Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་དང་མའི་ཁ་མལ་ན་མེད་ཀི

Posted on 2016-10-022016-10-02 By ཁ་བརྡ་ No Comments on ང་ཚོ་དང་མའི་ཁ་མལ་ན་མེད་ཀི

ཨ་ཚོགས་མཁས་བཙུན།

 
བདག་གིས་འདིའི་ཁ་བྱང་ལ་སྐབས་རེར་<བོད་ཀྱིས་མིང་ནས་མི་འཛིན་པ་གཉིས་> ཞེས་ཟེར་བ་ནི་དོན་ལ་གབ་ཚིག་ཅིག་ཡིན། དེ་ཚང་མས་གཤམ་གྱི་བརྗོད་དོན་ལས་ཁེད་དགོས་ཀི་ཡོད་ཅིང་། ཡིན་རྒྱུ་ནི་ང་ཚོ་བོད་འདི་ཡུལ་སྲོལ་གོམས་གཤིས་རེད། ཆོ་ག་ཆ་ལུགས་རེད། གཉེན་སྟོན་གྱ་སྟོན་རེད། ཆེ་བཀུར་ཆུང་བརྩི་རེད། ལས་དཀར་ནག་གི་འཇུག་ལྡོག་རེད། ཕྱོགས་མང་པོ་ནས་དང་མའི་ཁ་མལ་ན་མེད་ཀི་ཞུ་བ་དེ་ཡིན།
གོང་བརྗོད་ཀྱི་ཕྱོགས་འདི་ཐམས་ཅད་པོའི་གནའ་བོའི་ཚུལ་ལུགས་གནས་སྟངས་དང་། ད་ལྟའི་བྱ་ཚུལ་བྱེད་ལུགས་ཐམས་ཅད་པོ་བརྗོད་དགོས་ན་གླང་ཆེན་གྱི་རྒྱབ་ཁལ་ལོངས་པ་ཞིག་ཆགས་འགྲོ་བས་མི་གཅིག་དང་གཉིས་ཀྱིས་བརྗོད་ཐུབ་ཡ་ཡོད་པ་མ་རེད་ལ། བརྗོད་རྒྱུའི་གྲ་སྒྲིག་ཀྱང་མེད། དེ་རིང་རང་གིས་བརྗོད་འདོད་པ་ནི་ཆེ་བཀུར་ཆུང་བརྩི་དང་། བསམ་བློའི་འཆར་ཕྱོགས་གཉིས་རགས་ཙམ་འཆད་ན་བསམ།

དེ་ཡང་རང་ཉིད་བསམ་ཤེས་ཐུབ་ཙམ་གྱི་སྐབས་དེ་ལ་ང་ཚོའི་ཡུལ་ལུང་འདི་འཚོ་བ་ཧ་ཅང་སྐྱོ་བོ་རེད། འགྲིམ་འགྲུལ་ཀྱང་སྟབས་བདེ་མ་རེད། ཡར་མར་འགྲོ་བ་ལ་རྟ་དང་བོང་བུ་ལ་རྟེན་དགོས་པ་དང་། ཁལ་མ་ཡང་གཡག་དང་རྟ་བོང་ཙམ་ཡིན། བཞོན་པ་ལྕགས་རྟ་དང་ཁལ་མ་ཤིང་རྟ་ཡིན་པ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་མཐའ་ན་ཡོད་པ་དེ་དག་ཡིན་ཡང་དེ་ཡང་མང་པོ་མེད། ས་དོག་ལུང་ཀྱོག་གི་རོང་འབྲོག་ས་ཆར་མཐོང་དཀོན་པོ་རེད། འགྲིམ་འགྲུལ་སྟབས་ཅུང་ཟད་བདེ་ས་དང་། ས་ཐག་རིང་པོར་འགྲོ་བ་ལ་རླངས་འཁོར་བསྒུག་དགོས། དེ་ཡང་འགྲུལ་སྐྱེལ་རླངས་འཁོར་ཧ་ཅང་དཀོན་ནི་རེད། དོ་སྐྱེལ་རླངས་འཁོར་སྒུག་ཅིང་དབྱར་ཆར་ཆུ་དང་དགུན་གྲང་སྒང་ལ་རླངས་འཁོར་གྱི་ཀླད་ལྟག་རྒྱབ་ཏུ་འདུག་རྒྱུ་མ་གཏོགས་མགོ་ཁང་དང་ནང་ལོགས་ལ་འདུག་རྒྱུའི་གོ་སྐབས་དཀོན་པོ་ཡིན། རླངས་འཁོར་ཁ་ལོ་བ་ཕལ་ཆེར་ཞིག་གིས་གླ་ཆ་མི་ལེན་ཐ། ལེན་ནི་རིགས་ཀིས་ཀྱང་ས་ལེ་བར་བརྒྱ་མ་ལོངས་ཙམ་ལ་དམངས་སྒོར་གཉིས་ནས་ལྔ་ཡིན།

སོ་ནམ་ཞིང་ལས་སྐབས་ལ་ལུད་ཟེར་བ་དང་ས་རག་ཟེར་བ་ལ་སོགས་པ་མིའི་སྒལ་བར་བརྟེན་ནས་འཁུར་དགོས་པ་དང་། ཁལ་མ་རྟ་བོང་གཡག་གསུམ་ལས་ཅི་ཡང་མེད། སྟོན་སྡུད་ལེན་སྐབས་ལའང་དེ་བཞིན་རེད། གནས་སྟངས་འདི་ཡང་ས་ཆ་ཚང་མ་མ་རེད། གྲོང་ཁྱེར་ཐག་ཉེ་ས་དང་རྒྱ་གྲོང་དེ་འདྲ་ལ་ཤིང་རྟ་དང་འདྲུད་འཐེན་འཁོར་ལོ་ཡོད་ནི་རེད་ཀྱང་མང་པོ་མེད། དེ་འདྲའི་འཚོ་བ་སྐྱོ་བོ་དང་འགྲིམ་འགྲུལ་བདེ་བོ་མེད་པ། ད་དུང་རིག་གསར་གླིང་ལོག་གི་འགུལ་བསྐྱོད་མང་བོའི་གནོན་ཤུགས་བཅས་རྐྱེན་ངན་རུ་འཛིང་བ་དེ་འདྲ་ཡིན་ཡང་། ཐམས་ཅད་དགའ་སྣང་སྤྲོ་སྣང་དང་། ཕན་ཚུན་ཡིད་ཆེས་དང་དགའ་མོས་ཡོད་པ་དང་། རོགས་རམ་འདེགས་དང་རྒྱབ་རྩ་རྒྱབ་གཉེར་བྱེད་པ་ཧ་ལས་པའི་ཡག་པོ་ཡོད། ཁྱིམ་ཚང་ཞིག་གིས་གཞིས་ཀ་གསར་བ་རེ་དང་། ཁང་བ་གསར་བ་དེ་འདྲ་བཟོ་བའི་སྐབས་ལ་སྡེ་བ་ཁ་ཚང་རོགས་རམ་འདེགས་ལ་ཐོན་ངེས་པ་དེ་འདྲ་ཡིན། དེ་ལའང་དབུལ་ཕྱུག་དང་ངོ་ཆེ་ཆུང་གི་ཁྱད་པར་ཅུང་ཟད་མ་རྒྱུག་རང་རྒྱུག་ཡིན་ཡང་། དེང་སང་ནང་བཞིན་ཕྲག་དོག་དང་ཞེ་གནག་པ་འདི་འདྲ་མིན། དེང་སང་རྒྱང་ནས་ལྟད་མོ་ལྟ་བུ་བལྟས་ཏེ་ཞེ་གནག་གིས་ཚུར་བཏུབ་མི་ཐུབ་པ་འདུག

སྐབས་དེ་དུས་ཆེ་བཀུར་ཆུང་བརྩི་འི་རྣམ་པ་ཡང་ཧ་ལས་པའི་ཡག་པོ་ཡོད། དཔེ་མཚོན་ཙམ་བཤད་ན། ལོ་ཉུང་རྟ་བཞོན་འདྲ་རྒན་པ་ལོ་ལོན་ལ་ལམ་ཐུག་བརྒྱབ་པ་ཡིན་ན་རྟ་ལས་བབས་ཏེ་ལམ་འོག་ལ་ལྡང་རྒྱུ་དང་། འགྲོ་ཕྱོགས་གཅིག་པ་ལ་བཞོན་པ་རྒན་པར་གཏད་ནས་བཞོན་འཇུག་པ་དང་། གང་ནས་རྒན་པ་ཞིག་ཐོན་པ་ལ་གཞོན་པ་རྣམས་ཡར་ལངས་ཏེ་གོང་དུ་འཇོག་པ་དང་། ཁྱིམ་གྱི་འགྲུལ་བའི་སྔུན་ལ་ཁྱིམ་བདག་མ་རྒྱང་ཚད་བར་དུ་འབུད་པ་དང་། རྟ་ཁའི་ལེན་ཚུལ་ཡག་པ་དང་ཁྱི་ཁ་འགོག་པ་ནན་པ་སོགས་ཧ་ལས་པའི་འགྲུལ་བརྩི་དང་གུས་སྲོལ་བཟང་བོ་ཡོད། འདི་གཅིག་ན་རང་རེ་བོད་ཁ་འཐོར་དུ་འདུག་ཡུན་རིང་བའི་རྒྱུ་མཚན་གྱིས་ཨེ་ཡིན་ནའང་བསམས། དེ་ནས་ཕོ་མོ་བར་ལ་ལོ་ཟླ་ཆེ་ཆུང་གིས་ངོ་སྲུང་རྒྱུ་ཟེར་བའི་འཛེམ་བྱ་ཆེན་པོ་དེ་འདྲའང་ཡོད། ཕོ་ལ་ཨ་བུ་དང་ཨ་ཁུ་ཟེར་རྒྱུ་དང་མོ་ལ་ཨ་ཅེ་དང་ཨ་ནེ་ཟེར་རྒྱུའི་ཕན་ཚུན་བརྩི་འཇོག་གི་གུས་ལུགས་བཟང་པོ་འདིའི་ཤན་ཤུགས་ཤིན་ཏུ་ཆེ། ཡིན་ནའང་། དེང་སང་གོ་ལྡོག་ནས་མིང་སྲིང་དང་ཨ་བ་ཨ་ཁུ་གཉེན་ཉེ་དུ་ཤིན་ཏུ་ཉེ་ས་ཞིག་མིན་ན། ལོ་ཆེ་ཆུང་དང་རྒན་གཞོན་ལ་ཁྱད་པར་གང་ཡང་མེད་ཅིང་ཆེ་ཆུང་གི་ངོ་སྲུང་རྒྱུ་ཟེར་བ་དང་དེའི་ཕྱོགས་ཀྱི་འཛེམས་དོགས་བྱ་རྒྱུ་ནི་ཕ་རིའི་ལ་རེད། རྒན་པ་རྒན་པའི་ས་ན་མི་འདུག གཞོན་པ་གཞོན་པའི་ས་ནས་མི་འདུག་པར་ཉོག་དཀྲུག་པ་ལྟར་རྟ་དང་བོང་བུ་ཁ་ར་གཅིག་དང་། ལུག་དང་ར་མ་སྒོ་ར་གཅིག་པའི་གནས་སྟངས་གནས་ཚུལ་གོ་ལྡོག་པ་མང་པོ་འདུག

དེ་ནས་བསམ་བློའི་འཆར་ཕྱོགས་ཀྱི་ཆ་ནི། རང་རེ་ནང་ཕན་ཚུན་ལ་ཅུང་ཟད་མ་འགྲིག་པ་རྒྱུ་མཚན་བགྱིས་ནས་ཞེ་གནག་པ་དང་། དེ་ལ་བརྟེན་པའི་ཕྲ་མ་འགལ་ཟླ་བཟོ་བ་དང་བཀལ་བ་ལོག་འགེལ་བྱེད་པ། སྔོན་ཆད་རྒྱ་གཏུགས་བོད་གཏུགས་བྱས་ཟེར་ན་འཛེམ་དོགས་རྣམ་རྟོག་ཟ་རྒྱུ་ཞིག་ཡིན་ཡང་། དེང་སང་ཏོག་ཙམ་གྱིས་ཀྱང་མགོ་ཐོགས་ཚད་དང་ཁ་ཡོད་ཚད་ཀྱི་ཁ་ན། “གོང་ལ་གཏུགས་བཤེར་བྱ་དགོས་ནི་རེད་ཟེར་རྒྱུ་ཞིག་”ལོབ་ཡོད་ཀི དེ་ཡང་རྒན་པ་ལོ་ལོན་ཚོའི་ཐུ་ན་མེད་ཁ་རེད། འདི་ཡང་གཅིག་བྱས་ན་བསམ་བློ་ཡར་རྒྱས་ཤིག་གི་སྔོན་འགྲོ་ཡིན་ཐང་།
འོན་ཀྱང་། གཞོན་པ་ཚོ་དེའི་ཚོད་ན་མེད་ཀི། སྤྱིར་ལྷ་ཡོད་ས་ན་འདྲེ་ཡོད་ཟེར་བའི་དཔེ་བཞིན་སྡེ་བ་རེ་དང་ཡུལ་ལུང་རེ་ན་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་གྱི་འདྲེ་རྒན་ཐུ་མོ་རེ་འཆར་ཅན་ཡོད་པ་ཞིག་ཡིན། འདྲེ་དེ་རིགས་ནི་མྱེ་གསོད་མྱེ་འབུད་གཉིས་ཀ་བྱེད་པའི་རིགས་དེ་ཡིན། ཉིན་མོ་ལྷ་དང་མཚན་མོ་འདྲེ་ལ་བརྫིས་ནས་འགྲོ་བས་རྣམ་པ་ཐམས་ཅད་དུ་ཚང་མས་གཟབ་དགོས། འདི་ནས་འཕྲོས་བཤད་རེ་བསྐུལ་་བྱ་དགོས་ཞིག་ལ་། ལྷ་རབ་ཕན་ཚུན་ལ་མ་ཉེས་ཁ་གཡོག་དང་གཞི་མེད་དཀྲོག་གཏམ་རིགས་མ་བཟོས་ན་ཞུ་བ་ཡིན།
ཡིན་ནའང། མིའི་ཚེ་འཚོ་བ་ཟེར་བ་འདིར་དགའ་མ་དགའ་ཕྱོགས་ཀྱི་གནས་ཚུལ་མང་པོར་ཐུག་སྲིད་པས་གལ་ཏེ་གླེང་ཉེས་དེ་འདྲ་འགེལ་དགོས་བྱུང་ནའང། དགྲ་དགའ་གཉེན་སྡུག་གི་ལས། རང་རེ་བོད་ཀྱིས་མིང་ནས་མི་འཛིན་པ་གཉིས་ཤིག་ཡོད་པ་དེའི་ཞྭ་མོ་མ་གཡོག་པ་ཞིག མི་རིགས་འདི་ལ་གུས་བརྩི་ལ་ཞེན་ཡོད་པ་དག་ལ་གདམས་ངག་གླེང་མོལ་ཚུལ་དུ་ཞུ་བ་ཡིན། དེ་མིན་མུ་མཐུད་འདི་ལྟར་སོང་ན་མོན་ཡུལ་རྡོར་གཅོད་ཀྱི་དཔེ་ལ་མི་འགྲོ་བའི་ངེས་པ་མེད་ཅིང་། དཔེ་མ་དག་པ་གཅིག་གིས་དཔེ་དག་པ་ཐམས་ཅད་ནག་བསུབ་ལ་གཏོང་འགྲོ་བས་གཟབ་འཚལ།

དེ་ནས་སྐྱེ་སྒོ་གཅོད་པའང་འགོག་པ་དེ་ཡིན། འདས་པའི་ལོ་དུ་མའི་རིང་ལ་རྒྱལ་ཁབ་གྱིས་འཆར་ལྡན་བུ་སྐྱེས་ཇུས་གཞི་ལག་སྟར་བྱས་པ་རེད། མི་རིགས་ཆེན་པོ་རྒྱ་མི་ཁོ་རང་ལ་བྱིས་པ་གཅིག་མ་གཏོགས་སྐྱེ་མི་ཆོག་པ་དང་། གྲངས་ཉུང་མི་རིགས་དག་ལ་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཅུང་ཟད་གུ་ཡངས་པོ་བྱིན་ཡོད་པ་ཡིན། འདི་འདྲའི་གུ་ཡངས་བྱིན་མིན་ལ་མ་ལྟོས་པར་བོད་རིགས་ལས་བྱེད་པ་དང་གྲོང་ཁྱེར་བས་རྒྱ་ལྟ་དང་རྒྱ་ཚུགས་བཏོན་ནས་བུ་ཕྲུག་གཅིག་མ་གཏོགས་སྐྱེ་མ་བཅུག་པ་རེད། དེའི་མཇུག་འབྲས་ནི་བུ་མོ་གཅིག་ཅན་ལ་ཤུལ་འཛིན་གཉོར་སྐྱོང་མེད་པའི་དཀའ་ངལ་དང་། བུ་ཕོ་གཅིག་ཅན་ལ་སྤུན་མཆེད་རྒྱབ་དཔུང་མེད་པའི་དཀའ་ངལ། བུ་དང་བུ་མོ་གང་ཡིན་ལ་མ་ལྟོས་པར་བུ་ཕྲུག་རང་ཉིད་ལ་ཕུ་བོ་ཨ་ཅེ་དང་། སྲིང་མོ་མིང་བོ་མེད་པའི་དཀའ་ངལ་བཅས་བྱུང་འདུག

གཞི་རིམ་སུའང་བུ་ཕྲུག་གཅིག་ཅན་ལ་གཟེངས་དངུལ་དམངས་སྒོར་ཉིས་སྟོང་སུམ་སྟོང་ཙམ་གྱི་ལག་འབབ་ཡོད་པ་ལ་དམིགས་ནས་སྐྱེ་སྒོ་གཅོད་པ་དང་འགོག་པ་སོགས་སྣ་སྣེ་མོ་ཞིག་བགྱིས་པ་ཚང་མས་ཤེས་གསལ་ལྟར། གོང་མཚུངས་ཀྱི་དཀའ་ངལ་དེ་དག་ཡོང་དང་ཡོང་ངེས་པ་གཏན་ཁེལ་བ་ཡིན། བདག་གིས་འདི་ནས་སྐྱེ་སྒོ་འགོག་གཅོད་འདིས་རང་མི་རིགས་རྩ་མེད་དུ་འགྲོ་རྒྱུ་ཡིན་པའི་སྐད་ཆ་མེད་ཅིང་། འགྲོ་བ་སེམས་ཅན་མིར་སྐྱེ་རྒྱུའིདཀའ་ངལ་འཕྲད་སྲིད་པའི་སྐད་ཆའང་མེད། གང་ཡིན་ཟེར་ན། ཚེ་ཕྱི་མ་ཟེར་ནོ་གཞུག་རེད། གྲོད་པུ་རློན་པ་མདུན་ཟེར་རྒྱུའི་གཏམ་དཔེ་དེ་ནང་བཞིན་ཡིན། མིག་སྔར་གྱི་འཚོ་བ་དངོས་ལ་བབས་ནས་བསམ་གཞིག་དང་འགུལ་གཅོག་བརྒྱག་རྒྱུ་དེ་གལ་ཆེ་བར་བསམས་པ་དེ་ཡིན།
དེ་བས་ཀྱང་ད་ལོ་ནས་བཟུང་རྒྱ་མི་རིགས་ཀྱི་བྱིས་པ་གཉིས་སྐྱེ་ཆོག་པ་དང་། གྲངས་ཉུང་མི་རིགས་ཀྱིས་བྱིས་པ་གཉིས་ཡན་སྐྱེ་ཆོག་པའི་ཇུས་གཞི་འདི་ཚང་མས་མ་གོ་མ་ཤེས་པའི་གནས་ལ་མི་འཇོག་པར། གོ་ཤེས་ཐུབ་པའི་སྒོ་ནས་སྔ་འདང་ཕྱི་འདང་མང་པོ་བརྒྱག་པའི་རེ་བ་ཡོད། བོད་རང་གི་གནའ་མིའི་གཏམ་ལའང་། གོ་ཁ་བུ་ཡིས་བཀང་། སྒོ་ཁ་རྒྱུ་ཡིས་བཀང་ཞེས་རང་གི་ཁྱད་ཆོས་ཤིག་དང་གཟི་བརྗིད་ཅིག་ལ་བརྩི་བ་འདིའང། རང་རེའི་མེས་པོ་དག་གིས་དཀའ་སྡུག་གི་ལོ་ཟླ་མང་པོའི་ཁྲོད་ཀྱི་མྱོང་སྣང་གི་སྡོམ་ཆེན་པོ་་ཞིག་ཡིན་པ་སྨྲས་མ་དགོས་པ་ཡིན། དེ་མ་གཏོགས་དེང་སང་གི་སྒོ་ཁ་རྒྱུ་ཡིས་བཀང་ན། གོ་ཁ་སྟོང་ནའང་སྟོང་བསམ་པ་ནི། གནའ་མྱི་རྐྱང་ཞིག་གིས་ཨ་ཕ་ཤི་ན་རང་ལ་རྐང་སྣམ་གཉིས་ཟེར་བ་དང་ཀུན་ནས་མཚུངས་པ་མ་ཡིན་ནམ།

རྒད་པོ་ཕྱིང་ཞྭ་ཅན་པོའི།།
གཏམ་རྙིང་ཚི་དྲེག་མ་བོ།།
ཕྱི་རབས་ནུབ་ལྭ་ཅན་ཚོར།།
ཕྱི་མིག་གཅིག་གི་ཚབ་ཡིན།།

༢༠༡༦ / ༩ / ༩ ཉིན།

རྩོམ་རིག

Post navigation

Previous Post: པ་བའི་བསྟན་བཅོས་གནས་ལུགས་ཚིགས་དྲུག་མདའ་མོ།
Next Post: བོད་ཚོ་ཁག་གསུམ་མམ་”ཆོལ་ཁ་གསུམ་”ཀྱི་ཀློག་འདོན་སྒྲ་གདངས་སྐོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme