Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།

Posted on 2014-04-152014-04-15 By ཁ་བརྡ་ 4 Comments on ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།

མེ་ཏོག་སྒྲོལ་དཀར། འཛིན་རིམ་༡༠ རང་ལོ་༡༤ དཔེ་སྟོན་སློབ་གྲྭ

༡༽ སྤྱིར་ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་ནང་གི་མི་ཕལ་པ་བཞིན་དུ་བསམ་བློ་གཏོང་མ་ཤེས་མཁན་དང་ཀུན་སྤྱོད་ཕལ་པའི་ལས་འགན་དེ་མ་ཡིན་པར་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སློབ་མ་བཟང་པོ་ཞིག་དང་ཡ་རབས་སྤྱོད་བཟང་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན། ང་ཚོ་སློབ་ཕྲུག་ཚོས་སྤྱི་ཚོགས་ཀྱི་མི་ཕལ་པ་བཞིན་བྱེད་རྒྱུ་མེད་པར་མ་ཟད་མི་གཞན་ལ་མིག་དཔེ་སྟོན་མཁན་ཞིག་བྱེད་དགོས།

༢༽ སློབ་ཕྲུག་ཅེས་པ་ནི་གཙོ་བོ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་དོན་དུ་མ་འོངས་པའི་སོན་རྩ་བྱ་རྒྱུ་དང་མདོར་ན་རྒྱལ་ཁབ་ཅིག་གི་རྒྱལ་དར་དང་མཚུངས། རྒྱལ་ཁབ་ཅིག་གི་ནང་སོན་རྩ་མེད་ཚེ་རྒྱལ་ཁབ་འདིར་ཡར་རྒྱས་ཀྱི་རྣམ་པ་ཞིག་ཐོན་རྒྱུ་ནི་ཉི་མོའི་སྐར་མ་ཡིན། དེ་བཞིན་རྒྱལ་ཁབ་ཀྱི་སོན་རྩ་སློབ་ཕྲུག་ཚོ་ཡིན་པས་སྤྱི་ཚོགས་ཀྱི་རྒན་གཞོན་ཚོས་རེ་བ་ཡོངས་རྫོགས་སློབ་ཕྲུག་ང་ཚོར་བཅོལ་ཡོད། ང་ཚོ་བོད་ཕྲུག་ཚོར་དམིགས་བསལ་འགན་འཁྲི་ཞིག་ཡོད་ལ་འབྱུང་འགྱུར་བོད་ཀྱི་སོན་རྩ་མིང་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ཤེས་ཡོན་སློབ་སྦྱོང་གི་ཐོག་འབད་པ་ཧུར་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན། གང་ལགས་ཞེ་ན་ན་ང་ཚོའི་རང་དབང་དང་ཕ་ཡུལ་མི་ལག་ཏུ་ཤོར་ཟིན་པས་སོན་རྩ་ང་ཚོས་ཞི་བའི་ཐོག་ནས་རང་དབང་བསྐྱར་གསོ་བྱེད་རྒྱུ་ནི་ང་ཚོའི་གཞོལ་དུ་མེད་པའི་འོས་འགན་ཞིག་ཡིན་། ང་ཚོ་ནི་བོད་མི་རིགས་ཀྱི་ཕུགས་བསམ་ཡིན་པས་དེ་མངོན་འགྱུར་ཐུབ་མིན་ང་ཚོར་རག་ལས་ཡོད་སྟབས། སློབ་སྦྱོང་ཇི་ཙམ་འབད་པ་ཆེར་བསྐྱེད་བྱས་པ་དེ་ཙམ་གྱི་མངོན་འགྱུར་གྱི་རེ་བ་དང་ཇེ་ཐག་ཉེ་རུ་འགྲོ་ངེས།

༣༽ ང་ཚོ་ན་གཞོན་སློབ་ཕྲུག་ཚོས་མཚན་ཚོགས་དང་འཁྱམ་མྱུལ་བྱེད་སྒོ་སྣ་ཚོགས་ཚ་ཚ་འུར་འུར་ངང་སྤེལ་བ་ལས་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་བྱེད་སྒོ་གང་མང་སྤེལ་ན་འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེན་པོ་ཡོད། དཔེར་ན། ང་ཚོས་སློབ་གྲྭའི་ཕྱི་ནང་གང་སར་དོན་སྙིང་ལྡན་པའི་བརྗོད་གཞིའི་ཐོག་བགྲོ་གླེང་རིགས་ཐེངས་མང་གོ་སྒྲིག་བྱེད་དགོས་། དེ་བཞིན་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་དཔེ་དེབ་གང་མང་བལྟ་ཀློག་བྱེད་དགོས་ཤིང་ཕན་ཚུན་སྐད་ཆ་ཤོད་སྐབས་ཀྱང་མི་རིགས་གཞན་གྱི་སྐད་རིགས་མཉམ་བསྲེས་བྱེད་རྒྱུ་མེད། སློབ་གྲྭའི་ནང་ང་ཚོ་སློབ་ཕྲུག་རྒན་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་མ་ཆུང་བར་སློབ་གསོ་དང་རྒན་རབས་ལ་བརྩི་བཀུར། ད་དུང་མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་བྱ་བ་བཟང་པོ་སྒྲུབ་དགོས་ལ་སློབ་མ་ཆུང་བ་ཚོར་ཡང་སྐུལ་ལྕག་གཏོང་དགོས། དགེ་རྒན་གྱིས་འཛིན་གྲྭའི་ནང་སྐུ་ངལ་འཛད་མེད་ཀྱིས་སློབ་ཁྲིད་གནང་དུས་ང་ཚོས་སེམས་པ་རྩེ་གཅིག་ཏུ་ཉན་འཇོག་དང་བསམ་བློ་གཏོང་དགོས། སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཚོར་སྣང་ལ་ཡིད་ཆེས་དང་བསམ་བློ་གཞན་དབང་དུ་མ་སོང་བ་དགོས།
གལ་སྲིད་ཁྱེད་རང་ལ་སློབ་ཚན་བྱེ་བྲག་ཅིག་གི་ཐོག་དཀའ་ངལ་འཕྲད་ན་རང་ངོས་ནས་དུས་ཚོད་བཙལ་ཏེ་དམིགས་བསལ་ཤུགས་སྣོན་རྒྱག་དགོས་པ་ལས་དཀའ་ངལ་ལ་གཡོལ་ཐབས་བྱེད་ན་མིང་དོན་མཚུངས་པའི་སོན་རྩ་ཞིག་ཏུ་འགྱུར་ག་ལ་སྲིད། སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་གཞན་ནོར་མ་སྦྱིན་པར་ལེན་པ་དང་སློབ་ཕྲུག་ནང་ཁུལ་དབྱེན་སྦྱོར་དཀྲུག་ཤིང། ཕག་པ་བཞིན་ཉིན་མཚན་ལྟོས་མེད་རྔན་པ་ཟ་རྒྱུར་བྲེལ་བ་ནི་བག་མེད་ཀྱི་སྤྱོད་ཚུལ་ཡིན་པས་རང་རྒྱུད་ནས་མ་དོར་ན་སློབ་ཕྲུག་ཅིག་གི་འོས་འགན་ནམ་ཡང་འགྲུབ་མི་སྲིད།

༤༽ ད་ལྟའི་གནས་སྐབས་སུ་ང་ཚོ་སློབ་ཕྲུག་ཚོ་སུད་ཚོང་དང་ཞིང་ལས་སོགས་ངལ་དུབ་ཅན་གྱི་ངལ་རྩོལ་རྗེས་སུ་རྒྱུགས་མི་དགོས་པས་སྐྱིད་པོ་ཡིན་པ་ཚོར་དགོས་ལ་སློབ་སྦྱོང་ལ་འབད་པ་ཧུར་ལེན་བྱེད་དགོས། ང་ཚོ་སྤྱི་ཚོགས་ནང་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་ཞིག་ཆགས་འདོད་ན་ཤེས་ཡོན་དང་ཀུན་སྤྱོད་ཟུང་དུ་སྦྲེལ་དགོས་པ་ལས་གནད་ཅིག་གི་ཐོག་ལྷོད་གཡེང་ནམ་ཡང་ཤོར་མི་ཉན། མདོར་ན་ཆག་འཇིག་གི་གནས་སུ་གྱར་བའི་མི་རིགས་ཤིག་ལ་མཚོན་ན་ང་ཚོ་སོན་རྩ་རྣམས་ནི་མི་རིགས་འདིའི་ཕུགས་བསམ་ཡིན་པ་ཡིད་ལ་ངེས་དགོས་སོ།།

རྩོམ་རིག

Post navigation

Previous Post: ལང་ཚོའི་དུས་སྐབས།
Next Post: རླབས་ཆེ་བའི་བུ་མོ་ཞིག

Comments (4) on “ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།”

  1. རིག་པའི་བུ says:
    2014-04-15 at 10:29 am

    ཡག་པོ་འདུག

  2. ཁེར་རྐྱང་། says:
    2014-04-15 at 12:12 pm

    སློབ་ཕྲུག་ཁྱེད་ནི་མ་འོངས་བོད་མི་རིགས་ཀྱི་སོན་རྩ་ཞིག་ཡིན་ངེས་ཡི་རང་ཡོད།

  3. རེབ་སྐྱིད་མཚོ says:
    2014-04-16 at 11:42 am

    སློབ་ཕྲུག་ཁྱེད་ལ་ཡིད་རངས་ཞུ་བཞིན་ཡོད།

  4. མེ་ཏོག་སྒྲོལ་དཀར་ says:
    2014-07-04 at 6:21 am

    ཀློག་པ་པོ་རྣམས་ གུས་མོ་ངའི་རྩོམ་ཡིག་ཀློག་པ་ཐུགས་རྗེ་གནང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme