས་ནས་རང་དམེ་བྱས་འདུག་ཟེར།གཏམ་རྒྱུད་འདི་ས་དེའི་འབྲོག་དམངས་ཀྱིས་དངོས་སུ་མཐོང་འདུག་ཅེས་ས་དེའི་ཡིན་པའི་ངའི་གྲོགས་པོ་ཞིག་གིས་གསུངས་སོང་། གྲོགས་པོ་ཚོ་ཁྲུང་ཁྲུང་དེ་གཉིས་ལ་མཎི་རེ་གསུངས་རོགས།

གསར་འགྱུར།

Post navigation

Previous Post: ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གིས་ཡུལ་དངོས་པོར་དཔྱོད་སྟངས།
Next Post: ཁྱོད་དང་ང་ལ་སོ་སོའི་རྨི་ལམ་ཞིག་ཡོད་པ་ལྟར། རང་ལུས་གཞོམ་བསྲེགས་བྱས་པའི་ངའི་སྤུན་མཆེད་ལའང་རྨི་ལམ་ཞིག་ཡོད་པ་རེད།

Comments (16) on “ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།”

  1. ཨ་རུ་ར། says:
    2012-10-09 at 4:15 pm

    སྐྱེ་བ་ཕྱི་མ་ཁྱེད་རང་ཁྲུང་ཁྲུང་ཞིག་གི་རིགས་སུ་སྐྱེ་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱིན་ཡོད་དམ།

  2. ཀླུ་སྨྱོན། says:
    2012-10-09 at 4:49 pm

    གང་དང་གང་གིས་འགྲོ་ལ་ཕན་འགྱུར་བ། །
    དེ་དང་དེ་ཡི་དངོས་པོར་བདག་འགྱུར་ཤོག །
    ཅེས་སྨོན་ལམ་འདེབ་བཞིན་ཡོད།

  3. མགོན་པོ་ཕྱག་གཉིས་པ། says:
    2012-10-09 at 7:27 pm

    འཛམ་བུ་གླིང་ན་བྱ་རིགས་མ་འདྲ་བ་སྟོང་ཕྲག་བཅུ་ལས་བརྒལ་བ་ཡོད་པ་རེད། དེའི་ནང་ན་བརྩེ་བ་ཡོད་མེད་གཉིས་ཀ་ཡོད་པ་རེད། དེ་བས་རྩོམ་གྱི་ཁ་བྱང་དེ་འཚམས་པོ་མི་འདུག མིའི་ནང་ནའང་བརྩེ་བ་ཟབ་མིན་གཉིས་ཀ་ཡོད་པ་རེད། ཁྲུང་ཁྲུང་དང་ངང་ངུར་ལྟ་བུའི་བརྩེ་དུང་ཅན། ཁུ་བྱུག་བཞིན་རང་གི་བུ་ཕྲུག་ཀྱང་གསོ་བར་མི་བྱེད་གཞན་གྱི་ཚང་དུ་འཇོག་པའི་ཁྲེལ་མེད་པ། སྒྲུང་སྙན་པོ་དེ་ལ་ཁ་བྱང་དགོད་བྲོ་བ་བྱིས་པའི་ལབ་བརྡོལ་ལྟ་བུ་གཞི་འཛིན་ས་ཤིག་ཙམ་ཡང་མེད་པ་ཞིག་བཏགས་འདུག་ཨང་།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-09 at 9:04 pm

    བླ་མ་ཀླུ་སྨྱོན་ཧེ་རུ་ཀ་རིགས་སད་པའི་མི་དབང་ཞིག་ཡིན་པས། སྔོན་ཨ་རིའི་རྒྱལ་སར་ཕུག་རོན་ནད་པ་ལ་ངུ་བ་བཞིན་དུ། ཁྲུང་ཁྲུང་བྱ་དཀར་རྣམས་ཀྱི་སྡུག་བསྔལ་དངོས་སུ་མཐོང་ན། མཆི་མའི་རྒྱ་མཚོ་འཁྱིལ་ཏེ། སྐམ་གནས་སེམས་ཅན་ཀུན་གར་སྡོད་དམ།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 9:29 pm

    མགོན་པོས་ཕོ་རོག་སྤུལ་པ་མང་། །
    ཁྱི་ནག་དཔལ་ལྷའི་སྒོ་ཕྱུགས་གྲག །

    ཁྲུང་ཁྲུང་གླིང་གི་བྱ་མ་རྟ། །
    ཕུག་རོན་ང་ཡི་བླ་བྱ་ཡིན། །

    ལྷས་བྱིན་ངང་པར་མདའ་ཡིས་རྨས། །
    དོན་གྲུབ་གཞོན་ནུས་བྱ་དེ་བསྐྱབས། །

  6. སྤྲུལ་སྐུ་དབང་ཆེན says:
    2012-10-09 at 9:30 pm

    ཨ་ལག་ཀླུ་སྨྱོན་གྱི་གནས་ཚུལ་འདི་བདེན་པ་རེད། འདི་འདྲའི་ལོ་རྒྱུས་མང་པོ་གོ་ཐོས་ཡོད། དངོས་གནས་སྙིང་ཡ་རེད་འདུག

  7. མེ་ཏོག་དཀར་པོ། says:
    2012-10-09 at 10:08 pm

    རེད། ཁྲུང་ཁྲུང་སྐེ་ནག་ཅན་འདི་ཁྱོ་ཤུག་ཕན་ཚུན་བརྩེ་བ་ཟབ་པའི་དཔེ་ཡིན། དགུན་དུས། བོད་ནས་འབྲུག ཨ་རུ་ན་ཅལ། ཧི་མ་ཅལ་སོགས་སུ་བབ། སྙན་གྲགས་ཧ་ཅང་ཆེ། འདི་འདྲ་ཞིག་རྔོན་ན་རྒྱ་གར་ནང་ཚེ་བཙོན་ཡིན། ད་རེས་དེའི་གནས་ཚུལ་སོ་མ་ཞིག་བཀོད་པར་གློ་བ་དགའ།
    བརྩེ་བ་ཚད་མེད་ཀྱི་འགོ་འདི་ནས་བཙུག་དགོས་པར་འདོད།

  8. བོད་ལ་ཞེན། says:
    2012-10-10 at 1:56 am

    ཡིད་འགུལ་བྱུང་། སྙིང་ན་བྱུང་། ཨོཾ་མ་ཎི་པདྨེ་ཧཱུྃ།

  9. གནམ says:
    2012-10-10 at 3:03 am

    བླ་མ་ཀླུ་སྨོོན་ལོ་ལོ། སྒྲོ་རུས་ཟེར་ནིའི་དག་ཆ་ཞིག་བྲིས་འདུག་ར། ངས་བལྟས་ན་ཁྱོ་ད་ཐང་གཉང་ཡག་བྱས་ཡོད་ནི་འདྲ་ཞིག་རེད། གཅིག་ནི་སྒྲོ་ལ་རུས་བ་མེད་པ་དང་གཉིས་ནི་དེ་འདྲ་ཞིག་རྣ་བས་གོ་ལ་མ་མྱོང་། སྒྲོག་རུས་ཟེར་ནིའི་རུས་བ་ཞིག་ཡོད་པ་དེ་ལ་ཨ་མདོ་བ་ཚོས་དེ་ལ་སྒྱོག་རུས་ཟེར། དེ་ཆག་པ་ཡིན་ན་བྱ་སྒྲོ(་སྒྱོ་)རྡེབ་མི་ཐུབ་པས། དེ་ཟེར་གྱི་ཡོད་ན་སྒྲོག་རུས་རེད། ཨེ་གོ་ཐལ། དེ་མོ་འཕྱུག་བཙོག།
    ཤི་གསོན་འགྲོ་བ་རིགས་དྲུག་གི་དོན་དུ་འགྱོ་ནིའི་སྐྱབས་འཇུག་་ཨོཾ་མ་ཎི་པདྨེ་ཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ།

  10. མེ་ཏོག་དཀར་པོ། says:
    2012-10-10 at 4:26 am

    གནམ་ཁྱོད་རང་གི་སྐད་ཆ་ནང་ལ་གོ་མི་ནུས་པ་དང་། གོ་མ་མྱོང་བ། གོ་རྒྱུ་མེད་པ་མང་པོ་འདུག
    རང་གི་སྡོད་གནས་ཤེལ་ཁང་ཡིན་ན། གཞན་ལ་རྡོ་མ་གཞུས་ཟེར་བའི་རྒྱ་གར་གྱི་གཏམ་དཔེ་དེ་ཨེ་མ་བདེན།

  11. གནམ says:
    2012-10-10 at 4:41 am

    ཡ་མེ་དཀར། གོ་མ་མྱོང་བ་དག་སྦྱོང་དགོས་བ་རེད། གོ་མི་ནུས་བ་དང་གོ་རྒྱུ་མེད་པ་རྣམས་ང་ལ་ཐད་འདྲི་བྱས་ན། ངས་ཁྱོ་ལ་ཅི་མ་བདེན་བསམ་པའི་བློ་ཁ་སྐྱེད་དགོས། དེ་འདྲ་བྱས་ན་ཨེ་འགྲིག་གི།

  12. ནག་ཐར་སྐྱིད། says:
    2012-10-10 at 4:41 am

    ཡང་་་་བླ་མ་ཀླུ་སྨྱོན་ངུས་ཡོད་རྒྱུ་རེད། ཧུཧུཧུ

  13. མེ་ཏོག་དཀར་པོ། says:
    2012-10-10 at 6:43 am

    ཁྱོ་ཟེར་ན་གང་རེད་དམ།

  14. གནམ says:
    2012-10-10 at 8:41 am

    ང་དང་ཁྱོ་དང་ཁོ་གསུམ་པོ།
    རྗེས་འཇུག་མེད་པས་བསྡུ་སླ་བས།
    ངག་གི་སྐད་ལ་དགོས་བ་ཡིན།
    དཔེར་ན་།
    ངའི་མགོ་ཁྱོའི་མགོ་ཁོའི་མགོ་སོགས།

    ངེད་དང་ཁྱོད་དང་ཁོང་གསུམ་ནི།
    རྗེས་འཇུག་ཡོད་པས་བསྡུ་མི་ཐུབ།།
    ཆོས་ཀྱི་སྐད་ལ་མཁོ་བ་ཡིན།
    དཔེར་ན།
    ངེད་ཀྱི་བྲིས་དང་ཁྱོད་ཀྱི་གསུངས།
    ཁོང་གི་ཐུགས་དང་དབུས་གཙང་གི།
    སྐུ་གྲགས་སྐད་ལ་ཞེ་སའི་ཁྱེད།
    མེ་དཀར་འཐོམ་པ་སེལ་བའི་ཆེད།
    གནམ་གྱིས་བསྐུར་བའི་མེ་དཀར་ཡིན།

  15. མེ་ཏོག་དཀར་པོ། says:
    2012-10-10 at 10:39 am

    ་ད་འོ་ན་གཏམ་རྒྱུད་གསེར་ཐང་ནང་བཤད་པ་ལྟར། མུ་སྟེགས་པས། ཧ་ཧ་ཧ་ཧ་ཧ། ཧི་ཧི་ཧི་ཧི་ཧི། ཞེས་པར་ཧ་དང་པོ་ཅིག་ཅིག་དང་། ཧ་གཉིས་པས་ཉིག་ཉིག་གི་སྟོན་ཟེར་བ་ལྟར་ཁྱོད་ཀྱིས་ཀྱང་དེ་འདྲ་ཟེར་གི་འདུག
    ད་གཡུག་ཞོག ཧམ་ཆེན་དྲེད་པོ་འདི་སྐྱག་པའི་ཁུག་མ་ཙམ་དུ་འདུག་པས་་་་་སྐྱག་དྲི་འཐུལ་ལེ་འོང་ཉེན་ཆེ།

  16. གནམ says:
    2012-10-10 at 5:01 pm

    ཧམ་པ་ཆེ་དང་མི་ཆེ་མི་ཤེས་མོ། སྐྱག་རི་བྲོ་ན་ཁྱོ་ལ་ཁག་ཅིག་མེད།
    འོན་ཀྱང་དྲི་མེད་བྲོ་མེད་སྐྱག་པ་ཞིག། བདག་གིས་ཁྱོ་ལ་འབུལ་ཐབས་མ་ཡོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme