Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་ལ་ཐ་སྙད་གང་བྱུང་མང་བྱུང་དགོས།

Posted on 2014-01-282014-01-28 By ཁ་བརྡ་ 21 Comments on ང་ཚོ་ལ་ཐ་སྙད་གང་བྱུང་མང་བྱུང་དགོས།

ཅོག་མྱི།

ད་རེས་དགའ་ལྡན་ཕོ་བྲང་ནས་བོད་ཀྱི་ཐ་སྙད་བེད་སྤྱོད་བྱེད་སྟངས་ཐད་བོད་ཀྱི་བརྒྱུད་ལམ་ཁག་ལ་འཕྲིན་ཡིག་ཅིག་སྤྲིངས་ཡོད། ནང་དོན་གཤམ་དུ་གསལ་བ་ལྟར། ཁོ་བོའི་བསམ་ཚུལ་ནི་འདི་ནི་སྤྱིར་བཏང་གི་འཕྲིན་ཡིན་ཞིག་མ་ཡིན་པར་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ལ་ཆབ་སྲིད་དབང་ཐང་དང་ནུས་མཐུ་ད་དུང་ལྷག་ཡོད་པ་དེ་མཚོན་བྱེད་ཀྱི་རྟགས་ཤིག་ཡིན་པར་སྙམ། གང་ཡིན་ཞེ་ན་དགའ་ལྡན་ཕོ་བྲང་ནས་འཁོད་པའི་མིང་ཚིག་དེ་དག་ཕལ་ཆེར་ཆབ་སྲིད་ཀྱི་ཐ་སྙད་རྐྱང་རྐྱང་རེད། འདིའི་སྐོར་གྱི་ཐ་སྙད་བཀས་བཅད་བྱེད་པའི་དབང་ཆ་བཙན་བྱོལ་བོད་གཞུང་ལ་བདོག་པ་མ་གཏོགས་གྲྭ་ཚང་དཀྱུས་མ་ཞིག་ལ་མེད། དེའི་ཕྱིར་ཅིའི་ཕྱིར་གནས་འཕྲིན་འདི་ཁྱབ་སྒྲག་བྱེད་དགོས་པའི་རྒྱུ་མཚན་ལ་དཔྱད་པ་དང་བགྲོ་གླེང་བྱེད་རྒྱུ་འདུག

དེ་མིན། རྒྱ་གཞུང་གི་ཆབ་སྲིད་ས་གནས་དབང་སྒྱུར་གྱི་ཐ་སྙད་རེ་འགའ་ང་ཚོས་ངེས་པར་དུ་སོར་བཞག་བྱེད་དགོས། བོད་ལ་དེའི་ཐ་སྙད་མེད་པ་དང་ཐ་སྙད་དེ་དག་རྒྱུན་འབྱམས་སུ་ཆགས་ཡོད་པའི་ཕྱིར། དཔེར་ན་༼ཡུས་ཧྲུའུ།༽དང་༼པུའུ་ཀྲང་།༽ལྟ་བུའི་མིང་ཚིག་བོད་མིས་བེད་སྤྱོད་བྱས་ནས་ལོ་རྒན་གཅིག་འགོར་ཡོད་པས་སོར་བཞག་བྱས་ན་མི་ཆོག་རྒྱུ་མེད་སྙམ། དེ་དག་ཚང་མ་མི་ཆོག་ཟེར་ན་གུ་རུ་དང་པད་མ་དང་སེང་གེ་སོགས་ཐ་སྙད་འདི་དག་ཀྱང་མེད་པར་གཏོང་དགོས། བརྡ་སྤྲོད་པའི་ཆེད་དུ་ང་ཚོ་བོད་པར་ཐ་སྙད་གང་བྱུང་མང་བྱུང་ཡོད་ན་ང་ཚོ་རིག་གནས་མུ་མཐུད་དུ་གནས་ཐུབ་པ་དེ་ལ་ཕན་ནོ།།

སྣ་ཚོགས།

Post navigation

Previous Post: དོན་ངོ་མ་ཀླུ་མཁར་བྱམས་ལ་ནག་ཉེས་ཡོད་དམ།
Next Post: དབྱངས་ཀྱི་བཞུར་རྒྱུན།

Comments (21) on “ང་ཚོ་ལ་ཐ་སྙད་གང་བྱུང་མང་བྱུང་དགོས།”

  1. ཡེ་ཤེས་དཔལ། says:
    2014-01-28 at 2:19 pm

    ཨོ་་་་་་ཅོག་མྱི་ཟེར་བ་འདི་ཡང་བོད་སྲོག་ལ་རྔམ་པ་ཅན་རྒྱ་སྒོར་མཉུམ་མདངས་ཅན་ཞིག་ཡིན་ཚོད་འདུག

  2. ཡེ་ཤེས་དཔལ། says:
    2014-01-28 at 2:21 pm

    རྒྱ་སྒོར་ལ་མཛུམ་མདངས་ཅན་་་

  3. ཟུར་གནས་ says:
    2014-01-28 at 5:01 pm

    ད་རེས་དགའ་ལྡན་ཕོ་བྲང་ནས་བོད་ཀྱི་ཐ་སྙད་བེད་སྤྱོད་བྱེད་སྟང་ཐད་ལམ་སྟོན་གནབ་བར་ཐུག་རྗེ་ཆེ

  4. གཡུ་ཐོག་རྒྱལ་པོ། says:
    2014-01-28 at 5:29 pm

    དགའ་ལྡན་ཕོ་བྲང་གིས་གསར་ལམ་ཁག་ཏུ་ཐ་སྙད་སྤྱོད་ཕྱོགས་སྐོར་ལ་འབོད་སྐུལ་གནང་བ་དེ་ནི་བོད་མི་རིགས་ཀྱི་སྐད་དང་ཡིག་གེར་འགན་ཁྱེར་བའི་རྣམ་པ་ཞིག་ལས་ཆབ་སྲིད་ཀྱི་དབང་ཆ་སྤྱད་པའི་མཚོན་དོན་ཞིག་ཡེ་ནས་མིན། གཉིས་ནས། སྒ་སྐྱེ་དགུ་མདོ་ལྟ་བུའི་ཐ་སྙད་བོད་དུ་ཡོད་བཞིན་དུ་ཡུས་ཧྲུ་ཞེས་རྒྱ་སྐད་སྤྱོད་དགོས་དོན་ཨེ་ཡོད། སེང་གེ་ལ་སེང་ལས་ལོག་པའི་བོད་སྐད་ཞིག་ཁྱོད་ལ་ཤོད་རྒྱུ་ཡོད་དམ། ཡོད་ན་ཤཽད་དང་། དེ་མིན་ཆོ་མེད་པའི་ཉོག་གཏམ་མ་བཤད་ན་བཟང་གིས།

  5. བསམ་ཤེས། says:
    2014-01-28 at 6:02 pm

    རྒྱལ་བ་རིན་པོ་ཆེས་བོད་མིར་ཕན་ཐོགས་ཨེ་ཡོད་བསམ་ནས་བསླབ་བྱ་བརྒྱབ་པ་ལས། ཆབ་སྲིད་ཀྱི་མགོ་བདེ་པོ་དང་། ཁེ་སང་ཆུང་ཆུང་ཞིག་ལ་གཟིགས་ཨེ་ཡོང་། ཅོ་རི་ལགས་ཀྱིས་གནས་ཚུལ་ཆུང་ཆུང་འདི་འདྲ་རྒྱལ་བ་རིན་པོ་ཆེར་དྭོགས་གཞི་བྱེད་པ་འདི་ཅུང་བདེ་པོ་མ་བྱུང་། སྐུ་སྒེར་ཡིག་ཚང་གི་ཡིག་འབྲེལ་ཆེ་ཁག་གོང་ས་མཆོག་གི་བཀའ་རྒྱ་མེད་ན་ཕྱི་ལ་བཀྲམ་མི་ཆོག་པས། གོང་ས་མཆོག་གིས་བསླབ་བྱ་འདི་བོད་མིར་ཕན་ཐོགས་ཨེ་ཡོད་བསམ་ནས་གསུངས་པ་རེད་སྙམ།

    ཁྱེད་ཀྱི་རིགས་པ་སྟེ། རྒྱ་མིས་བེད་སྤྱོད་བྱས་ནས་ལོ་འགའ་ཤས་ཕྱིན་པར་བརྟེན་དེ་ལྟར་སོར་བཞག་བྱེད་དགོས་ཟེར་ན། བོད་རྒྱ་མིས་བཟས་ནས་ལོ་ངོ་དྲུག་བཅུག་ལྷག་ཕྱིན་སོང་བས། དེ་ལྟར་སོར་བཞག་བྱེད་དགོས་སམ། རིགས་པ་འགྲེ་སྟངས་གཅིག་མཚུངས་མ་རེད་པས།

  6. དྲང་བདེན་མདའ་མོ། says:
    2014-01-28 at 7:00 pm

    འོ་ལགས་སོ། ད་ཡིན་ན་མྱོན་པ་ཆགས་པའི་གཞི་རེད། མཚམས་མཚམས་འདི་འདྲ་བཤད། མཚམས་མཚམས་གུང་བྲན་བཏང་གི་རྩ་ཁྲིམས་འོག་ཉི་མ་སང་ཉིན་ལོགས་ཡོངས་གིས་ཡིན་ཟེར། བོད་འདི་རང་བཙན་མ་རེད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔ་འོག་ཡིན་བཤད། མཚམས་མཚམས་མིང་གི་ཐ་སྙད་སྐོར་བརྩོད་འདྲ་རྒྱབ། འདི་འདྲ་གསུང་བསྡད་ན་རྒྱ་དམར་དོགས་པ་ཆེ་རུ་འགྲོ་ནས། དབུ་མའི་ལམ་རླུང་གི་འཁྱེར་ཤོག་གི་རེད། ཡིན་ན་ཟམ་གདོང་ཚང་གི་སྲིད་སྐྱོང་ལ་དབུ་མའི་ལམ་ཞེས་པ་དེ་ལམ་ཐག་རིང་དུ་གཏོངས་པའི་སྲིད་ཇུས་བཟང་པོ་ཡིན་ཟེར་ཀྱི་འདུག་ཤར་ཁུགས་འམ་བློ་བཟང་ཆོས་འབྱོར་ནས་གསལ་བཤད་གནང་སྐབས།།

  7. ཅོག་མྱི། says:
    2014-01-28 at 8:13 pm

    ཡ། དེ་ཡིན་ན་གྲུབ་ཆེན་རྣམ་པས་གཤམ་གྱི་ཐ་སྙད་དག་ལ་བོད་ཡིག་གི་མིང་ཞིག་ཐོགས་དང་།
    处长,局长,州长,专员,书记,科长,厅长,部长,委员长,

  8. བློ་བཟང says:
    2014-01-28 at 9:03 pm

    ཨོ་ཡེ་ཡེ་་་་་་ ཅོག་མྱི། ༧གོང་ས་མཆོག་ནས་ཆབ་སྲིད་ལས་འགན་མཚམས་འཇོག་སྐབས་”ཡིན་ནའང་ང་བོད་མི་ཡིན་པས་ཆ་ནས་བོད་ཀྱི་ལས་འགན་འཁུར་དགོས་” ཞེས་གསུངས་པ་མི་འོས་སམ། མཐའ་ན་ཁྱེད་ནས་ཀྱང་བོད་ཀྱི་སྐད་ཡིག་སྐོར་བསམ་ཚུལ་བཤད་ཆོག་པ་མི་ཤེས་སམ། སྐབས་རེ་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གནང་གི་མི་འདུག་ཟེར། སྐབས་གནང་ན་མི་འགྲིག་ཟེར། བསམ་ཤེས་དང་གོ་རྒྱུ་ཡོད་པའི་མཆན་སྤེལ་ན་བཟང་ངོ་།

  9. སྤོབས་པ་མཐའ་ཡས། says:
    2014-01-28 at 10:29 pm

    དགའ་ཕོའི་གསལ་བསྒྲགས་དེ་ཁོ་རང་ཡིག་ནོར་དོན་ནོར་གྱི་ཕུང་པོ་ཞིག་རེད། མི་ལ་ཁ་ཕར་འཁོར་ནས་སྐད་ཡིག་་བཤད་མཁན་འདི་འདྲ་རེ་ལས་མེད་པས་མི་འགྲིགས་པ་རེད།

  10. བློ་བཟང says:
    2014-01-28 at 10:45 pm

    “ཟེར་བ་ལྟ་བུ་ཡང་ཡང་བེད་སྤྱོད་བྱས་རྐྱེན་དེང་བོད་ནས་ཕེབས་མཁན་མང་པོས་ཀྱང་དེ་ལྟའི་བརྗོད་ཚིག་བེད་སྤྱོད་བྱེད་པ་དང་། འདི་གར་གནས་ཚུལ་ཕུལ་འབྱོར་ཁག་གི་ནང་དུའང་དེ་ལྟར་བྲིས་པ་ཡོང་གི་འདུག” རྒྱུ་མཚན་གཙོ་བོ་དེ་རེད། ཁྱེད་ལ་ཡི་གེ་དེ་འདྲ་ཞིག་འབྱོར་ན་ཅི་ཟེར། ང་ཚོ་(པུ་ར་)གཅིག་པ་ཟེར་ལས་ཨེ་རེད།
    ཁ་ཐུག་ཚོར་བ་གང་གིས་གཏེར་བ་དེར་བསམ་ཚུལ་མྱུར་བ་ལས། གཞན་རྣམས་འགྲིགས་ཟེར་བ་མ་རེད། དེས་གཞན་ལ་རིགས་འགྲེ་ཟེར་བར་གོ་དགོས། རྒྱ་གར་ནང་ཧིན་སྐད་བསྲེས། བལ་ཡུལ་བལ་སྐད་བསྲེས།ནུབ་ཡུལ་དབྱིན་སྐད་བསྲེས་བ་ཚང་མར་གོ་དགོས། འདི་ནི་ཁྱེད་རྣམ་པས་རྒྱུན་ལྡན་ངར་སྐད་འཐོན་བཞིན་པ་དེ་རང་རེད། མང་པོ་བཤད་ཅི་དགོས།

  11. འཕྲིན་ལས་ལྷུན་གྲུབ་ says:
    2014-01-28 at 11:45 pm

    ཅོག་མྱི་ཟེར་པ་འདིས་བཤད་སྟངས་ལ་བལྟས་ན་ཀུན་སློང་ངན་པས་རྒྱབ་སྣོན་བྱས་བཞག་པ་གསལ་བོ་རེད། ཁུངས་ལུང་མེད་པའི་སྐད་ཆ་རང་བཤད་ཀྱི་འདུག ༼ བརྡ་སྤྲོད་པའི་ཆེད་དུ་ང་ཚོ་བོད་པར་ཐ་སྙད་གང་བྱུང་མང་བྱུང་ཡོད་ན་ང་ཚོ་རིག་གནས་མུ་མཐུད་དུ་གནས་ཐུབ་པ་དེ་ལ་ཕན་ནོ།།༽ཟེར། སྐབས་འདིར་གཞན་གྱི་ཐ་སྙད་སྒྲ་བསྒྱུར་བྱས་པ་གང་བྱུང་མང་བྱུང་ཡོད་ན་ཕན་གྱི་འདུག་ཟེར་ཚུལ་ལ་བལྟས་ན། ཅོག་མྱིའི་ཁ་ཡི་བོད་ཀྱི་རིག་གནས་ཟེར་པ་དེ་དེ་ག་ཟིག་རེད།

  12. བསྟན་འཛིན་རབ་དགའ། says:
    2014-01-29 at 1:32 am

    གཞན་ལ་ལྟ་བའི་མིག་ཡོད་ཀྱང། རང་ལ་ལྟ་བའི་མེ་ལོང་དགོས། ཞེས་པ་ལྟར་སྤྱི་སེམས་ཞིག་འཁྱེར་ནས་སྤྱི་པའི་ཐོག་བཀའ་མོས་དེ་ལྟར་གསུངས་པར་མ་མཐར་རྗེས་སུ་ཡིད་རང་ཞུ་རྒྱུ་ལས་དགོས་མེད་ཀྱི་སྐྱོན་བརྗོད་སྣ་ཚོགས་ཞུས་པ་ནི་ཆེས་བློ་ཕམ་གནས་ཚུལ་ཞིག་ལས་མ་མཐོང།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-01-29 at 3:15 am

    ང་ཚོ་ལ་ཐ་སྙད་གང་བྱུང་མང་བྱུང་མི་དགོས།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-01-29 at 3:27 am

    གར་ཞར། གྲོང་གསེབ་ཆེ་ཤོས་དེའི་མིང་ལ། བོད་སྐད་དུ། སྐྱིད་ལུང་། ཡིན་པ་ལ། རྒྱ་གར་གཞུང་གིས། ཨིན་སྐད་དུ།
    Keylong ཞེས་བཏགས་ནས། ད་ལྟ། སྐྱིད་ལུང་དེ། ཀེ་ལོང་ཞེས་ཀུན་གྱི་ངག་འཇགས་པ་རེད། འདི་ལ་ཐོག་མའི་མིང་བསྒྱུར་བྱས་པའི་དུས་སུ་ཤེས་སྦྱང་དམན་པ་ཙམ་་ལས། ཆབ་སྲིད་པའི་གཡོ་འཇུས་མེད་སྙམ་ཡང་། དོན་དག་བོད་སྐད་ཀྱི་མིང་ཚིག་དེ་ཉམས་པ་རེད།
    བོད་ནང་རྒྱ་སྐད་ཀྱི་ས་མིང་དེ་དག་བོད། རྒྱ་ཁོངས་སུ་རང་བཞིན་གྱིས་ཆགས་འགྲོ་བས། བོད་རིགས་རང་གི་ལ་རྒྱ་ཡོད་ན། དེ་ཡང་གཟབ་དགོས་པ་བདེན་པ་རེད།

  15. ལུང་རྟོགས། says:
    2014-01-29 at 4:06 am

    ཅོག་མྱིས་སྨྱོ་བཤད་ལ་ཉན་རྒྱུ་ཅི་ཡང་མི་འདུག འོན་ཀྱང་དགའ་ལྡན་ཕོ་བྲང་ཚང་ནས་ཀྱང་རྒྱ་སྐད་ལས་དབྱིན་སྐད་དེ་སྐད་ཡིག་སྲེ་སླད་ལ་རྩི་གནང་གི་མེད་པ་འདྲ་པོ་འདུག། ཕྱག་ཡིག་དེའི་ནང་ལ་དབྱིན་འཇིའི་རྟགས་མང་པོ་ཞིག་བཀོད་འདུག

  16. ཡ་མ་ says:
    2014-01-30 at 5:07 am

    དགའ་ལྡན་ཕོ་བྲང་ནས་བོད་ཀྱི་ཐ་སྙད་སྲུང་སྐྱབས་ཆེད་ཡིན་པས་ཐུགས་ཆེ་།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-01-30 at 8:42 am

    ང་ཚོ་ལ་ ཐ་སྙད་ གང་བྱུང་ མང་བྱུང་ མི་དགོས་པ་ མ་ཟད། དོན་གཅིག་ མིང་མང་པོ་ དེ་ཚོ་ ཡང་། དུས་རྒྱུན ་སྤྱི་སྐད་ ནང་ལ་ བེད་སྤྱོད་ མ་བཏང་ ན། བོད་སྐད་ འཕེལ་རྒྱལ་ལ་ ཕན་ཐོགས་པར་ ངེས་པས་་་་་་་

  18. གསར་བུ། says:
    2014-01-30 at 9:16 am

    ཅོག་མྱི་འདི་ཚོར་བ་རྣོན་པོ་ཞིག་ཡོད་པའི་ཚུགས་ཀ་བསྟན་ཡིན་རྒྱུ་རེད། ངས་ཁྱོད་ལ་དཔེ་ཅིག་འདྲེན།ཨ་ཕས་ཁྱོད་ཀྱི་གནའ་མ་ལ་དགྱ་ཞྭ་དེ་རན་པོ་རང་འདུག་ཟེར་ན། ཁྱོད་ཀྱི་ཨ་ཕས་ཁྱོའི་གནའ་མ་ལ་འཛགས་བསམ་པ་རེད་ཟེར་བ་དང་གཅིག་མཚུངས་མ་རེད་དམ།

  19. ཅོག་མྱི། says:
    2014-01-30 at 1:08 pm

    གསར་བུ། ཀླེན་པ་ལས་ངན་པོས་ཉོན། ངེད་ཕ་བུ་གཉིས་ཀྱིས་རེས་མོས་ཀྱིས་ཁྱེད་ཀྱི་ཆུང་མར་འཛགས་དུས་རང་གིས་རྒྱ་ཞྭ་གྱོན་ནས་ཁྱི་ཁ་ཟུམ་སྟེ་བལྟས་བསྡད་ན་ཁྱེད་ཀྱིས་ཚོགས་བསགས་པ་རེད་ཡ།

  20. བསམ་ཤེས། says:
    2014-01-30 at 1:32 pm

    ཅོག་མི་རིན་པོ་ཆེ། བོད་ནང་ལ་གཤམ་གྱི་མིང་ཚིག་འདི་དག་གི་སྐོར་ལ་སེང་རྡོར་དྲ་བར་བགྲོ་གླེང་བྱས་ཚར་སོང་།

    ཁྱེད་འདི་ལ་གཟིགས་དང་། གོང་གི་ཐ་སྙད་རྣམས་བོད་མི་ཚོས་བོད་ཡིག་ཐོག་བཀོལ་དགོས་ཟེར། ད་སྐུ་སྒེར་ཡིག་ཚང་འགྲིགས་འདུག བོད་ནང་གི་བོད་མི་ཚོས་བོད་ཡིག་དགོས་ཟེར་དུས། ང་ཚོ། ༼གཙོ་བོ་ཅོག་མི་དང་གསར་འབྱོར་འགའ་ཤས།༽ཀྱིས་རྒྱ་ཡིག་གི་ཚིག་དགོས་ཟེར་དུས། ཚོར་བ་སྐྱུར་མོ་ཞིག་བསྟེར་བྱུང་།

    http://sangdhor.com/blog_c.asp?id=13235&a=jiannametai

  21. ཅོག་མྱི། says:
    2014-01-30 at 4:05 pm

    བསམ་ཤེས། གྱི་ན་ཞིང་མགོ་ན་བའི་ཅ་ཅོ་དེ་འདྲ་འདོན་གྱིན་མ་འདུག བོད་ནང་ནས་ཐ་སྙད་དེ་དག་བགྲོ་གླེང་ཙམ་དུ་ཟད་པ་མ་གཏོགས་དངོས་སུ་བེད་སྤྱོད་བྱེད་ཀྱིན་མེད། དངོས་སུ་ཐ་སྙད་ཡ་མ་ཟུང་དེ་དག་བེད་སྤྱོད་བྱས་ན་བོད་ནང་གི་བོད་པས་འཕྱ་དམོད་ཧ་ལས་བ་ཞིག་བྱེད་པ་རེད། གང་ཡིན་ཞེ་ན་བཀོད་སྤྱོད་མེད་པས་སོ། དེ་ཕྱིར་ཁ་གདེང་ནས་གསར་འབྱོར་རྙིང་འབྱོར་ཟེར་བ་ལས་ཐ་སྙད་རེ་ཟུང་ཞིག་བཟོས་དང་། ང་ཚོར་དགོས་པ་དེ་རེད་ཏོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme