Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་གཞིས་ཁྱིམ་ཆུང་ཆུང་།

Posted on 2011-03-042011-03-04 By སྤོབས་པ་མཐའ་ཡས། 2 Comments on ང་ཚོའི་གཞིས་ཁྱིམ་ཆུང་ཆུང་།

སྤོབས་པ་མཐའ་ཡས།
earth1འབྱུང་འཇིག་གི་འགྱུར་བ་ཆེས་མང་བའི་འཇིག་རྟེན་འདིའི་སྐམ་སར་གྱུར་པའི་དུམ་བུ་ཆུང་ཆུང་ཞིག་གི་སྟེང་ན་ང་ཚོ་གནས་བཞིན་པ་རེད། འཛམ་གླིང་ཞེས་འབོད་པའི་གོ་ལ་ཆུང་ཆུང་འདིའི་སྟེང་ཁོ་ནར་ང་ཚོ་གནས་ཐུབ་པ་ཡིན་སྟབས་ང་ཚོས་འདི་ལྟ་བུའི་གནས་གཞི་ཞིག་རྙེད་པ་དེ་ནི་དགའ་བ་སྒོམ་འོས་པ་ཞིག་རེད། གོ་ལ་འདིའི་ཡང་ཆ་ཤས་ཕལ་མོ་ཆེ་ནི་གྲང་ཆེ་བ་དང་། ཚ་དྲགས་པ། སྐམ་ཆེ་བ། གཟར་དྲགས་པ། མཐོ་ཆེས་པ་སོགས་ལ་བརྟེན་ནས་ང་ཚོ་འཚོ་སྡོད་ཐུབ་ཀྱིན་མེད་པ་རེད། དེ་ནི་ཕྱོགས་གཅིག་ནས་ང་ཚོ་རང་གི་སྐྱོན་ཡང་རེད།
ནུས་སྟོབས་ཞན་པའི་མིའི་རིགས།
ང་ཚོ་མིའི་རིགས་འདི་ནི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ནུས་སྟོབས་ཧ་ཅང་ཞན་པའི་སྲོག་ཆགས་རིགས་ཤིག་རེད། ང་ཚོ་ཚ་བ་ཆེ་སར་མི་དགའ། དེ་ནི་ང་ཚོ་ལ་རྔུལ་ནག་བཞུར་སླ་ཞིང་ཚ་བའི་ཟ་འཕྲུག་དང་པགས་ནད་ཀྱིས་གོས་སླ། ཐ་ན་བྱེ་ཐང་ཚ་བོའི་སྟེང་དུ་བཏུང་ཆུ་མེད་པར་ཆུ་ཚོད་བདུན་བརྒྱད་ཅིག་གི་རིང་ལ་ཡང་གོམ་བགྲོད་བྱེད་མི་ནུས། དེ་དང་མཚུངས་པར་ང་ཚོས་གྲང་ངར་ལ་གདོང་ལེན་གཏན་ནས་མི་ནུས། སྤྱིར་ན་འོ་འཐུང་སྲོག་ཆགས་ཚང་མ་དང་མཚུངས་པར་མི་ལ་ཡང་ལུས་དྲོད་འཛིན་པའི་ནུས་སྟོབས་ཡག་པོ་ཡོད། ཡིན་ན་ཡང་ཐབས་སྡུག་པ་ཞིག་ལ་ང་ཚོ་མིའི་རིགས་ལ་ལུས་དྲོད་འཛིན་ནུས་པའི་སྤུ་ཆེར་མེད། དེར་བརྟེན་དྲོ་ཤས་ཆེ་བའི་ཡུལ་དུ་ཡང་མིའི་རིགས་ཀྱིས་ཟས་བཅུད་ཞུ་བའི་ནུས་སྟོབས་ཀྱི་ཕྱེད་ཀ་ཙམ་ལུས་དྲོད་འཛིན་པའི་ཆེད་དུ་གཏོང་ཀྱིན་ཡོད།
སྐལ་པ་བཟང་པོའི་སྐད་ཅིག་མ།
སྲིད་པ་འཇིག་རྟེན་གཞན་རྣམས་ཅི་འདྲ་ཞིག་ཡིན་པ་ལ་བསམ་བློ་ཞིག་ཐོངས་དང་། ང་ཚོ་ལ་གནས་གཞི་ཆུང་ཆུང་ཞིག་ལས་མེད་རུང་ང་ཚོས་རང་ཉིད་ཀྱི་སྡོད་ཁྱིམ་ཞིག་རྙེད་ཡོད་པ་དེ་ནི་ངོ་མཚར་འོས་པ་ཞིག་རེད། དྲོད་གྲང་སྙོམ་ཞིང་། ཆུ་བོའི་བཞུར་རྒྱུན་གྱིས་བརྒྱན་པ། འཚོ་བ་ལ་སྨན་པའི་རླངས་རྫས་སྔོ་དུང་ངེ་བས་བཏུམ་པའི་ང་ཚོའི་གཞིས་ཁྱིམ་སྙིང་དུ་སྡུག་པ་དེར་བསམ་ཚེ་ཡོས་རྔོད་སའི་སླ་ང་བཞིན་ཚ་བའི་སྐར་ཁྱིམ་ཝེ་ན་སི་དང་གྲང་འཁྱགས་ཀྱིས་གཟིར་བའི་སྐར་ཁྱིམ་མར་སི་སོགས་སྲིད་པ་འཇིག་རྟེན་གཞན་རྣམས་ནི་ཆེས་ཡིད་ལ་མི་སྡུག་ཅིང་ལུས་ལ་མི་འཕྲོད་པ་ཤ་སྟག་ཏུ་སྣང་། བར་སྣང་རིག་པ་བ་ཚོས་ཉི་ཁྱིམ་ཡས་མས་སུ་དངོས་གཟུགས་ཐེར་འབུམ་དང་ཐེར་འབུམ་ཆེན་པོའི་གྲངས་སུ་ལོངས་པ་ཞིག་གི་ཁྲོད་དུ་གོ་ལའི་གྲངས་སུ་བགྲངས་འོས་པ་ཙམ་ཡང་་༢༥༠ཡས་མས་ལས་རྙེད་མེད། གནས་སྟངས་དེ་དག་ལ་བསམ་ན་ང་ཚོ་ལ་སྐྱེ་ལྡན་གྱི་དངོས་པོ་སྐྱེད་འཕེལ་གྱི་སྣོད་དུ་གྱུར་བའི་ཁྱིམ་གཞི་ཞིག་ཡོད་པ་དེ་ཡང་ཆེས་རྨད་དུ་བྱུང་བ་ཞིག་རེད།
གནས་ཡུལ་ཕུན་སུམ་ཚོགས་པ།
ང་ཚོའི་ཁྱིམ་གཞི་འདི་ནི་ཉི་མ་དང་ཐག་རིང་ཐུང་ཆེས་འཚམས་པའི་ས་ཚོད་ཅིག་ན་ཆགས་ཡོད་འདུག ཐག་རིང་ཐུང་སྙོམ་དགོས་པའི་སྐར་མ་ཞིག་ལ་ཐག་རིང་ཐུང་སྙོམ་པའི་ས་ཚོད་ཅིག་ན་ཆགས་ཡོད་པའི་དེ་ནི་བཤད་ཀྱང་བདེན་དུ་འཛིན་དཀའ་བའི་སྐལ་བ་བཟང་པོ་ཞིག་རེད་འདུག ང་ཚོའི་གོ་ལ་འདི་ཆེ་མ་དྲགས་ནས་མེ་རུ་མི་འབར་ཞིང་། ཆུང་མ་དྲགས་ནས་རང་སྟོབས་ཀྱིས་རླངས་རྫས་ཕྱིར་སྤྲོས་ནས་རླངས་ཁམས་ཀྱི་ཡོལ་བའི་རིམ་པ་གྲུབ་སྟེ་སྐྱེ་དངོས་སྐྱེད་འཕེལ་ཀྱི་ཆ་རྐྱེན་སྟེར་ནུས། སྐར་མ་ག་ཚོད་ཆེ་ན་དེ་ཙམ་གྱིས་མེ་རུ་འབར་མགྱོག གལ་སྲིད་ཉི་མ་འདི་ཡང་འདི་ལས་བཅུ་འགྱུར་ཙམ་གྱིས་ཆེ་བ་ཡིན་ན་མི་ལོ་ཐེར་འབུམ་བཅུ་ལ་འདངས་བ་ལས་ལྡོག་སྟེ་ས་ཡ་བཅུ་ཙམ་གྱིས་རྫོགས་འགྲོ་བ་ཡིན་འདུག གལ་སྲིད་ང་ཚོའི་གོ་ལ་འདི་ད་ལྟའི་གནས་ཡུལ་འདི་ལས་བརྒྱ་ཆ་ལྔ་ཙམ་ཉི་མ་དང་ཐག་ཉེ་བར་གྱུར་ན་སྐྱེ་ལྡན་གྱི་དངོས་པོ་ཡོད་ཚད་ཚིག་ཅིང་སྐམ་པར་འགྱུར་ཞིང་། གལ་སྲིད་བརྒྱ་ཆ་བཅོ་ལྔ་ཙམ་ཐག་རིང་བར་གྱུར་ན་ཐམས་ཅད་གྲང་བས་འཁྱགས་རོམ་དུ་འགྱུར་བ་ཡིན།
གོ་ལ་མཚེ་མ།
ང་ཚོའི་གོ་ལ་དང་ཟླ་བ་གཉིས་ལ་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་པ་བདེན་ཡང་དོན་དུ་དེ་གཉིས་མཚེ་མ་རེད། ཟླ་བའི་འཐེན་ཤུགས་ཀྱིས་ང་ཚོའི་གོ་ལ་འཛིན་མ་ཐུབ་ན་ང་ཚོའི་གོ་ལ་འདི་ཆང་བཟི་མའི་གོམ་བགྲོད་བཞིན་དུ་གྱུར་ནས་གཡོ་འཁྱོམས་ཀྱིས་རང་ཚུགས་མི་ཐུབ་པར་འགྱུར། ཟླ་བའི་འཐེན་ཤུགས་ལ་བརྟེན་ནས་ང་ཚོའི་གོ་ལའི་འཁོར་སྐྱོད་ཀྱི་མགྱོག་ཚད་དང་ལམ་ཐིག་གཏན་ཁེལ་གྱི་ནང་དུ་རྒྱུ་ནུས་པ་ཡིན། གོ་ལའི་འཁོར་སྐྱོད་ཀྱི་མྱུར་ཚད་དང་ལམ་ཐིག་གཏན་ཁེལ་ཀྱི་ནང་དུ་འཁོར་ནུས་པ་འདི་ནི་སྐྱེ་དངོས་སྐྱེད་འཕེལ་བརྟན་པོར་ཡོང་བར་ཕན་ཐོགས་ཡོད། ཡིན་ན་ཡང་སྟབས་ཉེས་པ་ཞིག་ནི་ཟླ་བས་དུས་གཏན་དུ་ང་ཚོ་ལ་རོགས་པ་བྱེད་ཀྱི་མ་རེད། ཟླ་བ་འདི་ལོ་རེ་བཞིན་མི་ཊར་སྟོང་ཆ་བཞི་ཙམ་རེ་ཕྱིར་བཀྱེད་ནས་འགྲོ་བཞིན་ཡོད་སྟབས་ད་ནས་ལོ་ཐེར་འབུམ་གཉིས་ཙམགྱི་རྗེས་སུ་ཟླ་བའི་འཐེན་ཤུགས་ཀྱིས་ང་ཚོ་གོ་ལ་གཏན་ནས་འཛིན་མི་ཐུབ་པ་ཡིན་འདུག
ཁྱིམ་ཡག་ཤོས་ཤིག
ང་ཚོའི་ཁྱིམ་འདི་ཁྱིམ་ཡག་ཤོས་ཤོས་ཤིག་ཡིན་དོན་ནི་ང་ཚོ་ཉི་མ་དང་ཐག་རིང་ཐུང་སྙོམ་པ་ཁོ་ན་ཙམ་ཡང་མ་རེད། ཉི་མ་དང་ཐག་རིང་ཐུང་འཚམས་པ་ཙམ་ཁོ་ནས་འགྲིགས་ཡོད་ན་ཟླ་བ་ལ་ཡང་ནགས་ཚལ་འཐུག་པོ་སྐྱེ་དགོས་པར་འགྱུར། ང་ཚོ་གོ་ལ་ནི་མེ་ཞུན་ཁོལ་མའི་ནང་སྙིང་ཅན་ཞིག་ཡིན། གལ་སྲིད་ང་ཚོའི་འོག་ན་ཞུན་མར་འཁྱིལ་བའི་མེ་ཡི་ནང་སྙིང་འདི་མེད་ན་ད་ལྟ་ང་ཚོ་འདིར་ཡོད་མི་སྲིད། མེ་ཞུན་ཁོལ་མའི་ནང་སྙིང་འདིས་རླངས་རླབས་ཕྱིར་ཕྱུངས་བས་ང་ཚོའི་བར་སྣང་ལ་རླངས་རྫས་ཀྱི་ཡོལ་བ་རིམ་པ་བཞིན་གྲུབ་པས་ཕྱི་རོལ་ནས་འཕྲོས་པའི་དུག་ལྡན་གྱི་ཟེར་མདའ་འགོག་པའི་ནུས་པ་ཡོད་འདུག ད་དུང་དེ་ཙམ་གྱིས་ག་ལ་ཚད། མེ་ཞུན་ཁོལ་མའི་ནང་སྙིང་འདིས་ས་ཆེན་པོའི་འོག་གཞིར་བྱང་བུ་ལེབ་ཆེན་དག་བསྐྲུན་པར་བྱེད། མེ་ཞུན་ཁོལ་མའི་ནུས་ཤུགས་ཀྱིས་བྱང་བུ་ལེབ་མོ་རྙིང་པ་རྣམས་གཏིང་ཏུ་ཐིམ་རིམ་བཞིན་གསར་པ་གྲུབ་སྟེ་སའི་ངོས་སུ་རི་རྒྱུད་སྒང་གཤོང་གི་རྣམ་པ་སྙོམ་སྒྲིག་ཡོང་བ་ཡིན། གལ་སྲིད་ང་ཚོའི་གོ་ལ་འདི་ལ་སྒང་གཤོང་གི་རྣམ་པ་མེད་པར་ངོས་སྙོམ་པོ་ཞིག་ཡིན་ན་ས་ངོས་ཡོངས་རྫོགས་མཐོ་ཚད་ལ་ཀི་ལོ་མི་ཊར་གསུམ་གྱི་མཐོ་ཚད་དང་ལྡན་པའི་ཆུའི་ནང་དུ་བྱིངས་རྒྱུ་རེད།
བསྐལ་བ་བཟང་པོ།
འཇིག་རྟེན་ཁམས་འདི་འབྱུང་འཇིག་གི་འགྱུར་ཤིན་ཏུ་མང་བའི་རང་བཞིན་ཅན་ཞིག་རེད།འདི་འདྲའི་ཆགས་འཇིག་གི་འགྱུར་བ་དྲག་ཅིང་རྩུབ་པའི་བར་གསེང་ཞིག་ལ་ང་ཚོ་སྐྱེད་འཕེལ་བྱུང་བ་དེ་ཡང་ངོ་མཚར་འོས་པ་ཞིག་རེད། མི་ལོ་ཐེར་འབུམ་བཞི་ཕྱེད་ཡས་མས་ཀྱི་ནང་ཚུན་དུ་ཡང་རྙོགས་འཛིངས་ཆེ་བའི་ལོ་རྒྱུས་ཀྱི་བྱུང་རིམ་མི་འདྲ་བ་སྣོ་ཚོགས་པ་དེ་དག་གི་ནང་ནས་བྱུང་བ་ཁྱད་པར་བ་དང་བྱུང་སྟངས་ཁྱད་པར་བ་མང་པོ་ཞིག་གྲ་འགྲིགས་ནས་ང་ཚོ་སྐྱེད་འཕེལ་བྱུང་བ་རེད། དཔེར་ན། གནམ་རྡོའི་བརྡབ་སྐྱོན་གྱིས་མི་ལོ་ས་ཡ་བརྒྱ་ཕྲག་དུ་མའི་རིང་འཛམ་གླིང་གི་བདག་པོར་གྱུར་པའི་སྲོག་ཆགས་ཌེ་ནོ་སོར་གྱི་རིགས་རྩ་མེད་དུ་མ་སོང་ན་མིའི་རིགས་ཟེར་བ་ཞིག་སྐྱེད་འཕེལ་ཐུབ་ཡོད་ག་ལ་སྲིད། གཅིག་བྱས་ན་ང་ཚོ་སྐབས་འདིར་ཡང་རིང་ཐུང་ལ་མི་ཊར་བརྒྱ་ཆ་བཞི་ལྔའི་རིང་ཐུང་ལས་མེད་ཅིང་སྤུ་གྲ་ཁ་ཅན་དང་རྔ་མ་རིང་པོ་ཅན་རེ་ཡིན་ཡང་སྲིད།

སྣ་ཚོགས།

Post navigation

Previous Post: སྐྱེས་པ་ཞིག་དྲན་ཚུལ།
Next Post: ཁ་བཏགས་ཀྱི་སྣེ་ནས་བསུས་པའི་ནང་ཆོས།

Comments (2) on “ང་ཚོའི་གཞིས་ཁྱིམ་ཆུང་ཆུང་།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2011-03-04 at 8:54 pm

    རྩོམ་ཡིག་འདི་ལ་ལྟད་མོ་འདུག ལོ་གསར་བཟང་། ཁ་དྲོ་བཀྲ་ཤིས།
    ཚར་གཅིག་བཀླག་ཡིན། ད་དུང་ཀློག་དགོས་ཀྱི་འདུག ང་ཚོའི་མཛོད་གནས་གསུམ་པ་བརྗེ་བོ་རྒྱག་རྒྱུ་མིན་ཡང་། འདི་ལྟ་བུའི་འཇིག་རྟེན་ཆགས་སྟངས་གསར་པའི་སྐོར་གྱི་ཤེས་བྱ་མང་ཙམ་སྣོན་དགོས་པར་ངེས།

  2. གཅན་བཟོད་རྒྱམ། says:
    2011-03-08 at 1:14 pm

    སྤོབས་པའི་རྩོམ་ཡིག་འདི་ང་ལ་མཚོན་ན་སློབ་ཚན་ཆུང་ཆུང་ཞིག་དང་འདྲ། ལན་རྒྱུ་མང་པོ་ཞིག་འདུག་པ་གང་ཏུབ་ཀྱིས་བལངས་ཟིན་པ་ཡིན། ད་དུང་ཡོད་ན་གནང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme