Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་ནད་འདི་དྲག་བསྐྱེད་ཡོང་རན་ཡིན། སྤུན་ཟླ་ཚོ་ལོངས་ཤོག

Posted on 2011-10-092011-10-09 By ཁ་བརྡ་ 4 Comments on ང་ཚོའི་ནད་འདི་དྲག་བསྐྱེད་ཡོང་རན་ཡིན། སྤུན་ཟླ་ཚོ་ལོངས་ཤོག

བོད། ལྷ་ཀླུ་གཉན་གསུམ།
ཁ་སང་དེ་རིང་བོད་ནང་དུ། དམིགས་སུ་བཀར་ནས་ཞུས་ན། བོད་མདོ་སྨད་རྔ་ཁུལ་ན་རང་ལུས་ཀྱི་མཆོད་མེར་སྒྲོན་པའི་བདེན་པའི་འབོད་སྒྲ་སྒྲོག་པའི་དར་མ་གཅིག་རྗེས་གཉིད་མཐུད་དུ་བྱུང་བཞིན་ཡོད། དེ་དག་གིས་མི་རིགས་ཤིག་གི་བདེན་དོན་ཉམས་ཀྱིན་པ་དང་བཙན་གྱིས་འཕྲོག་བཅོམ་བྱེད་པ། བརྡུང་བརྡེག་ཐེབས་བཞིན་པ་མ་བཟོད་པར་རང་ཉིད་ཀྱི་ཚེ་སྲོག་གིས་བདེན་དབུང་བྱས་ནས། ནང་དགོས་ཁ་བ་གངས་ཅན་པ་ཡོངས་ལ་འབོད་སྒྲ་ཤུགས་ཀྱིས་སྒྲོག་ནས། ལོངས་ཤོག ང་ཚོ་ལ་ཚེ་སྲོག་ཡོད། ཚེ་སྲོག་ལ་རིན་ཐང་ཡོད། རིན་ཐང་ལ་རྩོད་ལེན་དགོས། རྩོད་ལེན་ལ་བརྩི་མཐོང་སླེབས་དགོས། དེ་ཡི་ཆེད་དུ། ཕན་ཚུན་མཉམ་གནས་ཤིག་བྱེད་པ་ལ་འདྲ་མཉམ་དགོས། འདྲ་མཉམ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་རེད། ང་ཚོ་ལ་དེ་དབང་དགོས་གསུང་བཞིན་ཕེབས་ཀྱི་ཡོད།

གཅིག་རྗེས་གཉིད་མཐུད་དུ་འདི་ལྟར་མེ་ལ་སྒྲོན། དེ་ཡང་ལང་ཚོ་དར་བབ་ཀྱི་གཞོན་ནུ་རྐྱང་རྐྱང་ཡིན། དེ་ཡང་འཇིག་རྟེན་འདིའི་བདེ་སྡུག་ལ་མྱོང་རོལ་བྱེད་པར་གོམ་པ་སྤོས་མ་ཐག་པའི་དག་གཙང་གི་སེམས་པ། ལྷད་མེད་ཀྱི་སྟོབས་ཤུགས་ལྡན་པའི་སྐྱེ་བོ་དག་རེད། ཁོང་ཚོས་ཁ་བ་གངས་ཅན་པའི་སྐྱིད་སྡུག་གི་ཆེད་དུ་ས་མཐའ་ན་ཚེ་མཇུག་བསྡུ་ལ་ཉེ་བའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧རྒྱལ་བའི་དབང་བོ་མཆོག་རང་གི་ཕ་ཡུལ་དུ་གདན་འདྲེན་ཞུ་བའི་རང་དབང་རྩོད་ཀྱི་ཡོད། རང་ས་ནས་རང་དབང་བཀའ་ཆོས་གནང་བའི་བདེན་པའི་འབོད་སྒྲ་སྒྲོག་བཞིན་ཆས་སོང་། བོད་མི་ཆེས་མི་ཉུང་བ་ཞིག་གིས་དེ་དོན་ཤེས་ཚོར་ཡང་མེད། ཤེས་མེད་ཚོར་མེད་དུ། ས་གནས་གང་ཞིག་ན། སྤྱི་ཚོགས་གང་ཞིག་ན། འདུར་བཞིན་ཡོད། སྔར་བཞིན་འདུར་བཞིན་ཡོད། དབལ་འབྱོར་ཟེར་བའི་བྲན་གཡོག་ཁོ་ནའི་ཆེད་དུ་རྒྱུགས་བཞིན་ཡོད། བོད་མི་ཆེས་མི་ཉུང་བ་ཞིག་གིས་ང་དང་འདྲ་བར་ཁོང་ཚོའི་བཞུད་ལམ་མཐོང་ཐོས་བྱུང་བ་དང་། སེམས་པ་རེ་སྐྱོ་ཁུལ་བྱས། སྨྲེ་སྔགས་རེ་འདོན་ཁུལ་བྱེད། དོན་དངོས་སུ་ཁོང་ཚོས་ཁ་ཆེམས་སྒྲུབ་པར་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད།

འདི་འདྲ་བའི་ད་ལྟའི་བོད་ཕྱི་ནང་གི་གནས་ཚུལ་དང་བསམ་ཤེས། གོ་རྟོགས་དང་མཉམ་འགུལ་མེད་པའི་མི་རིགས་ཤིག་གི་འཐབ་རྩོད་ཀྱི་ངོ་བོ་འདི་ནི། རླུང་ཁ་ན་འདར་བའི་མར་མེ་ཞིག་དང་འདྲ་བར་ཆེས་ཉམ་ཆུང་གི་ཚུལ་དུ་ཡོད། ཆེས་ཡིད་སྐྱོ་བའི་གནས་ཤིག་ཡོད་པ་ནི། མཉམ་གནས་དང་མཉམ་འབྲེལ་མདུན་བསྐྱོད་ཀྱི་ཆོད་སེམས་བོར་བའི་བོད་མི་བྱོལ་མའི་རིགས་དང་། ཁ་ཕོ་ཆེ་བའི་གཞོན་སྐྱེས་མི་རབས་དག་ཡིན། བོད་ཕྱི་ནང་གཉིས་སུ་མི་རིགས་ཀྱི་ཆེད་དུ་རང་གི་ཚེ་སྲོག་ཕུལ་བར་གྲྭ་སྒྲིག་ཡོད་མཁན་ཆེས་མི་ཉུང་བ་ཞིག་ཡོད་ཀྱང་། དོན་དངོས་སུ་ལག་ལེན་ལ་བསྟར་ནས་འོང་མཁན་ནི། རྔ་ཁུལ་ནས་བྱུང་བའི་རྒྱལ་གཅེས་པ་དེ་དག་དང་འབྱུང་འགྱུར་ཡང་གང་ས་ནས་བྱུང་སྲིད་པའི་ཚེ་སྲོག་གི་ཉེན་བརྡ་འདི་དག་གིས། ཁ་བ་གངས་ཅན་པའི་ཕྱི་རབས་པ་ང་ཚོ། ལོངས་ཤོག བདེན་དོན་ཆེད་དུ་ལོངས་ཤོག ཆིག་སྒྲིལ་གྱིས་ལོངས་ཤོག སྟོབས་ཤུགས་ཀྱིས་ལོངས་ཤོག རང་དབང་གི་ཆེད་དུ་ལོངས་ཤོག འཚེ་མེད་ཞི་བའི་ལམ་ཆེན་ནས་བོད་མི་སྐྱེ་བོ་སྐྱ་སེར་རྒན་གཞོན་ཚང་མ། དུས་གཅིག་ཉིན་གཅིག་ལ། འཛམ་གླིང་གི་མི་མང་དུང་ཕྱུར་མང་བོའི་མིག་གིས་རིག་ས་ནས་ལོངས་ཤོག ང་ཚོ་ཡང་འགྲོ་བ་མི་ཡིན། ང་ཚོ་ལ་འགྲོ་བ་མིའི་རང་དབང་དེ་ནི་ཆེས་མེད་དུ་མི་རུང་བ་ཞིག་ཡིན། འཛམ་གླིང་མི་མང་། ང་ཚོས་རྒྱབ་དུ་ལོངས་ཤོག བོད་མི་ཚོ། གང་དུ་གནས་པ་དེ་དག་ཡོད་ཚད། དུས་ཚོད་ཏན་ཏན་ཞིག་དང་། ཉིན་མ་ཏག་ཏག་ཞིག་ལ། བདེན་དོན་ཆེད་དུ། འཛམ་གླིང་ཡུལ་གྲུ་གང་ས་ནས་ལོངས་ཤོག ལོངས་ཤོག སྤུན་ཟླ་ཚོ། བདེན་དོན་ཆེད་དུ་ལོངས་ཤོག རང་དབང་ཆེད་དུ་ལོངས་ཤོག

ད་ནི་ང་ཚོ་ནད་ཚ་རྙིང་བ་དེ་དག་ལས་སད་རན་ཡིན་པ་མ་ཟད། རང་ཉིད་བོད་མི་ཡིན་པ་དང་བོད་མིའི་འཐབ་རྩོད་ཀྱི་བདེན་པ་རྩོད་པར་བོད་མི་ཡོངས་ལ་འགན་འཁྲུ་ཡོད་པ་ཤེས་རན་ཡིན། ལོངས་ཤོག ལོངས་ཤོག ལོངས་ཤོག

སྣ་ཚོགས།

Post navigation

Previous Post: བོད་ཀྱི་ཤེས་ཡོན་པ་དག་ལ་གྲོས་སུ་བགྱི་བའི་ཞུ་འཕྲིན་ཞིག
Next Post: ནང་པའི་ཚན་རིག་པ་ཆེན་མོ་ཞིག་སྐུ་གཤེགས་པ།

Comments (4) on “ང་ཚོའི་ནད་འདི་དྲག་བསྐྱེད་ཡོང་རན་ཡིན། སྤུན་ཟླ་ཚོ་ལོངས་ཤོག”

  1. སྤུ་རྒྱལ་བ། says:
    2011-10-09 at 8:32 am

    སྐྱེས་པ་ཕོ་ཚོ་སྙིང་དང་གློ་བ་འགུལ་ནས་ལོངས་ཤོག ན་གཞོན་སྐྱེས་ཕྲུག་ཚོས་བོད་མི་རིགས་ཀྱི་ཐོབ་ཐང་ཆེད་དུ་སྐུ་ལུས་མེ་སྒྲོན་སྤར་དང་སྤོར་བཞིན་འདུག ཁོང་ཚོས་སྐུ་སྲོག་འཕང་མེད་དུ་གཏོང་དུས་་་་་་ལྷག་པར་དུ་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་ལོངས་ཤོག་་་་ང་ཚོའི་རང་དབང་དང་་་ང་ཚོའི་བདེན་དོན་རྩོད་པར་སྤོབས་པ་མ་ཆུང་་་་ན་གཞོན་ཚོ་་་ཚང་མ་ལོངས་ཤོག བདེན་པའི་བོད་འདི་མྱུར་དུ་རྒྱལ་བའི་སྨོན་འདུན་ཞུ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2011-10-09 at 7:46 pm

    གདངས་དབྱངས་གཅིག་གིས་ཁྲོད་ནས་ལོངས་ལ་ཤོག འབོད་སྒྲ་གཅིག་གིས་སྒང་ནས་ལོངས་ལ་ཤོག སེམས་ཀྱི་རྩ་བ་འབྲེལ་ནས་ལོངས་ལ་ཤོག རིགས་ཀྱི་འདུན་པ་ཟབ་མོས་ལོངས་ལ་ཤོག རང་ཉིད་བོད་མི་ཡིན་པ་ངོ་ཤེས་པའི་སྒོ་ནས་ལོངས་ལ་ཤོག འཚེ་མེད་ཞི་བའི་ལམ་ནས་ལོངས་ལ་ཤོག འགྲོ་བ་མི་ཡི་ཐོབ་ཐང་རྩོད་བཞིན་ལོངས་ལ་ཤོག ཁ་བའི་སྐྱིད་སྡུག་ཆེད་དུ་ལོངས་ལ་ཤོག

  3. རང་བཙན་ལྡེའུ་ says:
    2011-10-10 at 7:17 am

    མཆོལ་གསུམ་བོད་རིགས་སྤུན་ཟླ་ཚོ་ ད་ཡར་ལོངས་ཤོག་ གཞིས་བྱེས་སྐྱིད་སྡུག་མཉམ་མྱོང་ཆེད་དུ་ལོངས་ཤོག་ བྱེས་འབྱོར་དུ་བོད་རིགས་འབུམ་ཕྲག་མང་པོ་ཡོད་ལེ་ནང་ རྒྱུན་དུ་ནས་བོད་སྤྱིའི་དོན་དུ་ལས་དོན་ནང་ཆ་ཤས་ལེན་ཁན་ ཆ་ཅན་གྱི་སེམས་ཤུགས་ཅན་བོད་རིགས་བཅུ་ཕྲག་འགའ་རེ་འམ་ རྒྱ་ཕྲག་ཁ་ཤས་ལས་ལྷག་མེད་པ་དེ་ཕྲོས་སྐྱབས་བཅོལ་སྤུན་ཟླ་འབུམ་ཕྲག་འགའ་ཞིག་ཡོད་ལེ་མང་ཆེ་ཤོས་དེ་དག་སྒོར་མོ་ཨ་ན་པ་ན་རེ་ལ་མགོ་འཁོར་ནས་བོད་ནང་གི་སྤུན་ཟླ་ཚོས་རང་རྒྱལ་ཁབ་དང་མི་རིགས་གྱི་ལ་རྒྱའི་དོན་དུ་གཅེས་པའི་རང་སྲོག་ཀྱང་གཅིག་འཇུག་གཉིས་མཐུད་གྱིས་བློས་བཏང་གནོང་བཞིན་པའི་དུས་འདིར་བྱེས་འབྱོར་བོད་མི་ཚོས་རང་སྲོག་བློས་གཏོང་མི་ཐུབ་ཀྱང་ མི་འབོར་འབུམ་ཕྲག་གཅིག་ཙམ་མཉམ་དུ་འདུ་འཛོམས་ཀྱིས་རྒྱ་དམར་གཞུང་ལ་ཞི་རྒྱ་ཆེ་བའི་སྐད་འབོད་ངོ་རྒོལ་གྱི་འབྲུག་སྒྲ་འཛམ་གླིང་ཡོངས་ལ་འདིར་ཞིང་དམར་པོའི་གཞུང་གིས་བོད་མིའི་ཐོག་མནར་གཅོས་སྡུག་རྩུབ་གྱི་བྱ་ངན་དེ་དག་དམར་བརྗེན་དུ་འདོན་པར་ལོངས་ཤོག་ གཞིས་ལུས་སྤུན་ཟླར་སྐྱིད་སྡུག་མཉམ་མྱོང་བྱེད་དུ་ལོངས་ཤོག་ བོད་མི་རིགས་དང་རིག་གཞུང་སྲུང་སྐྱོབ་བྱེད་དུ་ལོངས་ཤོག་ ཁྱོད་ཀྱི་ལུས་གཟུགས་ནང་བོད་མི་རིགས་ཀྱི་སྙིང་ཁྲག་རྒྱུགས་ཞི་ཡོད་ན་ལོངས་ཤོག་ ཁྱོད་ཀྱི་ཀབ་ལིའི་ནང་བོད་མི་རིགས་ཀྱི་ཀླད་པ་ཞིག་ཡོད་ན་ད་ལོངས་ཤོག་་་་ ལོངས་ཤོག་་་་ ལོངས་ཤོག་་་་ ལོངས་ཤོག་་་་མཆོལ་གསུམ་བོད་རིགས་སྤུན་ཟླ་ཚོ་ རྡོག་རྩ་སྒྲིལ་ནས་ལོངས་ཤོག་།།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2011-10-10 at 7:36 pm

    ལོངས་ཤོག ལོངས་ཤོག ཁ་བའི་སྤུན་ཟླ་ཚོ། བདེན་པའི་འབོད་སྒྲ་སྒྲོག་བཞིན་ལོངས་ནས་ཤོག འཚེ་མེད་ཞི་བདེ་སྙེགས་ནས་ལོངས་ལ་ཤོག རིགས་ཀྱི་འདུན་པ་བསམ་ནས་ལོངས་ལ་ཤོག དབའ་བོའི་མཛད་རྗེས་དྲན་ན་ལོངས་ལ་ཤོག མེས་པོའི་ཤུལ་བཞག་བསམ་ན་ལོངས་ལ་ཤོག བོད་ཀྱི་སྐྱིད་སྡུག་སྐྱོབས་ན་ལོངས་ནས་ཤོག བོད་ཀྱི་མཁའ་དབྱིངས་དང་ས་གཞི། མཛེས་ལྗོངས་དང་རི་ཆུ་ནགས་གསུམ་འདོད་ན་ལོངས་ལ་ཤོག རང་གི་ཕ་ཡུལ་བསམ་ན་ལོངས་ལ་ཤོག རང་ཉིད་བོད་རིགས་ཡིན་པ་ཤེས་ན་ལོངས་ནས་ཤོག ལོངས་དང་ལོངས་དང་སྤུན་ཟླ་ཚོ། ཁ་བའི་ཚེ་སྲོག་ཆེད་དུ་ལོངས་ལ་ཤོག སྐྱབས་གནས་བླ་མའི་གདན་ས་ཉམས་ལ་འདུག བོད་མིའི་རིག་གཞུང་གོམ་གཤིས་ཚར་ལ་ཉེ། ལོངས་ལ་ཤོག ལོངས་ལ་ཤོག འཚེ་མེད་ཞི་བའི་སྟོབས་་ཀྱིས་ལོངས་ལ་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme