Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་པར་འགྲེམས་ཁང་ནང་ནས་རྒས་སོང་། (ཞར་བཀོད་གཅིག)

Posted on 2022-01-04 By ཁ་བརྡ No Comments on ང་པར་འགྲེམས་ཁང་ནང་ནས་རྒས་སོང་། (ཞར་བཀོད་གཅིག)

— རྩོམ་འདི་དེབ་ཞིག་གི་ཁ་བརྡ་ཡིན།

རྔ་བ་ཀུན་བཟང་། 

ཕྲན་ནི་1988ལོར་མི་ཡུལ་ལ་སོ་མ་ཐོན། ང་སྲོག་མེད་བེམ་པོ་་གཟུགས་ཡིན་པས། མི་ལྟར་དགའ་སྡུག་གི་ཚོར་སྣང་མྱོང་མི་ཤེས། ནམ་ཡིན་ན་པར་འགྲེམས་ཁང་གི་ནང་ལ་ཡོད། ང་ལ་ལྟ་མཁན་ཧ་ཅང་ཉུང་ཉུང་རེད།  ལས་འབྲེལ་ཅན་རེ་འགའ་མ་གཏོགས་ང་ལ་ལྟ་རུ་ཡོང་མཁན་མི་འདུག། དབྱར་དགུན་སྟོན་དཔྱིད་མེད་པར་ང་གནས་ས་གཅིག་ཡིན།  གཙང་བཟོ་ཡང་གནང་མཁན་ཉུང་ཉུང་ཡིན།  དུས་བཟང་རེ་ཐོན་དུས་ངའི་མགོ་ཐོག་ལ་རུལ་དྲི་ངན་ཅན་གྲང་ཤུར་ཤུར་ཞིག་གིས་ཐུག་ཙམ་གནང་བྱས་ནས་བུད་འགྲོ།  ད་དུང་པར་འགྲེམས་ཁང་ལ་དབྱར་ཁ་ཚ་གདུང་གིས་བསད་ལ། དགུན་ཁ་གྲང་ངར་ཀྱིས་རྡུང་། མ་གཞི་ང་གཅིག་པོ་མིན། ང་ཡོད་སའི་གཡས་གཡོན་ན་ང་འདྲ་བ་ཧ་ཅང་མང་། ལ་ལ་ཞིག་ལ་ཚེ་གཅིག་ལ་ལྟ་མཁན་མེད། དེ་ཕྱིར། ངའི་དུས་ཚོད་ནས་དུས་ཚོད་མཐུད་། ཉིན་མོ་ནས་ཉིན་མོ་མཐུད་། ཟླ་བ་ནས་ཟླ་བ་མཐུད།ལོ་ནས་ལོ་མཐུད་ཀྱང་ང་ལ་ལྟ་ཙམ་གནང་བྱས་ནས་བུད་འགྲོ། 

འོན་ཀྱང་། མ་བསམ་ས་ནས། དེ་རིང་ཞི་མོ་སྐྲ་ཐུང་ཐུང་ཅན་ཞིག་ཡོང་ནས་ང་ཉོས་དང་ཐལ། མོས་ང་མཐོང་དུས་བློ་ཕམ་འདུག། རྒྱུ་མཚན། ང་པར་འགྲེམས་ཁང་ནས་རྒས་སོང་བས། མོ་ད་དུང་ལོ་ཆུང་ཆུང་རེད་འདུག། ཧ་ལམ་ལོ་སུམ་ཅུ་ལ་སླེབས་མི་འདུག།  བྱིས་པ་དང་ཁྱོ་ག་ཟིག་གང་ན་ཡོད། ཕྱིར་ཚུལ་ནས་ལྟ་ན་ང་ཉོ་མཁན་ཞིག་འདྲ་བོ་མི་འདུག། རེད་དེ། གང་ལྟར་ང་དེ་རིང་ཞི་མོ་དེར་ནང་ལ་སླེབས་ཡོད།  མོས་ང་དཔེ་ཁུག་ནག་རིལ་རིལ་ཞིག་གི་ནང་ལ་འཁུར་ནས། བོད་པ་གཅིག་ཀྱང་མེད་སའི་ཡུལ་ལ་འཁྱེར་འགྲོ་དུས། ལམ་ཞོར་ལ་བློ་ཚབ་དང་འཇིགས་སྣང་ཏོག་ཙམ་བྱུང་།  ནང་ལ་སླེབས་དུས་ང་རང་གི་ངོ་ཤེས་གྲོགས་པོ་ཧ་ཅང་མང་གིས། ད་དུང་ཞི་མོ་དེ་ལ་ཚ་སོབ་སོབ་གྱི་ནང་སྐྱིད་པོ་ཞིག་འདུག་ལ། ནང་ལ་ཤིང་གི་ཁ་དོག་ཅན་གྱི་སྒྲ་བརྙན་ཞིག་ཀྱང་འདུག། ཧ་ཅང་དྲོད་ལ་ང་ཡང་གཙང་མ་བཟོས་སོང་། ད་ནས་བཟུང་ང་གཅེས་མཁན་གྱི་མི་ཞིག་ཡོད་དང་ཐལ། བཀའ་དྲིན་ཆེ། 

དཔེ་མཛོད་སྤང་ནས།
12-28-2021

མི་སེམས་ཤེས་པའི་ཁྱི་ཕྲུག། 

ཁྱི་དཀར་རིལ་ལ་ཕ་མ་གཅིག་པའི་མིང་སྲིང་བཞི་ཡོད། ཁོང་གི་ཨ་མ་གཟུགས་པོ་ཐང་པོ་མེད་པས། སློབ་གྲོགས་ཚོས་མོའི་མཚང་མིང་ལ་“disco”ཞེས་འབོད། ཁ་དོག་ནག་པོ་ཡིན། མིང་སྲིང་བཞིའི་ནང་ནས་གཉིས་ཆུང་དུས་ནས་ཤི་སོང་།  ཁྱི་ནད་འདྲ་བྱུང་ནས་ཐབས་ཤེས་གང་ཡང་མ་བྱུང་། དེའི་ཆེད་དུ་ངས་མིག་ཆུ་འགའ་བཏང་མྱོང་། ད་དུང་ཡང་དྲན་བཞིན་ཡོད།  རྒྱུ་མཚན། དགུན་འཁྱགས་གྲང་མོའི་ཞོགས་དུས་ཞིག་ལ་ང་ཡོད་སའི་གཡས་ཕྱོགས་ཀྱི་མཛོད་ཁང་ནང་ལ་ཁྱི་ཕྲུག་གི་ངུ་སྐད་འདྲ་གོ་ཐལ།

ང་སྨྱུར་མོ་ལངས་ནས་ལྟ་སྐབས་ཁྱི་ཕྲུག་བཞི་ས་ཐོག་ལ་སྐྱེས་མ་ཐག་རེད་འདུག། ཁྱི་ཨ་མའི་ལུས་ནས་ཁྲག་མང་པོ་བཞུར་བས། ས་ཡོངས་སུ་ཁྲག་གི་དམར་པོ་ཆགས།  ཁྱི་ཕྲུག་གཅིག་མངལ་ཁ་ནས་ད་དུང་ལྷུང་མ་ཐུབ་པར་བསྡད་འདུག། དེ་མ་ཐག། ངའི་སྐྲག་སྣང་དང་བཅས་གྲོགས་མོ་ཞིག་སྐད་བཏང་ནས་ང་གཉིས་ཀྱིས་གོས་ལོག་འགའ་ཡི་གདན་བཏིང་ནས་ཁྱི་ཕྲུག་བཞི་རུག་རུག་ཐབས་ཆག་ཅིག་བྱེད་ཐུབ་སོང་།  ད་དུང་བུ་མོ་གཞན་རྣམས་ཀྱི་ཕན་མེད་ཀྱི་ལྭ་བ་སོགས་གྱོན་ཆས་གཡུག་ས་ན་སོང་ནས་ཏོག་ཙམ་རས་འཇམ་པའི་རིགས་འགའ་ཡང་འཁྱེར་ཡོང་བ་ཡིན། 

 སྐབས་དེར་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་མང་པོ་བྱུང་། གཅིག་ནི་ཨ་མ་ཟེར་བ་ངོ་མ་འཁོར་བའི་སྡུག་བསྔལ་མྱོང་མཁན་ངོ་མ་ཡིན་ཟེར་བའི་ལམ་རིམ་ནང་གི་ཚིག་དེ་དྲན། གཉིས་སུ་ཨ་མའི་རང་ཉིད་ཀྱི་ཚེ་སྲོག་ཤོར་ཡང་བྱིས་པའི་བདེ་སྡུག་བསམ་ནས། དེ་ལྟར་རས་སྦར་ར་གང་ཡང་མེད་པའི་གྲང་ཤུར་ཤུར་ཀྱི་ས་ཐོག་ལ་བྱིས་པ་རྣམས་སྐྱེས་དུས། ཁྱི་ཕྲུག་བཞི་ཨ་ཕའི་སྒྲིབ་གཟུགས་ཙམ་ཡང་མཐོང་ས་མི་འདུག། ཨ་གནམ་རྒན་མ་་་་་་ཨ་ཕའི་སེམས་དེ་རྡོ་ཡིན་ཡང་། དེ་འདྲ་ཞིག་གནང་ག་ལ་རུང་ངམ། 
 
ད་གཟོད། ངའི་མིག་ནས་མཆི་མ་ཤོར་བཞིན་རང་ཉིད་ཀྱི་ཨ་མ་དྲན་བྱུང་། ཨ་མའི་འོ་མ་དྲན་བྱུང་། ཨ་མའི་བརྩེ་སེམས་དྲན་བྱུང།  ཨ་མའི་རུམ་ཁ་དྲན་བྱུང་། ཨ་མ་ཡི་དཀའ་སྡུག་དྲན་བྱུང་། དེ་ལྟར་དྲན་ཞོར་ལ་ཁྱི་ཨ་མ་དེ་ལ་རྩམ་ཐང་ཚ་བོ་ཞིག་བཟོས་ནས་རང་ཉིད་ཀྱི་ཇ་ཕོར་ནང་ལ་བླུག་ཡིན།  རྒྱུ་མཚན་ང་འབྲོག་ས་ན་ཡོད་དུས་ཁྱི་ལ་རྩམ་ཐང་དང་ཤ་ཁུ་སོགས་བླུག་པ་མ་གཏོགས། དེང་སང་གི་ཟས་རིགས་རྣམས་མཐོང་མ་མྱོང་། འདས་པའི་བག་ཆགས་དང་འབྲེལ་བས། ཁྱི་ཟས་ཡག་ཤོས་རྩམ་ཐང་དང་འོ་མ་གཉིས་མཐོང་། དེའི་ཕྱིར། ཉིན་དེ་ནས་བཟུང་ཉིན་ལྟར་རྩམ་པ་དང་འོ་མ་སོགས་བཟོས་ནས། ཁྱི་མོ་དང་ཁྱི་ཕྲུག་རྣམས་ལ་བླུག་པས། ངའི་ཁྱི་ཕྲུག་ཚོ་འབྲོག་ས་ནས་འཚར་ལོངས་བྱུང་བ་དང་ཆ་ཡིན། བོད་སྐད་དང་བོད་ཡིག་སྦྱང་སའི་ཁོར་ཡུག་ནས་ལག་ཆགས་བས། བོད་སྐད་གོ་ལ་བོད་པ་ལ་ཧ་ཅང་དགའ། 

དེ་ནས་རིམ་བཞིན་མིང་སྲིང་བཞི་ལག་ཆགས་ནས་ཡར་མར་རྒྱུག་ཐུབ་ཡོང་དུས། ངའི་སེམས་ཏོག་ཙམ་ལྷོད་ལ་བབས་སོང་། འོན་ཀྱང་། ཉིན་རེ་བཞིན་ལས་ཀ་ཇི་མང་རེད། ཁ་ལག་དུས་ཐོག་ལ་སྤྲད་དགོས། གཅིང་སྐྱག་གཙང་བཟོ་བྱེད་དགོས། ད་དུང་སྐབས་མང་པོ་ལ་ངས་ཁོང་ཚོས་བརྡུང་མྱོང་། ཤིང་རིང་པོ་ཞིག་ནམ་ཡིན་ན་ངའི་སྒོ་ཁ་ན་བཞག་ཡོད། མཚན་དཀྱིལ་ལ་སྐད་རྒྱག་དུས། ངས་མལ་ས་ནས་ཤིང་གི་ས་ལ་རྡུང་ཙམ་བྱེད་དུས། ཁྱི་ཕྲུག་རྣམས་ཁུ་སིམ་སིམ་ཆགས་འགྲོ། ཡང་སྐབས་ལ་ལ་གཅིན་སྐྱག་གང་ས་ལ་བཏང་དུས་ངས་རྡུང་གི་ཡོད། བྱས་ཙང་། ཁོང་ཚོས་ངའི་སྐད་ངོ་ཤེས་དོན་དེ་འདྲ་བྱེད་ནས་བྱུང་བ་རེད། 

ཁྱི་མིང་སྲིང་བཞི་དེར་བསོད་ནམས་ཅན་ཏག་ཏག་རེད། ང་ཡོད་སའི་བོད་པའི་བོུ་ཚོ་སེམས་བཟང་ཡིན་པས། ཟས་དང་གྱོན་པ་སྤྲད་པ་གྲངས་ལས་འདས། ད་དུང་ཧ་ཅང་གཅེས། ཉིན་གུང་ཁ་ལག་སྐབས་ང་དང་། བདེ་ཆེན། ཨ་ནེ་གསུམ་ནས་ཁྱི་ཕྲུག་རྣམས་སྤང་ཁ་ལ་ཉི་ཁ་བཞག་དུས། བོུ་ཚོས་ཡོང་ནས་ཧ་ཅང་བྱམས་པོ་གནང་ལ། རེ་འགའི་སྤང་ལ་ཉར་ནས་རང་ཉིད་ཀྱི་བྱིས་པ་ལྟར་འོ་ཡང་བྱེད་མཁན་མང་། སྐབས་དེ་དུས་ང་རང་ཉིད་ཀྱི་སེམས་ལ་སྐད་ཆ་དེ་འདྲ་ཞིག་འཁོར། “བྱམས་བརྩེ་ཅན་གྱི་ཁོར་ཡུག་ན་ཁྱི་ཞིག་འཚོ་ཡང་བདེ་སྐྱིད་ཅན་ཞིག་རེད་ལ།  བོད་གངས་ཅན་པའི་མི་རིགས་དེ་བྱམས་བརྩེ་ཅན་ཞིག་རེད་ཨང་”།བསམ་ན་རང་ཉིད་ཀྱི་རང་ཉིད་ལ་དགའ་སྣང་དཔག་མེད་ཞིག་བྱུང་། 

དེ་ལྟར་རིམ་བཞིན་དུས་ཚོད་ཀྱི་དབང་གི་ང་མཐོ་སློབ་མཐར་ཕྱིན་ནས། རང་གནས་དང་ཁ་བྲལ་བའི་ཉིན་ལ་ཐོན། མི་ལོ་བཅུ་ཏག་ཏག་ལ་འཁོར་ཡུག་འདི་ནས་འཚོ་བཞིན། འདི་ནས་འགྲོ་དུས་ད་གཟོད་སེམས་ནས་བྲལ་མི་ཐུབ་པ་ཁྱི་ཕྲུག་བཞི་དེ་རེད་འདུག། སྤྱིར་ཡིན་ན་རྒན་ལགས་དང་ཨ་ཡེ་གཉིས་ཡིན་ཡང་། ཁོང་གཉིས་སྔ་ས་ནས་མི་ཡུལ་དང་བྲལ་སོང་བ་རེད།  ཉིན་དེའི་མཚན་མོ་ངའི་དེབ་རྣམས་གཙང་བཟོ་བྱེད་ནས་ནང་གི་དངོས་པོ་རྣམས་ཟང་ཟིང་མཐོང་དུས། ཁྱི་ཕྲུག་ཚོས་རྒྱུན་གཏན་མིན་པར་ཤེས་འདུག།   ཕྱིར་རྫོང་བའི་གནད་དོན་ལ་གཏད་ནས་དོན་མེད་པའི་རྣམ་འགྱུར་བསྟན་ནས།  ངའི་དེབ་སོགས་ལ་སོ་རྒྱག་བཞིན་“མ་འགྲོ”་ཞེས་པའི་བརྡ་སྤྲད་ནས་ཡར་རྒྱུག་མར་རྒྱུག་་བྱེད། ད་དུང་ཁྱི་ཕྲུག་གཅིག་གི་སྐྱོ་ཉམས་བྱེད་ནས་མལ་སའི་ཐོག་ཉལ་ནས་མིག་གི་རིག་རིག་བྱེད་ནས་མིག་མཐའ་ནས་མཆི་མ་བཏང་གིས། 

ཚུལ་དེ་འདྲ་མཐོང་དུས་། ང་ཅི་བྱ་གཏོལ་མེད་ཏུ་འགྱུར་ནས།  མིག་མཆུ་བཏང་ཞོར་ལ་ཁྱི་ཕྲུག་ཚོར་འོ་རེ་རེ་བྱེད་ནས། དེ་ལྟར་བཤད་ཡིན། “ དེ་རིང་ནས་བཟུང་ང་འགྲོ་དགོས་རེད།  རང་ལམ་འཚོལ་ལ་འགྲོ་དགོས། ཁྱེད་ཚོ་བཞི་ངའི་ནང་མི་དང་གཅིག་ཡིན། ནམ་ཡང་སེམས་ཀྱི་དཀྱིལ་ནས་བོར་མི་སྲིད་པའི་གཅེས་ཕྲུག་ཡིན། ནམ་ཡིན་ན་ང་དེར་ཡོང་དུས་ཁྱེད་ཚོ་ལ་ལྟ་ལ་བར་ཡོང་ཆོག། ད་ཁྱེད་ཚོ་ཡང་ཆེན་པོ་ཆགས་འདུག། རང་མགོ་རང་སྲུང་ཐུབ་པས། ང་ཧ་ཅང་དགའ་བསྡད་ཡོད། སེམས་སྡུག་གང་ཡང་མི་འདུག། ཁྱོད་ཚོས་ཚང་མའི་བོད་སྐད་གོ་བ་དང་། བོད་པ་ལ་དགའ་བོ་བྱེད་བའི་རྣམ་པ་དེ་མཐོང་དུས། ངའི་མི་ཚེ་གཅིག་གི་ཆེས་བསིབ་ཏུ་མེད་པའི་དྲན་གསོ་ཡག་ཤོས་དེ་མི་སེམས་ཤེས་པའི་གཅེས་ཕྲུག་ཁྱེད་ཅག་ཡིན། ”་ཞེས་ཧ་ཅང་བརྩེ་བའི་ངང་ན་བཤད་དུས། 

ད་གཟོད།  ཁྱི་ཕྲུག་རྣམས་ཀྱི་རྣམ་འགྱུར་དགའ་དགའ་ངང་ཉན་ནས་ངའི་མགོ་ལ་ཐུག་ཙམ་རེ་བྱས་བྱུང་།  “སེམས་བདེ་མོ་བྱོས” ཞེས་པའི་བརྡ་དེ་ཡིན་ས་རེད། ཉིན་དེའི་དགུང་མོ་དུས་ཚོད་བདུན་པ་ཙམ་ལ་ང་མཐོ་སློབ་དང་ཁ་བྲལ་ནས་མཐོ་སློབ་གཞན་ཞིག་ལ་འགྲོ་དུས། ང་ཡོང་ཁ་མཐོ་སློབ་གྱི་སྒོ་ཁ་བར་ཁྱི་ཕྲུག་རྣམས་ང་སྐྱལ་བར་ཡོང་སོང་། འོན་ཀྱང་། དགའ་འོས་པ་ཞིག་ལ་ང་ཕྱིན་ནས་བཟུང་སེམས་བཟང་ཅན་གྱི་ཨ་ནེ་གཉིས་ཀྱིས་ཁྱི་ཕྲུག་ཚོ་ལ་སྔར་བཞིན་གཅེས་ནས་ཟླ་འགའ་རྗེས་སུ་ང་ཡོང་དུས། ངའི་ཁྱི་ཕྲུག་ཚོ་མི་ཆེན་པོ་ཆགས་ཚར་འདུག། ད་དུང་སྤུ་མདོག་ཡག་ལ་རྣམ་པ་དེ་བས་ཀྱང་མཛེས། དེ་རིང་ཡང་ང་མཐོ་སློབ་ན་ཡོང་དུས་ཁྱི་ཕྲུག་དཀར་རིལ་ཕོ་གསར་ལ་ཆགས་ནས་གཡས་གཡོན་ལ་མོ་གསར་མང་པོའི་སྐོར་འདུག། ང་མཐོང་དུས་སྔོན་མའི་བག་ཆགས་དང་སྐད་ངོ་ཤེས་ནས་ང་ལ་ཐུག་ཙམ་བྱས་ནས་སྐར་མ་འགའ་ངའི་འགྲམ་ལ་བསྡད་སོང་།ཁ་ནས་བཤད་མ་ཤེས་ཀྱང་སེམས་ལ་ཡོད་པའི་རྟགས་རེད།  ཚུལ་དེར་མཐོང་དུས་ངོ་མ་ཁྱི་ཟེར་བ་སེམས་ཅན་བརྩེ་དུང་ཅན་ཞིག་དང་དྲང་པོ་ཞིག་ཡིན་པས། དྲན་གསོ་ཡང་ཡང་བཏང་ཐལ། ཁ་དྲོད། མི་སེམས་ཤེས་པའི་ཁྱི་ཕྲུག་ཚོས། ནམ་ཡང་སེམས་ཀྱི་གཅེས་ལོ་ཡིན། ད་དུང་སེམས་བཟང་ཅན་གྱི་སེམས་ཅན་གསོ་མཁན་ཡོངས་ལ་ངའི་སྙིང་ནས་བཀའ་དྲིན་ཆེ་ཞུ། 

རྔ་བ་ཀུན་བཟང་ནས།
12-28-2021
རྒན་ལགས་ནང་ནས་བྲིས། 

ལྷུག་རྩོམ།

Post navigation

Previous Post: རེབ་གོང་གི་བླ་རྒན་ཞིག་གི་དགེ་ཕྲུག་ཤར་ཙོང་ཁ་བ།
Next Post: ༄༅ །།བསྟོད་པ་བདེན་གཏམ་དྲང་སྲོང་དགྱེས་པའི་རོལ་དབྱངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme