Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་གཟུགས་པོ་ཅི་ཞིག་གིས་གྲུབ་པ་ཡིན་ནམ།

Posted on 2016-01-082016-01-08 By ཁ་བརྡ 9 Comments on ང་ཚོའི་གཟུགས་པོ་ཅི་ཞིག་གིས་གྲུབ་པ་ཡིན་ནམ།

ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར།

 
ཆུས་ང་ཚོའི་གཟུགས་པོའི་སྟེང་དུ་བརྒྱ་ཆ་༦༥ % ཙམ་ཟིན་ཡོད། ང་ཚོའི་གཟུགས་པོ་ནི་རྫས་ཁམས་མི་འདྲ་བ་ཉི་ཤུས་གྲུབ་ཡོད་། སྲོག་རླུང་ནི་ཆ་ཤས་གཙོ་བོ་དེ་ཆགས་ཡོད། སྲོག་རླུང་དང་ཡང་རླུང་འདྲེས་ནས་གྲུབ་པའི་ཆུས་ང་ཚོའི་གཟུགས་པོའི་སྟེང་དུ་བརྒྱ་ཆ ༦༥ % ཙམ་ཟིན་ཡོད། ལྗིད་ཚད་ལ་ཀི་ལོ་བརྒྱ་ཡོད་པའི་མི་དེའི་བརྒྱ་ཆ་༦༥% ཕལ་ཆེར་ཆུ་ཡིིན། ཁྱེད་ཀྱིས་ཤེས་ཡོད་དམ་ང་ཚོའི་གཟུགས་པོའི་སྟེང་དུ་ནག་རྫས་དེ། ཀི་ལོ་ ༡༣ ཅན་གྱི་ཐ་ལ་མཁྲེགས་པོའི་ལྗིད་ཚད་དང་ཕལ་ཆེར་ཉེ་བོ་ཡོད། ནག་རྫས། ཡང་རླུང་། སྲོག་རླུང་སོགས་འདྲེས་ནས་ཚིལ་དང་གཟུགས་པོའི་ནང་དུ་ནུས་ཤུགས་སྐྱེད་བྱེད་ཀྱི་མངར་རྫས་གྲུབ་ཀྱིན་ཡོད། ང་ཚོའི་གཟུགས་པོའི་ནང་དུ་ནག་རྫས་དང་། ཡང་རླུང་། སྲོག་རླུང་། ཟེ་རླུང་སོགས་ཀྱིས་བསྐྱེད་པའི་སྤྲི་དཀར་ཡང་ཡོད། སྤྲི་དཀར་གྱིས་གཟུགས་པོ་འཚར་ལོངས་བྱུང་བ་དང་། གཟུགས་པོའི་ཆ་ཤས་དག་བསྐྱར་གསོ་བྱེད་པར་ཧ་ཅང་ཕན། ང་ཚོའི་གཟུགས་པོའི་ནང་དུ་ཀི་ལོ་༡.༢༥ དཀར་རྫས་དང་གཟུགས་པོར་འདང་པའི་འོད་ཀྱི་མ་མ་ཡང་ཡོད། འབྱུང་ཁམས་འདི་གཉིས་ཀྱིས་ང་ཚོའི་གཟུགས་པོའི་སྟེང་གི་རུས་པ་དང་།སོ་རྣམས་གྲུབ་ཀྱིན་ཡོད།ད་དུང་ང་ཚོའི་གཟུགས་པོའི་ནང་དུ་མུ་ཟིའི་རྫས་དང་ལྕགས་རྫས་ཡོད་པ་མ་ཟད། གཞན་རྫས་མང་པོ་ཡོད། འོན་ཀྱང་འབྱུང་རྫས་དེ་དག་ནི་འདུས་རྫས་ཕྲ་མོའི་ནང་དུ་གནས་ཡོད་པ་རེད།

ལུས་ཕུང

[དབྱིན་བོད་ཤན་སྦྱར་བརྡ་ཆད།]

 

Oxygen སྲོག་རླུང།
Hydrogen ཡང་རླུང་།
Carbon ནག་རྫས།
coke ཐ་ལ་མཁྲེགས་པོ།
Proteins སྤྲི་དཀར།
Nitrogen ཟེ་རླུང་།
Phosphorus འོད་ཀྱི་མ་མ།
Calcium དཀར་རྫས།
Element འབྱུང་ཁམས།
Sulphur མུ་ཟིའི་རྫས།
Trace འདུས་རྫས་ཕྲ་མོ།

ཚན་རིག

Post navigation

Previous Post: དཔྱད་དུ་མེད་པའི་སྲིད་སྐྱོང་གི་འོས་མི་དག
Next Post: རྒྱ་གར་བའི་མིག་ཀོང་ནས་མཇལ་བའི་༧གོང་ས་མཆོག

Comments (9) on “ང་ཚོའི་གཟུགས་པོ་ཅི་ཞིག་གིས་གྲུབ་པ་ཡིན་ནམ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-08 at 2:24 am

    ཁུ་ཁྲག་གཉིས་ཀྱིས་གྲུབ་པ་མ་རེད་དམ། བཟོ་སྟངས་ནི་ལས་སླ་པོ་རེད་སྙམ།

  2. རོ་བྱ་ says:
    2016-01-08 at 6:25 am

    ཕོ་མོ་གཉིས་ཀྱིས་གྲུབ་པ་རེད་ཟེར་ན་ཡང་ཆོག་གི་པ གང་ལྟར་ལུས་པོའི་བརྒྱ་ཆའི་ཆུ་རེད་ཟེར་ན་དེ་ཁེ་མཚར་ལ། ངས་བལྟས་ན་བརྒྱ་ཆའི་མང་ཤོས་ཤ་རེད་བསམ་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-08 at 6:34 am

    ལུས་པོ་བརྒྱ་ཆ་བདུན་ཅུ་ཆུ་རེད་ཅེས་པའི་དོན་ནི། བརྒྱ་ཆ་བདུན་ཅུ་རླན་གཤེར་རེད་ཅེས་པའི་དོན་ཡིན་པ་ལས། ཤ་དང་པགས་པ་ཡོད་མ་རེད་ཅེས་པའི་དོན་མ་རེད་དོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-01-09 at 12:49 am

    coke ཐལ་མཁྲེགས། དང་། Phosphorus འོད་མ། ཞེས་བསྒྱུར་ན་གོ་ཐུབ་བམ་། ལགས།

  5. གནམ says:
    2016-01-09 at 9:13 am

    ཆུ་ཁམས་ལུས་ནས་སྲད་གྱུར་ན།
    ཤི་རོ་འཁུམ་པ་བྱིས་ཆུང་འདྲ།
    ངོ་མཚར་སྐུ་གདུང་ལ་ལ་ནི།
    དད་པའི་ཡུལ་ལ་གྲུབ་རྟགས་ཙམ།།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-09 at 8:50 pm

    ལེགས་པར་བསྒྱུར་པ་ལ་རྗེས་ཡི་རངས། ང་ཨ་རིའི་གྲོང་འཁྱེར་ནེཝ་ཡོརྐ་ལ་ཡོད་སྐབས་རྒྱ་གར་པ་ཚན་རིག་པའི་སྨན་པ་ཞིག་གིས་བྲིས་པ་བཀླགས། དེ་དང་མཐུན་པར་གཟུགས་པོར་ཆུ་ཁམས་ཤུགས་ཆེ་བ་ཡོད་ཅིང། རང་རེས་ཟས་ཟ་བ་། ཟན་ནས་ཆུ་ཁམས་འབྱུང་ཚུལ་མང་པོ་ཞིག་བཤད།
    ་
    གཟུགས་པོར་འདང་པའི་འོད་ཀྱི་མ་མ་ཡང་ཡོད།
    ་
    ཞེས་པའི་ནང་གི་འདང་པའི་དོན་དག་ཅི་ནམ།
    ་
    ཡོད་པ་མ་ཟད། ཞེས་པར་ཡོད་པ་མ་ཟད། ཅེས་པར་ཡོད་པར་་མ་ཟད། ཅེས་ན་སྔར་གྱི་བོད་མཁས་པས་བྲིས་པའི་དཔེ་ཆ་དག་གི་སྲུང་སྐྱོབ་ཉམས་པ་སོར་ཆུད་པར་ཕན་པ། དགོངས་པར་མངའ་བར་འཚལ།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-09 at 8:53 pm

    དགོངས་པར་མངའ་བར་འཚལ། ཞེཨ་པ། དགོངས་པ་མངའ་བར་འཚལ། ཞེས་ཞུས་དག་བྱས་སོ།

  8. རང་བྱུང་རིག་པའི་རྡོ་རྗེ says:
    2016-01-11 at 12:18 am

    ང་ཚོའི་གཟུགས་པོར་ཆུས་བརྒྱ་ཆ་དྲུག་ཅུ་རེ་ལྔ་ཟིན་ཡོད་ཀྱི་རེད། ང་ཚོའི་འཛམ་གླིང་འདི་ཡང་ཆུས་བརྒྱ་ཆ་༧༡ ཟིན་ཡོད་པ་རེད། སྐམ་སར་བརྒྱ་ཆ་༢༩ ཙམ་ལས་མེད་པ་རེད། ཆུ་ལའང་ཚ་ཆུས་བརྒྱ་ཆ་༩༦དང་གྲངས་ཆུང་༥ ཚ་མེད་པའི་ཆུ་ལ་བརྒྱ་ཆ་༣་དང་གྲངས་ཆུང་ལྔ་ཙམ་ལས་མེད་པ་རེད་ཟེར། དེང་དུས་མཚན་རིག་པས་ད་ནས་ལོ་ཉེར་ལྔའི་ཚུན་ལ་མི་ཤི་རྒྱུ་མེད་པ་བཟོ་ཐུབ་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་པ་ལགས། ཇི་ལྟར་བྱེད་ཐུབ་ཞེ་ན་ལུས་པོ་སྟེང་གི་རྒས་བྱེད་ཀྱི་རྫས་དེ་གཏན་ནས་མེད་པ་བྱེད་ཐུབ་ཀྱི་རེད། དེ་མེད་ན་རྒས་རྒྱུ་མེད་པ་རེད། རྒས་རྒྱུ་མེད་ཟེར་བ་དེ་གདོང་གི་གཉེར་མ་ཙམ་ལ་ཟེར་ཀྱི་ཡོད་པ་མ་རེད། གཟུགས་པོའི་ནང་ཁྲོལ་དང་པགས་པ་ཡོངས་རྫོགས་ལ་བཤད་ཀྱི་ཡོད་པ་རེད་དོ། ད་མཚན་རིག་པས་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་པར་བྱེད་བསམ་གྱི་ཡོད་པ་ལགས་སོ། །

  9. ཀརྡོ་གཉེར་ཕྱག་པ་ says:
    2016-01-11 at 12:48 am

    ་་་་་་་་་ དེང་དུས་མཚན་རིག་པས་ད་ནས་ལོ་ཉེར་ལྔའི་ཚུན་ལ་མི་ཤི་རྒྱུ་མེད་པ་བཟོ་ཐུབ་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་པ་ལགས། ་་་་་་་་་་་་ཟེར།
    འདི་ནི་ཚན་རིག་པས་ཧམ་བཤད་དང་རྨོངས་དད་རེད། ཧཧཧ།། །།
    དཔེར་ན། མེཀལ་ ཇཀ་སེན་སྡུག་ཤི་ག་འདྲ་སེ་ཐེབས་བཅུག་སོང་ང་། དེ་མི་དྲན་ནམ། དེ་ཡང་ཚན་རིག་པའི་སྨན་གྱིས་བསད་པ་རེད་གདའ། རང་འབྱུང་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme