Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།

Posted on 2014-04-072014-04-07 By ཁ་བརྡ་ 5 Comments on ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།

ཕུར་བུ་སྒྲོལ་མ། རང་ལོ། ༡༤ དཔེ་སྟོན་སློབ་གྲྭ།

ཀ་ཁ་སློབ་པའི་དུས་ཤིག་ན།།
དཀའ་ངལ་ཆེ་ཆུང་འཕྲད་སྲིད་དེ།།
དཀའ་ངལ་གདོང་ལེན་བྱེད་པའི་ལས།།
སློབ་ཕྲུག་ཡིན་པའི་ལས་འགན་ཡིན།།
སློབ་ཕྲུག་ང་ཚོ་ནི་སྤྱིར་འཇིག་རྟེན་དུ་བྱོན་པ་ནི་འོས་འགན་ཆེན་པོ་ཞིག་འཁྱེར་ནས་ཡོད། སློབ་ཕྲུག་ཅེས་པའི་ཡིག་འབྲུ་གཉིས་ལས་གསལ་པོ་མངོན་ཐུབ་པ་ནི་སློབ་ཕྲུག་གི་ལས་འགན་གཙོ་བོ་ནི་སློབ་སྦྱོང་བྱ་རྒྱུ་འདི་རེད།
དེ་རིང་ངས་རང་ཉིད་ཀྱི་བརྗོད་གཞི་འདི་ཧ་ཅང་གཏིང་ཟབ་དང་མཐོ་བོ་མིན་ཀྱང་ང་ཚོ་དཔེ་སྟོན་གྱི་སློབ་མ་ཚོ་ལ་དོན་སྙིང་ལྡན་པ་ཞིག་ཡོད། དེ་བས་དེ་རིང་གི་ཆེས་གསལ་ཞིང་གནད་དུ་འཕིགས་པའི་བརྗོད་གཞི་འདི་དབྱེ་བ་གསུམ་ལ་དབྱེ་ཡོད་པ་ནི།
༡༽ སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན་གཙོ་བོ་གང་རེད།
༢༽ སློབ་ཕྲུག་ངོས་ནས་ལས་འགན་འདི་ཅི་འདྲ་བྱེད་དེ་སྒྲུབ་བམ།
༣༽ ལས་འགན་དེ་སྒྲུབ་ནས་མ་འོངས་སྤྱི་ཚོགས་ལ་གང་ཕན་ཐོགས་ཐུབ་བམ།ཞེས་བའི་དོན་ཚན་གསུམ་ཡིན།
 

༡༽  སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན་གཙོ་བོ་གང་རེད།

སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒུབ་དགོས་པའི་ལས་འགན་གཙོ་བོ་ནི་རང་ཉིད་ཀྱི་སྐབས་སུ་བབ་པའི་ལས་འགན་གཅིག་རང་ལས་མེད་པ་ནི་སློབ་སྦྱོང་སྦྱངས་རྒྱུ་དེ་རེད། སློབ་སྦྱོང་ཞེ་ན་ཀློག་དེབ་ནང་གི་འབྲི་ཀློག་གཅིག་པོ་མ་ཡིན་པར་ཕྲུ་གུ་རང་ངོས་ནས་བསམ་བློ་གཏོང་སྟངས་ཡར་རྒྱས་གཏོང་རྒྱུ་དང་དེ་མིན་སྒྲུང་དེབ་མང་པོ་བཀླགས་ཏེ་འཛམ་གླིང་གི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་རྣམས་ཀྱང་ཤེས་ཡོན་གྱི་ཁོངས་སུ་རྟོགས་ཀྱིས་ཡོད། སློབ་སྦྱོང་སྦྱངས་རྒྱུ་ནི་དམིགས་བསལ་ཁག་པོའི་ལས་ཤིག་མ་ཡིན་ཏེ་ས་དང་རྡོ་བོར་འདྲེན་བྱེད་པ་ལྟ་བུའི་དཀའ་ལས་མེད་ལ་གཞན་གྱི་གཡོག་ཀྱང་རྒྱུགས་དགོས་ཀྱི་མེད། རང་ཉིད་སོ་སོ་རྐུབ་སྟེགས་སུ་བསྡད་དེ་སློབ་སྦྱོང་བྱེད་རྒྱུའི་ཧ་ཅང་ལས་སླ་བའི་ལས་ཀ་ཆུང་ཆུང་ཞིག་རེད།སློབ་ཕྲུག་ཅིག་སློབ་སྦྱོང་ངམ་ཡོན་ཏན་སྦྱངས་མཁན་གྱི་སློབ་མ་ཞིག་ལ་གོ་བས་སློབ་སྦྱོང་སྦྱངས་རྒྱུ་ནི་ང་ཚོའི་གཞོལ་དུ་མེ་པའི་ལས་འགན་ཞིག་རེད།
དེ་མིན་སློབ་ཕྲུག་ལ་ལས་འགན་འདྲ་མིན་ཡོད་པ་ནི་དཔེར་ན། དགེ་རྒན་དང་ལས་བྱེད་རྣམས་ལ་རྒྱུན་དུ་ནས་གུས་ཞབས་དང་ཡ་རབས་སྤྱོད་བཟང་གི་བྱ་བ་སྒྲུབ་རྒྱུ་མ་ཟད་ན་ཚོད་ཉམས་པའི་སློབ་ཕྲུག་ཕོ་མོ་རྣམས་དང་མཐུན་བསྒྲིལ་བྱེད་རྒྱུ་དང་དུས་ཚོད་དམ་འཛིན་དང་ཆུ་བོའི་རྒྱུན་བཞིན་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱ་རྒྱུ་ནི་སློབ་ཕྲུག་ང་ཚོའི་རྒྱབ་ཏུ་འཁུར་ཡོད་པའི་ལས་འགན་གཙོ་བོ་དག་ཡིན།
དེར་བརྟེན་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་ལས་འགན་དེ་དག་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་ལ་དེ་བས་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་ལས་འགན་དེ་རྣམས་མ་བསྒྲུབ་ཚེ་སློབ་ཕྲུག་ཅེས་པ་ནི་རྣམ་དབྱེ་དང་པོ་མིང་གི་ངོ་བོ་ཙམ་སྟོན་པ་ལས་དོན་ལྡན་པ་ཞིག་ནམ་ཡང་ཆགས་མི་སྲིད།
 

༢༽ སློབ་ཕྲུག་ངོས་ནས་ལས་འགན་རྣམས་ཅི་འདྲ་བྱེད་དེ་སྒྲུབ་ཐུབ་བམ།

སློབ་ཕྲུག་ངོས་ནས་ལས་འགན་ཡོད་བསམ་ནས་བསྡད་ན་མི་འགྲིག་པར་དེ་རྣམས་ལག་བསྟར་དུ་འཁྱེར་རྒྱུ་ཧ་ཅང་གལ་ཆེན་ཡིན་།
དཔེར་ན། རྒྱུན་དུ་ནས་དུས་ཚོད་དམ་འཛིན་དང་སློབ་ལ་འབད་པ་ལྷོད་མེད་ཆུ་བོའི་རྒྱུན་བཞིན་བྱེད་དེ་ཤེས་ཡོན་ལེགས་པོ་སྦྱངས་རྒྱུ། དེ་མིན་རྒྱུན་དུ་ཚགས་པར་བཀླགས་ཏེ་འཛམ་གླིང་གི་གནས་སྟངས་དང་འགྱུར་ལྡོག་རྣམས་རྟོགས་ཐུབ་པ་དང་སྒྲུང་དེབ་གང་བྱུང་ཀློག་ནས་དེའི་ནང་ནས་རང་ཉིད་ཀྱི་མ་ཤེས་པའི་ཤེས་ཡོན་གསར་པ་ལེན་རྒྱུ་དང་རྩོམ་པ་པོ་དང་ལྷན་དུ་བསམ་ཚུལ་བརྗེ་ལེན་ཐུབ་ཚེ་དངོས་གནས་རང་ཉིད་ཀྱི་བསམ་བློ་འཁྱེར་སོ་ཧ་ཅང་འགྱུར་བ་འགྲོ་ཡི་རེད། དེ་ལྟར་རྒྱུན་དུ་དུས་ཚོད་དམ་འཛིན་ངང་བྱ་བ་རྣམས་བྱེད་ཐུབ་པ་ན་དངོས་གནས་སློབ་ཕྲུག་གི་ལས་འགན་སྒྲུབ་ཐུབ་ཀྱི་རེད།
མ་ཟད་རྒྱུན་དུ་ནས་སློབ་མ་ཡ་རབས་ཤིག་གི་ཚུལ་དུ་བསྡད་དེ་ཕན་ཚུན་བཀའ་མོལ་ལེགས་པོ་གནང་རྒྱུ་དང་དགེ་རྒན་རྣམས་ལ་སེམས་གཏིང་ནས་གུས་ཞབས་དང་། དད་པ་གནང་རྒྱུ་རྣམས་ནི་ང་ཚོའི་ལས་འགན་ཞིག་ཀྱང་ཆགས་ཡོད། རྒྱུན་དུ་ཕན་ཚུན་སློབ་གྲོགས་བར་བྱ་བ་ཆུང་ཆུང་རིགས་ལ་འཁྲུགས་པ་མི་རྒྱག་པར་བཟོད་སྒོམ་གྱི་ངོ་ནས་ཕན་ཚུན་མཐུན་སྒྲིལ་བྱེད་རྒྱུ་ཡང་སློབ་ཕྲུག་ཞིག་གིས་ལས་འགན་གལ་ཆེན་ཞིག་ཡིན་པས་སློབ་སྦྱོང་གཅིག་པོ་ཤེས་ཏེ་མི་འགྲིག་ སྤྱོད་པ་ཡང་ལེགས་པོའི་ངང་གཤོག་པ་གཉིས་ལྡན་གྱི་བྱ་ཞིག་བྱེད་རྒྱུ་གལ་ཆེ།
 

༣༽  ལས་འགན་རྣམས་སྒྲུབ་ནས་མ་འོངས་སྤྱི་ཚོགས་ལ་གང་ཕན་ཐོགས་ཐུབ་བམ།

སློབ་ཕྲུག་ཚོས་མ་འོངས་ལས་འགན་རྣམས་སྒྲུབ་ནས་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཡོད། དཔེར་ན། སློབ་ཕྲུག་རྣམས་ནས་སློབ་སྦྱོང་ལེགས་པོ་བྱེད་དེ་མ་འོངས་སྤྱི་ཚོགས་ཐོག་ཏུ་མི་སྐད་གྲགས་ཅན་དང་སྙན་གྲགས་ཅན་ཞིག་ཆགས་མ་ཐུབ་ནའང་མི་བཟང་པོ་ཞིག་ཆགས་ཏེ་སྤྱི་ཚོགས་ཞབས་ཞུ་ཞུ་ཐུབ། སློབ་མ་ང་ཚོས་མ་འོངས་ཀྱི་མི་རབས་གསར་པ་རྣམས་ལ་བསམ་བློ་གསར་པ་ཞིག་དང་བྱ་སྤྱོད་གསར་པ་ཞིག་དཔེ་སྟོན་མགོ་བཙུགས་ཏེ་མ་འོངས་པའི་འཇིག་རྟེན་འདི་དེ་ལས་ཀྱང་ཡིད་དབང་འཕྲོག་པ་ཞིག་བཟོ་ཐུབ་པར་ ད་ལྟ་ནས་དུས་ཚོད་དམ་འཛིན་ངང་སློབ་སྦྱོང་ལེགས་པོ་བྱེད་དེ་མ་འོངས་དགེ་རྒན་ཆེན་པོ་ཞིག་ཆགས་ཏེ་ཕྲུ་གུ་འབུམ་མང་པོའི་མི་ཚེའི་མདུན་ལམ་ལ་སྒྲོན་མེ་སྤར་བ་ན་དངོས་གནས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་དོན་སྙིང་ལྡན་པ་ཞིག་སྒྲུབ་ཡོད།
གལ་ཏེ་དི་ལྟར་སྤྱི་ཚོགས་ལ་ཞབས་ཞུ་ཞུ་ཐུབ་པ་ན་དངོས་གནས་ཕྲུ་གུ་ཞེས་པའི་མཚན་དེ་ཐོབ་པ་སྤོབས་པ་སྐྱེས་ཆོག་པ་དང་འཇིག་རྟེན་དུ་བྱོན་པ་ཡང་ཡི་རིང་ཆོག་པ་རེད། དེར་བརྟེན་ད་ལྟ་ནས་དཀའ་ལས་བརྒྱབ་སྟེ་སློབ་སྦྱོང་སྦྱངས་ནས་མ་འོངས་ཕྲུ་གུའི་ལས་འགན་སྒྲུབ་པ་དགོས། དེ་ལྟར་ཐུབ་ན་རང་གིས་སྤོབས་པའི་ངང་ནས་ང་སློབ་ཕྲུག་ཅིག་ཡིན་ཞེས་བཤད་ན་སུས་ཀྱང་རང་ལ་མོས་མཐུན་མེད་པ་མེད།

རྩོམ་རིག

Post navigation

Previous Post: སྣང་སྲིད་རྣམ་དག་དྲན་གླུ་ཡིད་ངོའི་པདྨ་དཀར་པོ།
Next Post: འགྲུལ་སྐྱེལ་རླངས་འཁོར་མེ་འབར་བ།

Comments (5) on “ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།”

  1. ཞ་སྙུག་དམར་བོ། says:
    2014-04-07 at 12:15 pm

    དངོས་གནས་སྙམ་མོ་བྲིས་འདུག་་་་་་་་བུ་མོ་ཆུང་ཆུང་ལགས་མུ་མཐུད་དུ་འདི་ལྟར་རྒྱུན་སྐྱོང་རོགས་གནང་།

  2. དོན་གྲུབ་མཚོ་མོ། says:
    2014-04-07 at 12:51 pm

    འདས་པ་ལ་བྱེད་དེ་ཚབ་ཏུ་བྱས་ཏེ་བྲིས་ན་ལེགས འགྲོ་སྟངས་རེད ཀྱང་དང་ཡང་རྗེས་འཇུག་ལ་བལྟས་ཏེ་བྲིས་ན་ལེགས ཆུང་ས་ནས་གཟབ་ན་ཡར་རྒྱས་རེད

  3. ཀརྡོ་གཉེར་ཕྱག་པ་ says:
    2014-04-07 at 1:15 pm

    ༣༽ ལས་འགན་དེ་སྒྲུབ་ནས་མ་འོངས་སྤྱི་ཚོགས་ལ་གང་ཕན་ཐོགས་ཐུབ་བམ།ཞེས་བའི་དོན་ཚན་གསུམ་ཡིན།
    འདི།
    ༣༽ ལས་འགན་དེ་༼བསྒྲུབས་༽ནས་མ་འོངས་སྤྱི་ཚོགས་ལ་གང་ཕན་ཐོགས་ཐུབ་བམ། ཞེས་༼པའི་༽དོན་ཚན་གསུམ་ཡིན།

  4. གནམ says:
    2014-04-08 at 6:57 am

    ཕྱི་དང་ནང་གི་ཀུན་སྤྱོད་གཉིས་ཆ་ཚང་ཡོད་པའི་སྣང་བ་སྟེར། ཡ་རབ་ཡོན་ཏན་ཅན་ནི་སློབ་ཕྲུག་ཡིན་ཡང་གུས་སོ། མངོན་པར་བསྟོད་དོ།

  5. མེ་ཏོག་སྒྲོལ་དཀར་ says:
    2014-10-04 at 3:04 am

    ཁྱེད་རང་གི་རྩོམ་ཡིག་འདི་དེ་རིང་གུས་མོ་ངས་ཁ་བརྡ་ནང་དུ་མཐོང་སོང་བས་ང་རང་ཧ་ཅང་དགའ་བོ་བྱུང།་མུ་མཐུད་ནས་གནང་རོགས་གནང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme