Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་སད་རན།

Posted on 2021-12-302021-12-30 By ཡེ་ཤེས་ No Comments on ང་ཚོ་སད་རན།

ཀླུ་སྨྱོན་ཧེ་རུ་ཀ

གཅིག

དུ་ཞགས་ཀྱིས་དཀྲིས་པའི་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲུའི་ནུབ་བྱང་གི་ཕྱོགས་སུ་རི་མཐོན་པོ་ཞིག་ཡོད་པའི་མིང་ལ་གླང་རུ་ལུང་བསྟན་ཟེར། རི་དེའི་རྩེ་མོར་འཛེགས་ན་དེར་ལྡིང་ཁང་ཆུང་ཆུང་ཞིག་ཡོད་པ་དང་། དེ་ནས་བྱང་ཕྱོགས་སུ་རྒྱང་བལྟ་བྱེད་རྒྱུར་དགའ་བའི་རྡོ་རྗེ་ལ་མཚོན་ན། བྱང་ཕྱོགས་ཀྱི་ཧི་མ་ལ་ཡའི་གངས་རིའི་ཕྲེང་བ་ཕྱི་བརྩེགས་ནང་བརྩེགས་དེ་ཚོ་ནི་གནའ་བོའི་གཏུམ་འབྲུག་ཏུ་གྲགས་པའི་སྲོག་ཆགས་ཆེན་པོ་དེ་ཚོའི་སྒལ་ཚིགས་ཀྱི་སྟེང་དུ་སྐྱེས་པའི་ཁྲབ་རིས་དེ་ཚོ་ཡང་འདྲ་ཙམ་ཡོད།

རི་རྩེ་འདིར་དབྱར་དགུན་མེད་པར་རླངས་འཁོར་བསྐོར་ནས་ཡོང་མཁན་དང་སྦག་སྦག་ལ་ཞོན་ནས་ཡོང་མཁན་རྒྱུན་ཆད་མེད་ཅིང་། ཉེན་མཆོངས་པ་ལ་ལ་རི་གཤམ་ནས་རི་རྩེ་བར་དུ་གོམ་བགྲོད་ཀྱིས་བསླེབས་པ་ཡང་ཉུང་ཉུང་མིན། རི་འདིའི་སྐེད་ཙམ་ཞིག་ལ་བལ་བོའི་དམག་སྒར་ཞིག་ཡོད་པས། རླངས་འཁོར་དང་སྦག་སྦག་གི་རིགས་རི་རྩེར་འགྲོ་མཁན་ཚོར་ཞིབ་བཤེར་བྱེད་པ་དང་། དེ་ནི་འགྲོ་ལུགས་ཙམ་ཞིག་མ་གཏོགས་འགག་སྒོ་དེ་ནས་མི་ཐར་བའི་དཀའ་ངལ་དེ་ཙམ་ཞིག་མེད།

རྡོ་རྗེ་ལ་རླངས་འཁོར་དང་སྦག་སྦག་གང་ཡང་མེད་པས། ནམ་རྒྱུན་རི་རྩེ་འདིར་ཡོང་འདོད་སྐྱེས་ཚེ་ངོ་ཤེས་གྲོགས་པོ་རེར་ཞུ་བ་འཐེན་ནས། དེ་ཚོའི་རླངས་འཁོར་གྱི་ནང་ངམ་སྦག་སྦག་གི་འཕོང་ལ་ཞོན་ནས་འདིར་ཡོང་གི་ཡོད། རི་རྩེ་འདིར་བསླེབས་ན་མཁའ་དབུགས་དྭངས་ཤིང་སྣང་བ་སྐྱིད་པས། ཕྱིར་འུར་ཟིང་གིས་ཁེངས་ཤིང་དུད་སྨུག་གིས་གཡོགས་པའི་འཕགས་ཤིང་རི་འདབས་དེར་ལོག་འདོད་མེད་པ་ནི་རྡོ་རྗེ་གཅིག་པོ་ག་ལ་ཡིན།

ནམ་རྒྱུན་མི་ཚང་མ་གཉིད་ཀྱི་ཞིང་ཁམས་སུ་ཡོད་པའི་ཞོགས་པ་ཧ་ཅང་སྔ་བོ་རེ་རེར། རྡོ་རྗེ་ཡར་ལངས་ནས་འཕགས་པ་ཤིང་ཀུན་གྱི་སྐོར་བར་འགྲོ་བ་དང་། ཁོང་གིས་སྐོར་ལམ་གྱི་ཁྱི་སྡོམ་ཚོར་ཟ་མ་ཕྲན་བུ་རེ་སྟེར་བ་མ་ཟད། སྤྲེལ་དང་བྱ་རིགས་ལ་ཡང་རྔན་པ་ཕྲན་བུ་རེ་འཁྱེར་ནས་འགྲོ་སྲོལ་ཞིག་ཡོད།

འཕགས་ཤིང་རི་བོའི་ཁོར་ཡུག་ནི་བྱ་རུང་ཁ་ཤོར་གྱི་ཉེ་འདབས་དང་མི་འདྲ་བར་དེ་ཙམ་གྱི་འཁྲུག་ཆ་ཆེན་པོ་ཞིག་མེད་ན་ཡང་། རི་འདབས་ཀྱི་ལམ་ཆེན་སྟེང་གི་རླངས་འཁོར་སྣ་ཚོགས་དང་ཁྲོམ་གཞུང་གི་མི་ཚོགས་ཀྱི་འུར་སྒྲ་ཆེ་ཆུང་ནི་ཞི་བདེའི་སྣང་བ་འཚོལ་བའི་མི་ཞིག་ལ་མཚོན་ན་གཡོལ་འདོད་ཡོད་ཀྱང་གཡོལ་ཐབས་དཀའ་བ་ཞིག་རེད།

མུ་འགོད་།

གསར་འགྱུར།, བརྩམས་སྒྲུང་།

Post navigation

Previous Post: ཡེ་ཤུའི་སྐྱེས་མཆོག་ཌེ་སི་མོན་ཋུ་ཋུ་སྐུ་གཤེགས་པར་མྱ་ངན་ཞུ་ཚིག
Next Post: བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme