Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་འདི་ལྟར་ལམ་ལ་ཆས་སོང།

Posted on 2012-07-252012-07-25 By ཁ་བརྡ་ 6 Comments on ང་ཚོ་འདི་ལྟར་ལམ་ལ་ཆས་སོང།

རྡོ་སྦིས་ཟླ་བ་ཚེ་རིང།

༼དཔེ་སྟོན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པའི་གཏམ་དུ་བཀོད་ཡོད།༽

ང་ཚོ་འདི་ལྟར་ལམ་ལ་ཆས་སོང། འཕྱ་དམོད་དང་མིག་ལོག་གི་རུལ་སུངས་འདི་ནས་ང་ཚོས་མེས་པོའི་ཚོའི་ཞབས་རྗེས་ལ་དཔྲལ་ཐོད་བཀོད་ནས་ཆས་སོང་། གཞན་སྐད་དང་གཞན་ཡིག་ལ་སྨྱོ་དྲགས་པའི་དྲན་འཁོར་འདི་ནས་ང་ཚོས་ཀ་ཁའི་མགོ་བོ་དགུང་ལ་བཏགས་ནས་ཆས་སོང། སེམས་བྱུང་དང་ཆ་ལུགས་ལ་ཡིད་རྟོན་དབེན་པའི་རི་གྲོང་འདི་ནས་ང་ཚོས་ཡ་རབས་སྤྱོད་བཟང་གི་ཞལ་ཆེམས་ལ་སེམས་པ་གླན་ནས་ཆས་སོང་མོད། ང་ཚོའི་ལམ་སྣེ་ན་ད་དུང་ཡང་སེམས་ནད་ཀྱིས་གོས་པའི་ཚེར་སྡོང་རྣོན་མངར་ཅན་དག་གིས་བསྐོར་ཡོད་ནའང། ང་ཚོས་ང་ཚོ་ལ་དབང་བའི་མགོ་བོ་འདིའི་འཁོར་རྒྱུག་གི་བར་གླགས་ནས་རང་ཉིད་ཀྱི་རྐང་མཐིལ་ཤུགས་ཀྱིས་འདེགས་ངེས། ང་ཚོས་འདི་ལྟར་རང་ཉིད་ཀྱི་རྐང་མཐིལ་ཨུ་ཚིགས་ཀྱིས་འདེགས་དགོས་པ་དེཡང་སྙིང་ནད་ཀྱིས་ཟིན་པའི་ནད་པ་དེ་དག་གི་ཆེད་དུ་ཡིན། སྙུང་གཞི་་ངེས་མ་ཟིན་པས་བོད་ཡིག་ཁག་པོ་འདུག་ཟེར་བའི་སེམས་ནད་ཅན་དེ་དག་གི་ཆེད་དུ་ང་ཚོ་འདི་ལྟར་ཨུ་ཚུགས་ཀྱིས་ལམ་ལ་ཆས་བ་ཡིན་ནོ།
ང་ཚོ་འདི་ལྟར་ལམ་ལ་ཆས་སོང། ལྟེ་ཁྲག་མི་ཡུལ་ནས་འཕོས་ཤིང་སེམས་པ་གངས་རི་ལ་དུང་བའི་བརྩེ་སེམས་ཤིག་ལ་དབུ་ཁྱུད་བྲིས་ནས་ཆས་སོང། གཟུགས་པོ་མི་ཡུལ་དུ་གནས་ཀྱང་བསམ་བློ་བོད་ཡུལ་ལ་ཕྱོགས་པའི་སེམས་རིས་ཤིག་ལ་གློ་སྙིང་གཏད་ནས་ཆས་སོང། སྐད་ཡིག་སྣ་འཛོམས་བསླབས་ཀྱང་གསུངས་དབྱངས་བོད་སྐད་ལ་དགའ་བའི་འདུ་ཤེས་ཤིག་ལ་སེམས་པ་གླན་ནས་ཆས་སོང་མོད། ང་ཚོའི་གཡས་གཡོན་ན་ད་དུང་ཡང་རང་ངོ་མི་ཟིན་པའི་བྱིས་པ་ར་བཟི་ཅན་མང་ནའང་། ང་ཚོས་ང་ཚོ་ལ་དབང་བའི་བསམ་བློ་འདིའི་འཁོར་རྒྱུག་འོག་ནས་རང་ཉིད་ཀྱི་སེམས་གཏམ་ཤུགས་ཀྱིས་གྱེར་ངེས། ང་ཚོས་འདི་ལྟར་རང་ཉིད་ཀྱི་སེམས་གཏམ་ཨུ་ཚུགས་ཀྱིས་གྱེར་དགོས་པ་དེ་ཡང་བྱིས་པ་ར་བཟི་ཅན་དེ་དག་གི་ཆེད་དུ་ཡིན། ནད་རྙིང་ལྕི་དྲགས་པས་རང་ངོ་མི་ཟིན་པའི་བྱིས་པ་ར་བཟི་ཅན་དེ་དག་གི་ཆེད་དུ་ང་ཚོ་འདི་ལྟར་ཨུ་ཚུགས་ཀྱིས་ལམ་ལ་ཆས་པ་ཡིན་ནོ།།
ང་ཚོ་འདི་ལྟར་ལམ་ལ་ཆས་སོང། རང་ལོ་བཅུ་གསུམ་བཅུ་བཞི་ཡི་ན་ཆུང་བྱིས་པ་ང་ཚོས་མེས་པོ་ཚོའི་ལོ་རྒྱུས་ཀྱི་དར་ཤིང་བསྒྲེངས་ནས་ཆས་སོང། ན་ཚོད་བཅུ་གསུམ་གྱི་བྱིས་པ་ང་ཚོས་མ་ནི་ཡིག་དྲུག་ལ་མིག་ཟུང་གཏད་ནས་ཆས་སོང་མོད། ང་ཚོའི་མིག་མདུན་ནི་ད་དུང་རབ་རིབ་ཀྱི་ལེ་དབར་སྟོང་ཕྲག་གི་ལམ་བུའི་ཆོད་ཡོད་པས་ན། ང་ཚོ་དང་ང་ཚོ་ལ་བློ་ཉེ་བའི་འགོ་འཁྲིད་དང་ཡིད་ཆེས་ཀྱིས་ཕྱུག་པའི་སྤུན་གྲོགས་དེ་དག་གི་སྤྱན་ཟུང་ནས་ནམ་ཡང་ང་ཚོ་མ་དོར་རོགས་། ང་ཚོ་ནམ་ཡང་ཁྱོད་ཚོ་དང་འགྲོགས་ནས་ཡོད་ལ། ང ཚོ་ནམ་ཡང་ཀ་ཁའི་རོལ་དབྱངས་དང་འཐིམས་ནས་ཡོད་དོ།།
མི་ཡུལ་གྱི་བརྩེ་སེམས།
བསྟན་འཛིན་སྣང་སྐྱིད། རང་ལོ་༡༤ འཛིན་གྲྭ ༩
ང་ལ་དེ་སྔོན་བྱམས་བརྩེ་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད། སྐབས་དེའི་དགུན་ཁར་ངའི་ཁྱིམ་མི་ཚང་མ་མེ་ལྕེ་དམར་པོ་འབར་བའི་ཐབ་ཀར་བསྐོར་ནས་ཨ་ཕའི་དགོད་བྲོའི་གཏམ་རྒྱུད་བཤད་པ་ལ་ཉན་དུས་ངའི་བསམ་པར་ང་ནི་འཇིག་རྟེན་འདིའི་ཐོག་སྐྱིད་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་ཁྱིམ་ཚང་ཞིག་ལ་འཚོ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ཡིན་ནའང་ཉིན་དེའི་ཕྱི་དྲོར་ང་ཚོའི་སློབ་གྲྭ་དབུ་བརྙེས་པའི་མཛད་སྒོར་བྱུང་བ་དེ་ནི་བུ་མོ་ང་ལ་མཚོན་ན་ཆག་སྒོ་ཞིག་སྟེ་ངའི་བྱམས་ལྡན་གྱི་ཨ་ཕ་དེ་འཇིག་རྟེན་འདི་ནས་ཁ་བྲལ་བར་བྱས། དུས་དེ་ནས་བཟུང་ངའི་ཁྱིམ་གྱི་ཆར་རླུང་འགོག་པའི་སྡོང་ཆེན་དེ་མེད་པར་གྱུར་སོང་ལ་། ང་རང་ཡང་ས་ལ་འགྱེལ་ཚེ་ལག་པས་བསྐྱོར་ནས་ཡར་ལངས་སུ་འཇུག་མཁན་དེ་ཡང་མེད་པར་གྱུར་སོང། སློབ་སྦྱོང་བྱས་པའི་ཁྲོད་དུ་དཀའ་ངལ་འཕྲད་ཚེ་ལག་པས་འཁྱུད་དེ་ཡི་གེ་བསླབ་མཁན་དང་། བྱམས་བརྩེ་ངང་སྐུལ་མ་བྱེད་མཁན་དེ་ཡང་མེད་པར་ཆགས་སོང་བས། སློབ་སྦྱོང་བྱེད་པའི་སྐབས་སུ་ཨ་ཕ་ཡང་ཡང་དྲན། ཨ་ཕ་འདས་རྗེས་ངའི་ཨ་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་ཉིན་གང་བོར་མིག་ཆུ་བར་མེད་དུ་བཞུར། ཉིན་ཞིག་ལ་ཨ་ཅེ་དེ་ཡང་ཆ་མི་ཚང་བའི་ཁྱིམ་ཚང་འདི་དང་གཏན་བྲལ་བྱས་ཏེ་སློབ་གྲྭ་གཞན་ཞིག་ཏུ་གོམ་ཁ་བསྒྱར་སོང་ལ། ཉིན་དེ་ནས་བཟུང་ང་རང་ཕ་མེད་ཀྱི་དྭ་ཕྲུག་ཅིག་ཏུ་གྱུར་ཅིང། དྲོད་ཀྱིས་ཁེངས་པའི་ཁྱིམ་ཚང་དེ་དང་ཤུན་ཏུ་རྒྱང་ཐག་རིང་བའི་སྣང་བ་ཞིག་གིས་མནར་ཡོད་སྐབས། སྟབས་མ་ལེགས་པར་ལོ་ན་རྒས་པའི་རྨོ་ལགས་ཀྱང་ནད་ཀྱིས་མནར་ཏེ་ཉལ་སར་ལྷུང་ཞིང་ཅང་མ་འགོར་བར་ཕྱི་མའི་ལམ་དུ་གཤེགས། དེ་དག་ནི་དངངས་འཚབ་ཆེ་བའི་རྨི་ལམ་ཞིག་དང་འདྲ་བར་བུ་མོ་ངའི་མིག་མདུན་དུ་བསྐོར་བྲོ་འཁྲབ་པ་དང་ཀུན་ནས་མཚུངས། མི་འདོད་པའི་ཆག་སྒོ་དེ་དག་མུ་མཐུད་ནས་བྱུང་སོང་བས་ན། ང་དང་ལོ་ན་བཞི་བཅུ་ལྷག་ཙལ་ལ་སོན་པའི་ཨ་མ་ངེད་གཉིས་ཀྱི་མིག་ཁར་ལྷུང་བའི་སྡུག་བསྔལ་ཞིག་རེད་ཨང། ཨ་མ་དང་ངེད་གཉིས་ཀྱིས་ཉིན་ཤས་རིང་ལ་སྡུག་བསྔལ་དེ་དག་དོན་དངོས་ཤིག་ཡིན་པར་ངོས་འཛིན་བྱས་མ་ཐུབ་པར་ཡུན་རིང་འགོར་ནའང། ཡིད་སྐྱོ་བའི་མིག་ཆུའི་རྒྱུན་དང་མཉམ་དུ་ཡིད་ཆེས་མ་བྱེད་ཐབས་མེད་དུ་གྱུར། དེ་རྗེས་ངའི་ཁྱིམ་དུ་བརྩེ་བའི་དྲོད་སྣང་མེད་ལ་དགོད་སྒྲ་དང་བདེ་སྐྱིད་ཀྱང་པ་སྨོས་ཅི་དགོས། ང་འཇིག་རྟེན་གྱི་ཕྱི་ལུགས་དང་འབྲེལ་བའི་ལས་ཀ་བྱེད་དུས་མི་སུ་ཡིན་ཡང་ཨ་ཕ་དང་འདྲ་བར་ང་ལ་སློབ་གསོ་གཏོང་མཁན་ཞིག་གམ་ཡང་ན་སྐྱོན་བརྗོད་ནན་མོ་བྱེད་མཁན་ཞིག་བྱུང་ན་ཅི་མ་རུང་སྙམ་བྱུང། སྐྱོ་བའི་མིག་ཆུ་བཞུར་དུས་མི་སུ་ཡིན་ན་ཡང་ཨ་ཅེ་དང་འདྲ་བར་སེམས་གསོ་བྱེད་མཁན་ཞིག་བྱུང་ན་སྙམ། ཨ་མའི་ལུས་ཕུང་ནི་ཉིན་གཅིག་གི་དུས་ཡུན་ལས་མ་འདས་པར་ཉམས་ཤིང་རྒས་ནས་མིག་གིས་ཀྱང་གསལ་བོར་མི་མཐོང་བའི་ཚོད་དུ་བསླེབས་། འཚོ་བ་དང་ངའི་སློབ་ཡོན་གྱི་ཆེད་དུ་ཁོ་མོས་དགེ་རྒན་བྱས་ནས་དངུལ་གསོག་ཐབས་བྱས་ནའང། ཁོ་མོས་དགེ་རྒན་བྱས་པའི་གླ་ཆ་ཚང་མ་ཨ་ཅེ་དང་ངེད་གཉིས་ཀྱི་སློབ་ཡོན་དུ་བཏང་རུང་ད་དུང་དེས་ག་ལ་འདང། ངའི་འཚོ་བའི་ཆེད་དུ་རིམ་བཞིན་ཨ་མ་ལགས་ཀྱི་ལུས་ཕུང་གཅོང་པོར་གྱུར་བ་དང་ཨ་མའི་ངོ་གདོང་དང་ཁྱར་ཁྱོར་དུ་འགྲོ་བའི་གཟུགས་རིས་མཐོང་ཐེངས་རེར་ངའི་ཡིད་ལ་བཟོད་གླགས་བྲལ་བའི་སྡུག་བསྔལ་གྱིས་མནར་ཞིང། དགུན་ཁ་ཧྲིལ་བོར་ཁོ་མོས་ཧ་ཅང་སྲབ་པའི་ཕྱུ་པ་གྱོན་ཡོད་པས་ངས་ཨ་མ་ལགས་ཁ་ལག་ཉུང་ཙམ་བཟོས་ནས་དངུལ་འགའ་བསགས་རྗེས་ཁྱེད་ལ་དགུན་དུས་སུ་གྱོན་རྒྱུའི་སྟོད་ཐུང་ཞིག་ཉོས་ན་བཟང་ཞེས་བཤད་པ་ན། ཨ་མའི་རྩུབ་རགས་ལྡན་པའི་ཕྱག་ཟུང་གིས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་ཁོ་མོ་གྲང་གི་མི་འདུག་ཟེར། ཁོ་མོས་དེ་ལྟར་སྨྲས་པ་དེ་ང་ལ་སེམས་གསོ་གཏོང་ཆེད་དུ་ཡིན་པ་ངས་ཀྱང་ཤེས། མ་གཞི་འཇིག་རྟེན་འདིའི་ཐོག་ཏུ་དགུན་ལྷག་དང་འཁྱག་རོམ་གྱི་ཁྲོད་དུ་མི་འཁྱག་པའི་མི་ཞིག་གང་ཡོད་། གང་ལྟར་དེ་ལྟར་འཚོ་གིན་འཚོ་གིན་འཁྱོལ་ཙམ་བྱུང་ནས་ད་ཆ་ང་རང་འཛིན་རིམ་དགུ་པ་བསླེབས་ཟིན་ལ་ཨ་ཅེ་ཡང་མཐོ་སློབ་ཏུ་བསྐྱོད་རན་སོང། ངས་འདི་ནས་སློབ་ལ་བརྩོན་ཏེ་ཡང་བསྐྱར་ངའི་དྲིན་ཅན་གྱི་མ་ལོ་དེ་བདེ་སྐྱིད་དང་དྲོ་སྐྱིད་ལྡན་པའི་ཁྱིམ་གཞི་གསར་བ་ཞིག་འཛུགས་རྒྱུ་ནི་ངའི་མཐའ་འཇུག་གི་རེ་བའོ།།

སྣ་ཚོགས།

Post navigation

Previous Post: དཔར་ཐེངས་བཞི་པ་གང་ནས་ཐོབ་ཀྱིན་ཡོད་ཅེས་པའི་ལན།
Next Post: བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོ་ཞེས་པ་མཚམས་སྦྱོར་ཙམ་ཞུ་བའི་སྐོར།

Comments (6) on “ང་ཚོ་འདི་ལྟར་ལམ་ལ་ཆས་སོང།”

  1. གཞིས་ཆགས་བུ། says:
    2012-07-25 at 12:53 pm

    མི་ཡུལ་གྱི་བརྩེ་སེམས་ཟེར་བའི་རྩོམ་དེ་ཀློག་སྐབས་དབང་མེད་དུ་མིག་ཆུ་བཞུར་མྱོང། གོ་ཐོས་སུ་རྩོམ་ཡིག་དེའི་ནང་གི་ནང་དོན་དེ་ནི་ཁོ་མོར་དངོས་སུ་བྱུང་བ་ཞིག་ཡིན་འདུག

    དཔེ་སྟོན་དགེ་སློབ་ཡོངས་ལ་འཚམས་འདྲི་ཞུ། །

  2. མགོན་པོ་བཀྲ་ཤིས says:
    2012-07-25 at 1:56 pm

    ང་ཚོ་བོད་དོན་ཆེད་དུ་སྐུ་གཟུགས་མེ་ལ་སྒྲོན་མཁན་དེ་ཚོའི་འདྲ་པར་མཐོང་དུས་མིག་ཆུ་ཤོར་གི་ཡོད་མེད་མི་ཤེས་་་་་་་་་་་བྱིས་པ་ཆུང་ངུ་ཞིག་གིས་རྩོམ་ཡིག་ལ་མིག་ཆུ་ཤོར་སོང་ཟེར་ན་ཁྱོད་རང་གདོང་པ་རློན་པ་བྱས་ནས་བསྡད་དགོས་ཀྱིས་རེད

  3. རང་དབང་ཨ་རྡུ་མན་ says:
    2012-07-25 at 2:28 pm

    བུ་མོ་ཁྱེད་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པར་ཤོག །ནམ་ཞིག་ཁྱེད་དང་ཨ་མ་གཉིས་བདེ་སྐྱིད་དཔལ་ལ་རོལ་བར་ཤོག།

  4. མིག་བརྒྱད་པ། says:
    2012-07-25 at 3:12 pm

    རང་ལོ་༡༤ ་ཅན་གྱི་བུ་མོ་བསྟན་འཛིན་སྣང་སྐྱིད་ཀྱིས་ཚོར་བའི་སྣང་ཚུལ་ངོ་མ་ཇི་བཞིན་བྲིས་འདུག །ལོ་ན་ཆུང་བས་འདི་འདྲ་འབྲི་ལོབས་པ་དེ་ཡག་པོ་རེད། དྭ་ཕྲུག་ཁང་གི་གློག་བརྙན་ཟེར་བ་དེ་ཡིད་ལ་འཆར་འོང་གི

  5. གཞིས་ཆགས་བུ། says:
    2012-07-26 at 1:10 am

    མགོན་པོ་བཀྲ་ཤིས་ལགས། དེ་འདྲ་མགོ་མཁྲེགས་པོ་མ་བྱེད་ལོ། དེར་བརྟེན་མི་རྣམས་ཀྱིས་༌༌༌༌༌༌༌༌༌༌ཟེར་གྱི་འདུག་ག
    ཧ་ཧ་ཧ་ཧ

    གལ་གནང་གི་མ་རེད། འཛམ་གླིང་འདིར་སླེབས་ནས་དུས་ཚོད་མང་པོ་ཕྱིན་མེད་པའི་རྟགས་རེད། མགྱོགས་པོ་ཆེན་པོ་ཆགས་ཀྱི་རེད། སེམས་པ་སྐྱིད་པོ་བྱེད་ནས་སྡོད་ཨ་།།།།།།།།།

  6. མིག་བརྒྱད་པ། says:
    2012-07-26 at 2:41 am

    རྩོམ་དེ་བཀླགས་ནས།
    ཕ་མ་མེད་པའི་ཕྲུ་གུ་སྙིང་རེ་རྗེ།།རང་གི་འདུག་རོགས་ཀ་ཁའི་དབྱངས་རྟ་ཡིན།།འཇིག་རྟེན་འཚོ་བ་སྐྱིད་སྡུག་འདྲེས་མ་ལ།།བསམ་ཞིང་བསམ་ནས་ང་ཡང་མིག་ཆུ་ཤོར།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme