Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་དུས་ཀྱིས་དེད་བྱུང་།

Posted on 2009-05-07 By དགེ་རབ་ 4 Comments on ང་ཚོ་དུས་ཀྱིས་དེད་བྱུང་།

ཨ་རིག་འགྱུར་མེད་ཀྱིས།
——–

རྒྱ་ནག་གིས་ནམ་ནམ་ཞར་ཞར་ལ་ང་ཚོ་དུས་རབས་ཉེར་གཅིག་པའི་ཀླ་ཀློའི་དཔུང་ཚོགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་པའང་མཚམས་རེར་ཁག་མི་འདུག་སྙམ་པ་ཞིག་འདུག དེ་ནི་ང་ཚོས་དེ་ལས་ལྡོག་པའི་ལས་ཤིག་བགྱི་མི་ཤེས་པས་ཡིན།
ཉིན་དེ་རིང་ནས་ཕྱིར་བརྩིས་པའི་མི་ལོ་བཅུ་ཕྲག་གཅིག་ལྷག་གི་གོང་དུ་ངའི་ཕ་ཡུལ་གྱི་འབྲོག་པ་མང་ཚོགས་ཚོས་བྱིས་པ་ཚོ་དགོན་པར་སྐྱེལ་བའི་ལུགས་སྲོལ་ལས་སློབ་གྲྭར་གཏོང་བའི་ལུགས་སྲོལ་ཞིག་མི་འདུག་ལ། རྐྱེན་དེའི་དབང་གིས་ད་བར་ངའི་ཕ་ཡུལ་དུ་མཛུབ་མོ་འཛུགས་ཆོག་ཆོག་གི་ལས་བྱེད་པ་དང་རྩོམ་པ་བོ་ཞིག་ཀྱང་བྱུང་མྱོང་མེད། དེ་ནི་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ལས་ཟོག་ལུག་གི་རྫི་བོ་བྱེད་འཇུག་པ་དང་། བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ལས་འབྲི་མཛོ་མོ་འཇོ་འཇུག་པས་ཀྱང་རེད།  
ང་རང་ལོ་བཅུ་གཉིས་ལ་སོན་སྐབས་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་ལས་བྱེད་སུམ་བཅུ་ལྷག་ང་ཚོའི་དགོན་པར་ཟླ་གཅིག་རིང་གི་ཆབ་སྲིད་སློབ་གསོ་སྤེལ་དུ་སླེབས་སོང་ལ། སྐབས་དེར་ང་དགོན་པའི་གྲྭ་མང་ཁྲོད་ཀྱི་ལོ་ན་ཆུང་ཤོས་དེ་ཡིན་སྟབས་ཁོང་ཚོས་སློབ་གསོ་སྤེལ་རིང་དགོན་པ་ནས་ཕྱིར་འབུད་ཀྱིས་ཕྱིར་འབྲོག་ཕྱོགས་སུ་མངགས་སོང་། ཁོང་ཚོས་ང་ལ་ཁྱོད་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པ་རེད། གྲྭ་པ་བཅའ་འདོད་ན་རང་ལོ་བཅོ་བརྒྱད་ལ་ལོན་སྐབས་བཅའ་ཆོག་གི་རེད་ཅེས་ཟེར། ང་ནང་དུ་འབྱོར་མཚམས་ངས་ཨ་མར་དེ་དོན་ཞུས། ཡིན་ནའང་། ཨ་མས་ང་སློབ་གྲྭར་གཏོང་བ་ལས་ངའི་མིག་འདུན་ནས་གྲྭ་བ་ལོག་བཞག་ཀྱང་སྐྱོན་མི་འདུག་ཅེས་ལྗགས་ལན་གནང་བྱུང་། གྲྭ་བ་ཟེར་བ་དེས་སྐབས་དེར་སྤྱི་ཚོགས་འཚོ་བའི་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ཀྱང་སློབ་གྲྭར་གཏོང་བ་ལས་གོ་གནས་དེ་བློས་གཏོང་བྱ་འཇུག་རྒྱུར་ངས་ཨ་མ་འཐད་གི་འདུག རང་གི་སྙིང་ནས་བརྩེ་བའི་བུ་ཆུང་སློབ་གྲྭར་སྐྱེལ་བ་ལས་གྲྭ་པ་ལོག་ཀྱང་སྐྱོན་དུ་མི་ལྟ་བའི་ངའི་ཨ་མའི་བསམ་བློ་དེ་ལྟ་བུ་ཅན་ནི་སྐབས་དེར་གང་མང་མང་རེད། དེ་བཞིན་སྐབས་དེར་ཞིང་ཐོག་ཏུ་ཡོད་པའི་སློབ་གྲྭའི་ནང་ང་ཚོའི་སྡེ་བ་དང་ཉེ་འཁོར་གྱི་སྡེ་བ་ཁག་གི་སློབ་མ་གྲངས་ཀྱིས་ཟིན་པ་ཙམ་ལས་མེད།
ཡིན་ནའང་། ཁ་སང་དེ་རིང་ཕྱིར་ཕ་ཡུལ་དུ་ཁ་པར་བཏང་ནས་སྐད་ཆ་དྲིས་ན་བུ་ཕྲུག་རང་ཉིད་ཚོས་འཇོན་ཚེ་སློབ་གྲྭར་གཏོང་མི་གཏོང་གི་སྐད་ཆ་མི་འདུག བྱིས་པ་ཚང་མ་སློབ་གྲྭར་སྐྱེལ་གྱིན་འདུག འདི་འགྱུར་ལྡོག་ཆེན་པོ་ཞིག་རེད་ལ། ངས་རང་གི་ཕ་ཡུལ་ནས་ཀྱང་ལོ་ངོ་བཅུ་ཕྲག་འགའི་རྗེས་ནས་ས་ཁུལ་གཞན་དག་ལྟར་ཡིག་རྨོངས་པའི་ཁ་གྲངས་ཅུང་ཉུང་དུ་འགྲོ་བའི་རེ་བ་རྒྱག་བཞིན་ཡོད།
དེ་བཞིན་སྐབས་དེར་ང་ཚོའི་དགོན་པར་གྲྭ་བ་དེང་རབས་ཀྱི་བསམ་བློ་མངའ་ཞིང་དབང་ཚད་ཡོད་པ་འགས་གོ་སྒྲིག་འོག་ལོ་རེའི་ཟླ་གཉིས་གསུམ་རིང་སུམ་རྟགས་དག་གསུམ་གྱི་འཛིན་གྲྭ་རེ་འཚོགས་རྒྱུ་བྱས་སོང་། ཡིན་ནའང་། སྐབས་དེར་བླ་རྒན་བགྲེས་སོང་ཡོངས་ཀྱིས་དེ་ལྟ་བུའི་བཅོས་བསྒྱུར་ལ་གཏན་ནས་མི་འཐད་པའི་དགག་རྒྱག་གནང་བྱུང་ལ། ཁོང་རྣམ་པ་ཚོས་ད་དུང་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་མི་སྦྱངས་པར་སུམ་རྟགས་དག་གསུམ་སྦྱངས་ནས་འགྲོ་དོན་སྐྱོང་ཐུབ་ཀི་མ་རེད་ལ། རང་ཉིད་ལའང་ཚེ་འདི་ཕྱི་དང་ཆོས་འཇིག་རྟེན་གང་ཐད་ནས་ཀྱང་ཕན་གི་མེད་ཚུལ་གསུངས་བྱུང་།
ཏག་ཏག་ལོ་ངོ་འགའི་ཡར་སྔོན་དུ་བཙན་བྱོལ་དུ་ཡོད་པའི་གདན་ས་ཁག་ཏུ་ལག་ཁྱེར་ཁ་པར་བཀགས་པ་རེད། ཡིན་ནའང་། དུས་ཀྱིས་དེད་ཅིང་ཚན་རིག་གིས་སྒོ་འགྲམ་དུ་བསྐྱལ་ཡོང་བའི་དངོས་པོ་ཆུང་ཆུང་འདིས་ང་ཚོ་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཟིན་སྟབས། ང་ཚོས་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཐབས་བྲལ་བ་རེད། དེའི་སྟབས་ཀྱིས་དེང་སང་ལག་འཁྱེར་ཁ་པར་བསྣབས་མེད་པའི་གྲྭ་པ་ཧ་ཅང་དཀོན་པོར་གྱུར་ཡོད། དེ་བཞིན་ལོ་ངོ་གཅིག་དང་གཉིས་ཀྱི་གོང་དུ་གདན་ས་ཁག་གི་གྲྭ་ཤག་ཏུ་གློག་ཀླད་ཉར་མི་ཆོག་པའི་སྒྲིག་གཞི་ཞིག་བཟོས་ཡོད། ཡིན་ནའང་། འཛམ་གླིང་ཡོངས་བརྡ་འཕྲིན་དུས་རབས་སུ་འགྱུར་གྱིན་པ་དང་མི་ཚང་མས་མིག་འབྲས་གཉིས་དང་རྣ་བ་གཉིས་གློག་ཀླད་ལ་སྦྱར་ནས་འཁྲིས་ཀྱི་གྲོགས་པོ་དག་ཀྱང་མི་དགོས་པའི་ཚོད་དུ་ཡོད་སྐབས་འདིར་གློག་ཀླད་མི་དགོས་ཟེར་ན་གླེན་རྟགས་རེད་ལ། འདི་འགོག་གི་ཡིན་ཟེར་ན་བླུན་རྟགས་ཤིག་རེད། ད་ལྟ་དགོན་སྡེ་ཁག་གི་གྲྭ་བ་ཚོས་བོད་ཡིག་གི་དྲ་རྒྱ་སྔོག་འདོན་དང་བསམ་འཆར་སྤེལ་བ། ཟིན་བྲིས་འབྲི་བ་སོགས་ཀྱིས་བརྒྱ་ཆ་ལྔ་བཅུ་ཡན་ཟིན་གྱི་ཡོད་པས། ངས་མི་རིང་བར་གྲྭ་ཤག་ཏུ་གློག་ཀླད་ཉར་མི་ཆོག་པའི་སྒྲིག་ཁྲིམས་འདི་ཕྱིར་བསྡུ་བྱ་སྲིད་པའི་ཡིད་ཆེས་བྱ་རྒྱུ་ཡིན། ལྷག་པར་འདི་ལོ་གྲྭ་བློ་བཟང་སྨོན་ལམ་ལྟ་བུའི་ཚན་རིག་པ་ཞིག་གིས་སྤྱི་ཚོགས་ཁྲོད་ནམ་ནམ་ཞར་ཞར་ལ་གློག་ཀླད་ཆེད་སྦྱོང་གན་དང་འདི་ཐོན་པ་དང་། ལག་ཁྱེར་འདི་དང་གན་ཡོད་ཟེར་མཁན་གྱི་རིགས་གཅིག་རྐང་འཛིན་པ་དག་ལ་མི་མངོན་པའི་དབྱིངས་ནས་འགྲམ་ལྕག་ཅིག་བཞུས་པ་དང་དུས་མཚུངས་དགོན་སྡེ་ཁག་གཙོས་སྤྱི་ཚོགས་ཡོངས་གཉིད་ལས་དཀྲོགས་བྱུང་ལ། མི་རིང་བར་སེར་སྨད་གྲྭ་ཚང་རང་ངོས་ནས་གོ་སྒྲིག་གིས་གྲྭ་བློ་བཟང་སྨོན་ལམ་ལགས་ལ་གློག་ཀླད་ཟབ་སྦྱོང་གི་འཛིན་གྲྭ་ཞིག་གོ་སྒྲིག་བྱ་རྩིས་འདུག་པས། ངས་སེ་ར་དགོན་པ་གོམ་གང་མདུན་སྐྱོད་བྱས་ཟིན་པ་ཚོར་བྱུང་། དེ་གཅིག་པུ་མ་རེད། སེ་ར་དགོན་པ་ལྟ་བུར་མཚོན་ན་ལོ་འགའི་སྔོན་ནས་བཟུང་བོད་སྐད་ཡིག་སུམ་རྟགས་དག་གསུམ་དང་། རྒྱ་དབྱིན་གཙོས་སློབ་ཚན་མང་བོ་ཞིག་ཟུར་ཁྲིད་བྱ་མུས་སུ་ཡིན་པས། དེང་རབས་ཅན་ལ་ཁ་ཕྱོགས་ཟིན་པའི་དགོན་པ་ཞིག་ཏུ་ངོས་འཛིན་མི་བྱེད་རང་བྱེད་རེད།
ཡང་ཕྱིར་འདང་ཞིག་བརྒྱབ་ན་དེང་སྐབས་ཕ་ཡུལ་གྱི་ཞིང་འབྲོག་ཁུལ་གྱི་དགོན་པ་ཆེ་ཆུང་ཚང་མར་མདུན་སྐྱོད་དང་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཀྱིན་ཡོད་ཚོད་འདུག གྲྭ་པ་ཚོས་ཐུན་མོང་བོད་ཀྱི་སྐད་ཡིག་སྦྱངས་པ་དང་རྒྱ་དབྱིན་གང་སྦྱངས་ཀྱང་སྔར་ལས་ཅུང་ཀུ་ཡངས་དང་རང་དབང་གི་ཁོར་ཡུག་ཅིག་ཡོད་ཚོད་འདུག་ལ། བལྟས་བལྟས་རིག་རིག་ཏུ་འདས་པའི་ལོ་འགའི་རིང་ངའི་ཕ་ཡུལ་ལྟ་བུའི་འབྲོག་ཁུལ་གྱི་དགོན་པ་དེ་ནས་ཀྱང་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ནས་མཐར་ཕྱིན་མཁན་གྱི་གྲྭ་པ་བཅུ་ཕྲག་ལྷག་བྱུང་བ་དེས་ཀྱང་མཚོན་ནོ། ། ཡིན་ནའང་། ཡར་རྒྱས་ལ་མཐའ་ཞིག་མེད་པས་ང་ནི་འདི་ལྟ་བུ་ཙམ་གྱིས་འདོད་པ་ཁེངས་མི་སྲིད།
འདི་ལྟར་བསམ་ན་བོད་ཕྱི་ནང་གཉིས་ལ་བུ་ཕྲུག་སློབ་གྲྭར་སྐྱེལ་བ་དང་གྲྭ་བས་རིག་གནས་སྦྱོང་བའི་ཁོར་ཡུག་ཅིག་བསྐྲུན་ཚར་འདུག་ལ། ལྷག་པར་དུ་བརྡ་འཕྲིན་དུས་རབས་སུ་འབོད་པའི་དུས་རབས་གཉེར་གཅིག་པའི་ཉེར་མཁོའི་ཅ་ལག་སྟེ། གློག་ཀླད་ཀྱང་གྲྭ་པ་ཚོའི་ལག་གི་ཕྲེང་བ་དང་རིམ་གྱི་ཅ་ནེ་ལས་རྩ་ཆེན་དུ་འགྱུར་འདུག་པ་མ་ཟད། དྲ་རྒྱ་ཁོ་ན་ནི་ཁོང་རྣམ་པ་ཚོས་སྙིང་གཏམ་ལྷུག་ལྷུག་ཏུ་བཤད་སའི་སེམས་ཁོང་གི་དགའ་མ་རུ་གྱུར་འདུག་པས། ང་ནི་དགའ་སྤྲོས་མྱོས་བྱུང་། རེ་བ་རྙེད་བྱུང་ངོ་། །

རྩོམ་རིག

Post navigation

Previous Post: བོད་མི་ཚོས་གོ་སྐབས་བློས་གཏོང་མི་སྲིད།
Next Post: དབྱངས་རྟ་འདི་གང་ནས་བཞུར།

Comments (4) on “ང་ཚོ་དུས་ཀྱིས་དེད་བྱུང་།”

  1. གསར་བརྗེ་སྐྱབས། says:
    2009-05-08 at 5:54 am

    མཆན་བུ་འདི་གསེར་གྱི་གཟེངས་རྟགས་རྩོམ་ཡིག་གསར་བརྡ་ཞེས་པར་འདེབས་བསམ་ནའང་དྲ་གྲོགས་ཚོས་ཡིག་ནོར་གླེང་སྒང་ཡིན་ཐོག དེར་དབྱིངས་ཞུགས་ཚར་འདུག་པས་བར་ཆད་ཞུ་ཐུབ་མ་སོང་། བརྗོད་དོན་གྱི་ཆ་ནས་འདིར་བཏབས་ཀྱང་འགལ་བ་མི་འདུག འདིར་དེ་སྐོར་རང་གི་བསམ་ཚུལ་ཁ་ཤས་ཞུ།
    ༡༽དགུ་བཅུའི་ནང་འབྲལ་སྤུངས་སྒོང་མང་གི་ལྡུམ་རྭ་དུས་དེབ་དེ་གྲྭ་བའི་སྤྱི་ཚོགས་ཐོག་གི་སྒྱུ་རྩོམ་དུས་དེབ་ཐོག་མ་དེ་ཡིན་སྙམ། ལོ་ངོ་འདི་དག་རིང་གྲྭ་བའི་དུས་དེབ་དང་སྒེར་དེབ་སོགས་གྲངས་ཀྱིས་མི་ལོང་པ་ཞིག་ཐོན་དང་ཐོན་བཞིན་འདུག གོང་གསལ་རྩོམ་ཡིག་ནང་གློག་ཀླད་ཁྱབ་བརྡལ་བཀོད་པ་ལྟར་འདི་གྲྭ་བའི་སྤྱི་ཚོགས་རང་གི་ཐོག་ནས་བཤད་ན་ཧ་ལས་པའི་ཡར་རྒྱས་ཤིག་རེད། འོན་ཀྱང་རྩོམ་རིག་རང་སྟེང་ནས་བཤད་ན་དེ་ཡར་རྒྱས་གང་ཡང་མིན་ཐོག་དུས་དེབ་ཅི་ཙམ་ཇེ་མང་དུ་སོང་ན་དེ་ཙམ་གྱིས་རྗེས་ལུས་ཀྱི་རྣམ་པ་ངོམ་ཡོང་གི་འདུག གྲྭ་བའི་རྩོམ་འབྲི་བ་མང་པོ་ཞིག་གི་རྩོམ་རིག་ཤེས་རྒྱ་ནི་ད་དུང་རྩོམ་རིག་ཟེར་ན་སྙན་ངག་དང་། སྙན་ངག་ཟེར་ན་བསྟོད་ཚོགས་ལས་གཞན་གང་ཡང་མི་གོ་བའི་བསམ་བློ་དང་འདུ་ཤེས་དེ་ད་དུང་མཐུག་ས་ནས་ལྷག་འདུག

  2. གསར་བརྗེ་སྐྱབས། says:
    2009-05-08 at 6:14 am

    ༢༽ བོད་པའི་གྲྭ་བ་དག་ལ་མཚོན་ན་གུས་བསྟོད་མཆོད་འབུལ་ནི་སྤྱིར་བཏང་གི་ཆོ་ག་ཞིག་རེད། དེ་ལས་ཀྱང་དཔེ་ཆ་བ་ཞིག་གི་ངོས་ནས་མཆོད་འབུལ་ལས་གུས་བསྟོད་ཀྱི་ཆོ་ག་འདི་བྱེད་ཀི་རེད། འདི་གཉིས་གང་ཡིན་ཡང་གྲྭ་བ་ཚོར་མཚོན་ན་སྤྱིར་བཏང་གི་ཆོ་ག་ཙམ་མ་ཡིན་པར་དེས་ཐ་ན་བྱང་ཆུབ་སྒྲུབ་པར་ཚོགས་བསགས་ཀྱི་དགེ་སྒྲུབ་ཀྱང་ཞོར་དུ་བྱེད་ཀྱི་ཡོད། གཅིག་བྱས་ན་དེ་ཞོར་མིན་པར་ཆེད་དུ་ཡིན་འགྲོ། གསེར་གྱི་རྟགས་མ་ཆེ་བཞེས་ཀྱི་བྱུང་བ་འདི་ལོ་རྒྱུས་ནང་ཐེངས་དང་པོ་མིན། འདི་འདྲའི་ཆོས་སྲིད་ཀྱི་མཛད་པ་སྐྱེས་ཆེན་ཁག་གིས་བསྐྱངས་པ་ང་ཚོར་བགྲངས་ཀྱི་མི་ལངས་པ་ཡོད། འོན་ཀྱང་བགྲངས་ཀྱི་ལོང་པ་གཅིག་ཡོད་པ་ནི་དེ་དག་ལ་དུས་ནས་དུས་སུ་གུས་བསྟོད་ཀྱི་རི་རབ་སྤུངས་རྒྱུ་དེ་གཅིག་བུ་ཡིན། བོད་པའི་གྲྭ་བ་འདི་ལྟར་གུས་བསྟོད་ཙམ་ལ་མགོ་འཁོར་ནས་བསྡད་ཡོད། ཆོས་ལུགས་གཞན་ཀྱི་གྲྭ་བས་གུས་བསྟོད་ལས་ལག་ལེན་གལ་ཆེན་པོ་བརྩི་གི་རེད་ལ། ཁོང་ཚོས་སྐྱེས་ཆེན་དག་གི་མཛད་རྗེས་ལག་ལེན་ལ་བསྟར་རྒྱུར་འབད་ཀི་རེད།

  3. གསར་བརྗེ་སྐྱབས། says:
    2009-05-08 at 6:42 am

    ༣༽ གསལ་བསྒྲགས་ནང་བཀའ་རམས་པ་ཚོས་འཛིན་གྲྭ་བཅུ་གཉིས་ཐོན་པའི་བོད་ཕྲུག་ཚོས་གཏོང་ཡིག་ཙམ་ལ་རང་སྐྱ་མི་ཐུབ་པ་སོགས་ཆེད་རྩོམ་བསྡུ་གི་ཡིན་ཟེར། འདིར་ང་རང་དགའ་དགོས་ས་གཉིས་འདུག དང་པོ་སྐུ་མདུན་གྱིས་བཀའ་ཟབ་གང་གནང་བ་དེ་གཞུང་དང་མི་དམངས། ཐ་ན་དགོན་སྡེ་ཁག་གིས་མ་འཇོན་ན་མ་གཏོགས་རང་ནུས་གྱིས་སྒྲུབ་བཞིན་པ་དེ་རེད། གཉིས་པ་ནི་གྲྭ་བ་ཚོ་ཡང་སྤྱི་ཚོགས་དང་ཁ་བྲལ་ནས་འདུག་རྒྱུ་ལས་སྤྱི་ཚོགས་གླེང་རྒྱུ་ལ་གོམ་པ་སྤོ་བཞིན་པ་དེ་རེད། འདི་གཉིས་ངས་གསལ་བསྒྲགས་ལས་མཐོང་བའི་ཡག་ས་དེའམ། གསལ་བསྒྲགས་དེས་ང་ལ་སྤྲད་པའི་རེ་བ་རེད། རེད་དེ། ངས་འདི་འདྲའི་ཆེད་རྩོམ་བསྡུ་མཁན་དེ་དགེ་བཤེས་བཀའ་རམས་པ་ཚོ་ལས་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་ཕྲུག་ཚོ་ཡིན་ན་འོས་སྙམ། རྩ་བའི་འཛིན་རིམ་བཅུ་གཉིས་ཐོན་པའི་བུ་ཕྲུག་གཅིག་གིས་གཏོང་ཡིག་ཙམ་རང་མགོ་མི་འཁྱོངས་པ་ཡག་རྟགས་གང་ཡང་མ་རེད། འོན་ཀྱང་བཀའ་རམས་པ་ཚོ་དང་བསྡུར་ན་དེ་གང་ཡང་མ་རེད། བོད་ཕྲུག་དེ་དག་ལོ་ཚོད་ཀྱི་སྟེང་ནས་བཅོ་ལྔ་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་ཙམ་རེད། སྦྱང་བྱའི་སྟེང་ནས་ཀྱང་སློབ་ཚན་བོད་ཡིག་གཅིག་བུ་མ་རེད། ཆེ་ཆུང་ལ་མ་ལྟོས་པའི་སློབ་ཚན་བདུན་བརྒྱད་རེ་འདུག མ་འོངས་མདུན་ལམ་གྱི་སྟེང་ནས་ཀྱང་བཀག་རྒྱ་ཆེ་ཙམ་ཡོད་པ་རེད། འོན་ཀྱང་དགེ་བཤེས་བཀའ་རམས་པ་ཚོ་དེ་ལྟར་མ་རེད། སྦྱང་བྱ་ནང་ཆོས་དེ་སྐད་ཡིག་བོད་ཡིག་གཅིག་བུའི་སྟེང་ནས་སྦྱང་གི་ཡོད་རེད། བཀའ་རམས་ཞིག་ཐོན་པར་ལོ་ངོ་བཅུ་བཅོ་ལྔ་ལས་ལྷག་དགོས་ཀྱི་རེད། ལོ་ཚོད་ཀྱང་དགུང་སྣ་སུམ་ཅུར་སོན་པའི་དགེ་བཤེས་རྐྱང་རྐྱང་རེད། འདི་འདྲའི་གནས་སྟངས་ཡག་པོ་ཞིག་གི་འོག་ནས་གསལ་བསྒྲགས་ཤིག་གི་རང་སྐྱ་མི་ཐུབ་པའམ་རང་མགོ་མི་འཁྱོངས་པ་འདི་སློབ་ཕྲུག་ཚོ་ལས་ཚབ་ཆེ་གི་རེད།

  4. མེ་སྒྱོགས་རྒྱ་མཚོ། says:
    2009-05-08 at 7:44 am

    བོད་ཀྱི་གྲ་བཙུན་དང་དགོན་སྡེ་མང་དྲགས་པ
    རྒྱ་རྒན་ཀྱི་དམག་མི་དང་དམག་སྒར་མང་དྲགས་པ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme