Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་བོད་ཡིན་པས། སེམས་པ་གཟེར།

Posted on 2011-09-27 By ཁ་བརྡ་ 3 Comments on ང་བོད་ཡིན་པས། སེམས་པ་གཟེར།

བོད། ལྷ་ཀླུ་གཉན​་གསུམ།

སྐད་ཆ་ཟེར་བ་ནི་སྙིང་ལ་དགའ་སྐྱོ་སྟེར་བའི་བརྡ་རྟགས་ཟབ་མོ་ཞིག་ཡིན་དུས། ངས་དྲ་ངོས་སོ་སོ་ནས་རང་ཉིད་བོད་ཡིན་པས་བོད་དོན་ལ་དོ་སྣང་བྱེད་ཀྱི་ཡོད། གསར་འགྱུར་དུས་ལྟར་ཀློག་གི་ཡོད། བསམ་ཚུལ་དེ་མཚུངས་ལྟར་ཀློག་གི་ཡོད། གསར་འགྱུར་ནི་གོང་དུ་བཤད་མ་ཐག་པ་བཞིན། ཉན་སྤྲོ་བ་དང་གོ་ན་སེམས་པ་ན་བའི་རྒྱུ་གཉིས་ཀ་ཡིན།
ད་ལོ་སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། གྲྭ་ཕུན་ཚོགས་ལགས་ཀྱི་རང་ལུས་མེ་རུ་སྒྲོན་ནས་བོད་ཀྱི་བདེ་སྡུག་གི་ཆེད་དུ་སྐད་འབོད་བྱས་པ་ནས། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་རྒན་གཞོན་དབྱེར་མེད་དུ་བཟུང་བཙོན་ལྟ་བུར་ལུས་པའི་ཉིན་མ་དེ་རིང་། སླར་ཡང་གྲྭ་ཕུན་ཚོགས་ཀྱི་སྤུན་ཆུང་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་ཀྱང་། བོད་ཀྱི་བདེ་སྡུག་གླེང་ནས། མི་ལོ་བཅོ་བརྒྱད་ཀྱི་ཉིན་མཐའ་མ་ཞིག བོད་མིའི་སྐྱིད་སྡུག་གི་ཆེད་དང་། འདི་ཕྱིའི་བླ་ན་མེད་པའི་སྐྱབས་མགོན་བོད་ནང་དུ་འདྲེན་པའི་ཆེད་དུ་རང་ལུས་མཆོད་མེར་སྒྲོན་པ་རེད།

གསར་འགྱུར་འདིས། སྐད་ཆ་དེས། ང་བོད་ཡིན་པས་ངའི་སྙིང་ཆུང་ལྡིང་དུ་བཅུགས། སེམས་པ་གཟེར་དུ་བཅུགས། ཡིད་བསམ་པའི་གཏིང་ནས་དབུགས་རིང་ཤོར། ཉེ་འཁྲིས་སུ་བོད་སྐད་གོ་བའི་བོད་མི་གཅིག་ཡང་མེད་ལ། བོད་སྐད་བཤད་ས་གཅིག་ཡང་མེད་ས་ནས། རང་གི་མཛའ་མོ་ལ་བོད་ནང་གི་ཛ་དྲག་གི་དོན་རྐྱེན་འདི་བཤད། ཁོ་མོས་ཀྱང་མགོ་བོ་བྲང་ཁར་སྨད་ནས་ཡིད་སྐྱོ་བའི་རྣམ་པ་བསྟན། ད་ནི་སྐད་ཆ་ངེས་ལ་ཞུགས་ན། གནམ་སྔོན་པོའི་འོག་དང་ས་དོག་མོའི་སྟེང་གི་ཁ་བ་གངས་ཅན་པ་ཚོ་ལགས། རང་གི་སྙིང་དུ་སྡུག་པའི་མི་དང་། ཤ་ལས་མཆེད་པའི་སྤུན་གྲོགས། སྙིང་ནས་ཉེ་བའི་གྲོགས་དང་གྲོགས་མོ། ངོ་ཤེས་དང་དགའ་ཉེ་བློ་འབྲེལ་སུ་ཞིག་བོད་དུ་བཞུགས་ཡོད་ན། བོད་ནི་བོད་མི་ཁོ་ན་ལ་དབང་བ་བདེན་ན་ཡང་། བཙན་གནོན་ཟེར་བའི་འོག་ན། རང་ས་དང་རང་ཡུལ་ཟེར་ནས་རྩོད་ལེན་བྱེད་པར་འབད་འབུངས་བྱེད་དགོས་པ་དེ་ནི་ཁ་བ་གངས་ཅན་པ་ཡོངས་ཀྱི་འགན་དུ་ཡོད་ཀྱང་། རྩོད་ལེན་དེ་ཡི་ཆེད་དུ། རང་ལུས་མེ་རུ་སྒྲོན་ནས། ཁ་བ་གངས་ཅན་པའི་སྡེ་ལ་བདེ་མོ་འཇོག་པ་དེ་ནི་ཐབས་ཤེས་དང་། རྗེས་སུ་ཡི་རུང་བྱེད་ཆོག་པ་ཞིག་དང་། གང་བརྩོན་ལེན་བྱས་པ་དེ་ནི་ཐོབ་པ་ཞིག་གཏན་ནས་ཁག་པར་སེམས་སུ་བཞག་ནས། ཕྱིས་སུ་བོད་དོན་བོད་མིས་ལོས་བྱེད། བོད་དོན་དུ་རང་ལུས་མེ་རུ་མ་སྒྲོན་རོགས།

བོད་ཡིན་པས། བོད་དོན་བྱེད་པ་ལ་གསོན་དགོས་པ་ལས་ཤི་མི་རུང་བ་མ་ཟད། བོད་དོན་བྱེད་རྒྱུ་ནི་གསོན་རྒྱུའི་ཆེད་དུ་ཡིན་པ་ལས། ཤི་རྒྱུའི་ཆེད་དུ་མིན་ལ། བོད་མི་གཅིག་ཤི་ན་རྒྱ་གཞུང་ངན་པའི་འདོད་བློ་དེ་ལྟར་དུ་འགྲུབ་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གི་རེ་འདོད་ནི་བོད་མི་རྩ་སྟོང་དུ་འགྲོ་རྒྱུ་དེ་ཡིན་པ་དང་། དེ་ཡི་ནང་ནས་བོད་དོན་དུ་ལས་ལ་བརྩོན་པའི་བོད་མི་དག་མེད་པར་བཟོ་རྒྱུ་དེ་ནི་ཁོང་ཚོས་རྩ་བའི་དམིགས་འབེན་ཡིན་པ་སེམས་སུ་ཟུངས་ཤིག བོད་དོན་མི་བྱེད་པ་དང་བོད་དོན་མི་བསམ་པའི་བོད་མི་དག་གང་དུ་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་ལ་དགོས་འཁོ་མེད་པ་དང་རྩོད་རྙོག་མེད་པ་ཡིན་དུས། བོད་དོན་བྱེད་པ་ལ་གསོན་རོགས་ཞུ། བོད་ཡིན་པས་གསོན་དགོས། ཤི་བ་ལས་གསོན་པ་ན་ལམ་ཁ་མང་བ་དང་གོ་སྐབས་ཆེས་མང་བོ་ཡོད། ལྷག་པར་དུ་རང་ས་ནས་བོད་མི་གཅིག་ཤི་བ་ལས། གཞན་ཡུལ་ན་ཁྱི་ལྟར་ཉུལ་ནས་ཡོད་པའི་བོད་མི་ང་འདྲ་བ་དག་བརྒྱ་སྟོང་ཤི་ཡང་གྱོང་ཁ་མེད། ཁ་བ་གངས་ཅན་པ་ཚོ། བོད་ནང་གི་དོན་གྱི་བདག་པོ་ཚོ། རང་ལུས་མེ་ལ་སྒྲོན་པའི་ལས་འགུལ་འདིའི་རིགས་མཚམས་འཇོག་བྱེད་རོགས། བོད་ཡིན་པས། ངའི་སེམས་པ་ན་ཞོར་དུ་བྲིས་ཡོད་པའི་སྐད་བསྐུར་འདི་གློག་གི་དྲ་བ་དག་རྒྱུད་ནས་ཁྱེད་ཅག་གི་སེམས་དང་བསམ་པའི་གསེང་དུ་འཐིམ་པར་ཤོག

སྣ་ཚོགས།

Post navigation

Previous Post: རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་སེམས་ཀྱིསཕེབས་སྐྱེལ།
Next Post: མོན་གྷོ་གཞིས་ཆགས་ན། དགའ་བའི་དགའ་བྲོ་འཁྲབ་བཞིན་ཡོད།

Comments (3) on “ང་བོད་ཡིན་པས། སེམས་པ་གཟེར།”

  1. yum says:
    2011-09-27 at 11:30 am

    ཁ་བ་གངས་ཅན་པ་ས་ཡ་ ༦ ལ། མ་དངུལ་ཧིན་སྐོར་ས་ཡ་ ༡༧༨ ། ༤༨ ཙམ་ཡོད།

  2. ལྗང་སྨྱུག says:
    2011-09-27 at 12:41 pm

    ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱིས་གསུངས་པ་བདེན། ཁྱེད་ཀྱིས་བྲིས་པ་དག་གུས་པས་རེ་རེ་བཞིན་ཀློག་པས། ངའི་སྙིང་ལ་འགོག་ཏུ་མེད་པའི་ཟུག་གཟེར་ཅིག་དང་། མིག་ན་སྐྱོ་གདུང་སྐྱུར་མོའི་མཆི་མ་ཞིག་ཀྱང་འཁྱིལ་བཞིན་ཟིན་བྲིས་འདི་བྲིས་པ་ཡིན། ང་ཡང་བོད་ལ་དགའ་ཞིང་། བོད་ལ་དུང་མཁན་ཞིག་ཡིན་པས། བོད་དང་བོད་མི་ཚོའི་དོན་དུ་ང་ཚོ་ནམ་ཡང་འཚོ་དགོས་པ་ལས། ཤི་ན་ཆེས་འཕངས་པའི་གནས་ཤིག་ཡིན

  3. རིག་འབྱུང་རྒྱ་མཚོ says:
    2011-09-27 at 6:26 pm

    རང་དོན་གྱི་ཆེད་དུ་རང་ཉིད་འཆི་མ་ཐུབ་ན་གཞན་གྱིས་བྲན་གཡོག་ཏུ་གྱུར་ནས་ཉིན་ཅིག་མན་ཇི་ལྟར་རྩ་སྟོང་དུ་འགྲོ་ངེས་རེད། རང་དོན་ཆེད་དུ་རང་ཉིད་གྲོངས་བ་ནི་དོན་གྱིས་རང་རིགས་གསོན་རྒྱུའི་ཆེད་དུ་རེད་ལ་དེས་མ་འོངས་བར་གསོན་རྒྱུ་རྒྱུན་སྲིང་ངེས་རེད། དཔེར་ན་རྒྱོའི་མི་རིགས་དང་ཝེ་ཐི་ནམ་ལྟ་བུ་རེད། ཁོང་ཚོར་རང་དོན་ཆེད་རང་ཉིད་བློས་བཏང་བ་བརྟེན་ད་ལྟ་སུས་ཀྱང་རྐང་བས་གནོན་མི་ཐུབ་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཏུ་གྱུར་བ་རད། ཤི་རྒྱུ་སྐྲག་ན་མི་རབས་གོང་མའི་བོད་པ་ལྟ་བུ་རེད་ལ། ཤི་རྒྱུ་ཞེ་ནས་རྒྱ་ནག་གི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཀྱང་། དེས་སྐྱོབ་མ་ཐུབ་པར་བོད་མི་ཤི་ཞིང་གསོད་པའི་གྲངས་འབོར་ནི་རྒྱ་དང་དམག་འཁྲིག་བྱེད་པའི་གྲངས་འབོར་ལས་ཀྱང་མང་པ་ད་ལྟའི་དངོས་ཡོད་གནས་སྟངས་ཀྱིས་གསལ་བཤད་ཞུ་ཐུབ་པ་ཞིག་རེད། ད་དུང་དེ་ལྟར་ཡོང་ཞིང་ཚེ་སྲོག་སྟོང་ཕྲག་མང་པོ་འགྲོ་བ་ད་ལྟའི་གནས་སྟངས་ཀྱིས་དཔྱོད་ཐུབ། ད་ལྟ་ཤི་རྒྱུ་སྐྲག་ནས་རང་ཉིད་བློས་བཏང་བྱེད་མ་ཐུབ་ན་མ་འོངས་དེ་ལས་སྡུག་པ་མགོ་ཏུ་བབ་པ་འཛམ་གླིང་ལོ་རྒྱུས་དང་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ལས་འཚོར་ཐུབ་པས་བསམ་བློ་ལྐུག་པ་མ་བཏང་ན་བཟང་བ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme