Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་སྲིད།

Posted on 2013-11-092013-11-09 By ཁ་བརྡ་ 6 Comments on ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་སྲིད།

གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།

imageཕྱི་ཟླ་༡༡ པའི་ཚེས་༣ ཉིན།  སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་སྤེལ་ལྗམ་མི་མང་ལ་བཀའ་སློབ་གསུངས་བཤད་གནང་བའི་ཚོགས་འདུ་ཞིག་གྲོང་ཁྱེར་ཨན་ཀྲོབ་ཏུ་འཚོགས་ཡོད་པ་དང་།  ཚོགས་འདུའི་ཐོག་སྤེལ་ལྗམ་བོད་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ནས་བོད་རིགས་ཚོགས་པའི་ལས་དོན་སྐོར་ངོ་སྤྲོད་གནང་བ་དང་།  སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ནས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཡུ་རོབ་ཏུ་སླེབས་དོན་དང་མཛད་རིམ་ཁག་ངོ་སྤྲོད་གནང་།  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་ཕྱག་རོགས་སྤྱི་འཐུས་རྣམས་མི་མང་ལ་ངོ་སྤྲོད་གནང་།

མདོ་སྨད་སྤྱི་འཐུས་མཁྱེན་རབ་ལགས་ནས་རྒྱ་ནག་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་སྐོར་མི་མང་ལ་ངོ་སྤྲོད་དང་།  ཡུ་རོབ་སྤྱིའཐུས་ཐུབ་བསྟན་དབང་ཆེན་ལགས་ནས་ཡུ་རོབ་བོད་མིའི་གནས་སྟངས་དང་བོད་དོན་ལ་འགན་འཁྱེར་སྟངས། སྤྱི་འཐུས་གྲོས་ཚོགས་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་དང་བོད་མིའི་སྒྲིག་འཛུགས་དབར་སེམས་ཐག་ཉེ་རུ་གཏོང་ཆེད་ཚོགས་ཆུང་ཞིག་འཛུགས་ཡོད་པའི་སྐོར་ངོ་སྤྲོད་གནང་།  མདོ་སྟོད་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ནས་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༦ པའི་སྐབས་བཞག་པའི་གྲོས་ཆོད་སྐོར་མི་མང་ལ་ངོ་སྤྲོད་གནང་། དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མི་མང་ལ་ངོ་སྤྲོད་གནང་།image-1

དེའི་རྗེས་མི་མང་ཁྲོད་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་ཤེས་ཡོན་སྲིད་ཇུས།  དང་བླངས་དཔྱ་ཁྲལ་གྱི་མིང་བརྗེ་བསྒྱུར་སྐོར།  སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གླེང་རྙོག་དང་། སྤྱི་འཐུས་སྒྲོལ་དཀར་ལྷ་མོའི་ལྐོག་ཟའི་དོན་རྐྱེན་བཅས་ཀྱི་སྐོར་ལ་དྲི་བ་བཏོན་པར་སྤྱི་འཐུས་ཚོགས་གཙོ་ལགས་ནས་བཀའ་ལན་ཞིབ་རྒྱས་གནང་བ་དང་། མཇུག་མཐར་ཁོང་གིས་གྲོས་ཚོགས་ཚོགས་དུས་སྐབས་༦ པའི་མཇུག་སྡོམ་གསུངས་བཤད་བསྐྱར་ཏུ་དྲངས་ཏེ་ང་ཚོའི་སྤྱི་ཚོགས་འདི་བཞིན་དམ་ཉམས་ཀྱི་སྤྱི་ཚོགས་ཤིག་དང་གོ་བརྡ་འཕྲོད་དཀའ་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་ཡོད་ཚུལ་དང་། ང་ཚོའི་མི་ཐོག་འདི་ལོ་རྒྱུས་ཀྱི་ཉེས་ཅན་པའང་ཆགས་མི་སྲིད་པ་མིན་པའི་ཚང་མའི་གཟབ་ནན་བྱ་དགོས་བའི་འབོད་སྐུལ་གནང་སོང་། ཉིན་དེར་བོད་མི་༢༠༠ལྷག་འདུ་འཛོམས་བྱུང་ཡོད་འདུག

གསར་འགྱུར།

Post navigation

Previous Post: རྩོམ་པ་པོ་ཁང་གསར་རྡོ་རྗེས་སྐུ་ངོ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བའི་རྒྱུ་མཚན་ལྔའི་ཆེ་བསྟོད་ལ་བསྐྱར་ཞིབ།
Next Post: གཞི་བདག་གི་སྙན་ངག

Comments (6) on “ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་སྲིད།”

  1. རྒྱང་མིག says:
    2013-11-09 at 1:30 am

    མི་མང་གི་དྲི་བ་དེ་ཚོ་དང་། སྤྱི་འཐུས་ཚོའི་དྲིས་ལན་དེ་ཚོ་ཡང་འདིར་བཀོད་ན་ལེགས།

  2. བསྟན་པ། says:
    2013-11-09 at 3:43 am

    ལོ་རྒྱུས་ཀྱི་ཉེས་ཅན་ངོ་མ་དེ་ཁྱེད་ལས་སུ་མེད།

  3. གནམ says:
    2013-11-09 at 4:35 am

    (དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མི་མང་ལ་ངོ་སྤྲོད་གནང་།) མི་ལོ་ག་ཚད་ལ་ངོ་སྤྲོད་བྱས་ནས་འགྲོ་རྒྱུ་ཡིན་ནམ། སུན་སོང་། ངོ་ཡང་ཚ་སོང་། མི་མང་གིས་མགོ་མི་ཚོས་བ་དང་དོན་མི་གོ་བའི་སྲིད་ཇུས་དེ་འདྲའི་ག་རེ་བྱེད་དམ།
    དམངས་གཙོ་ཡིན་ན། དམངས་ཀྱིས་ཤེས་བའི་སྲིད་ཇུས་ཤིག་ཡོད་དགོས་ཤག་རེད། ཡིན་ན་ཡང་། རྒྱལ་བ་མཆོག་གི་ཐུགས་བརྩེ་ལས་བྱུང་བ་ཞིག་ལས། རྒྱ་བོད་གཉིས་ཀྱིས་མགོ་ཚོད་བ་ཞིག་རེད་མི་འདུག་གོ།

  4. ངག་དབང་སྟོབས་ལྡན། says:
    2013-11-10 at 11:02 am

    བཀུར་འོས་སྤྱི་འཐུས་རྣམ་པར་དང་སྦ་སུ་སྐུ་ཚབ་དོན་གཅོད་བོད་རིགས་ཚོགས་པའི་ཚོགས་གཙོ་རྒྱུན་ལས་ས་གནས་མི་མང་ཡོངས་ལ་འཚམས་འདྲི་དང་། ས་སྐར་བཀྲ་ཤིས་ལགས་ཀྱིས་མདོ་སྟོད་སྤྱི་འཐུས་ཨ་ཕྲུག་ཚེ་བརྟན་གསུང་ཡ་དེ་ནོར་འདུག ཁོང་མདོ་སྟོད་སྤྱི་འཐུས་མ་རེད། ཆོལ་གསུམ་དབྱེར་མེད་ཀྱི་དགེ་ལུགས་པའི་ཆོས་བརྒྱུད་སྤྱི་འཐུས་རེད།

  5. མངའ་རིས་འཕྲིན་ལས། says:
    2013-11-10 at 11:15 am

    ལོ་རྒྱུས་ཀྱི་འཕེལ་འགྱུར་དང་དར་རྒུད་ཀྱི་ཁྲོད། ས་ཁྱོན་དང་མི་འབོར་མངའ་དབང་རྒྱ་ཆེ་ཆུང་ལ་མ་ལྟོས་པར། རང་བཙན་གཙང་མའི་རྒྱལ་ཁབ་ཡིན་བཞིན་པ་དེ་ལྟར་ཡང་། སོ་སོའི་རྒྱལ་ཁབ་ལ་སོ་སོས་ལོ་རྒྱུས་དང་ས་ཁྱོན་མི་འབོར་གང་སྤྱིར། རང་བཙན་གཙང་མའི་ཁུངས་སྐྱེལ་མེད་རབ་སྒྲོག་ཅིང་། ད་དུང་ཕ་གསོད་གི་ལག་དམར། རྒྱུ་འཕྲོག་གི་ཇག་པ། ཡུལ་བཅོམ་གྱི་དགྲ་བོ་རྒྱ་དམར་པོ་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་དག་ནི་ངོ་མ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་རྒྱུ་ཉག་ཅིག་རེད།།

  6. དྲན་དཀར་དཔལ་ཡོན་ says:
    2013-11-10 at 12:45 pm

    ལོ་རྒྱུས་ཀྱི་འཕེལ་འགྱུར་དང་དར་རྒུད་ཀྱི་ཁྲོད། ས་ཁྱོན་དང་མི་འབོར་མངའ་དབང་རྒྱ་ཆེ་ཆུང་ལ་མ་ལྟོས་པར། རང་བཙན་གཙང་མའི་རྒྱལ་ཁབ་ཡིན་བཞིན་པ་དེ་ལྟར་ཡང་། སོ་སོའི་རྒྱལ་ཁབ་ལ་སོ་སོས་ལོ་རྒྱུས་དང་ས་ཁྱོན་མི་འབོར་གང་སྤྱིར། རང་བཙན་གཙང་མའི་ཁུངས་སྐྱེལ་ཡོད་རབས་སྒྲོག་ཅིང་། ད་དུང་ཕ་གསོད་གི་ལག་དམར། རྒྱུ་འཕྲོག་གི་ཇག་པ། ཡུལ་བཅོམ་གྱི་དགྲ་བོ་རྒྱ་དམར་པོ་ལ་མགོ་འབུལ་ལུས་འབུལ་རྒྱས་བཟའ་རྒྱས་འཐུང་བྱ་མཁན་དག་ནི་ངོ་མ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་ཟིན་པ་རེད་དཔེར་ན་མངའ་རིས་ཕྲིན་ལས་ལྟ་བུའོ། དམ་ཉམས་འདི་བོད་རིགས་གཙང་མ་ཡིན་པས་ད་གང་དྲག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme