Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ནི་ཡུལ་གྱར་བ་ཞིག་ཡིན།

Posted on 2009-09-10 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 13 Comments on ང་ནི་ཡུལ་གྱར་བ་ཞིག་ཡིན།

ཉི་མ་འཚོ། ནོར་གླིང༌།

ང་ནི་ཡུལ་གྱར་བ་ཞིག་ཡིན། ང་ལ་ཁེར་རྐྱང་གི་སུན་སྣང་ཡོད། ང་ལ་དྲན་གདུང་གི་སྨྲེང་བ་ཡོད། ངས་རང་གི་འགྲུལ་བཞུད་ལ་བརྟེན་ནས། ས་མཐའ་ནས་ས་མཐའ་དེད་དེ། གནས་ལུགས་ཤིག་འཚོལ་གྱི་ཡོད། ང་ལ་མཚན་མོ་ལས་ལྷག་པའི་འཇིག་རྟེན་ཞིག་མེད་ནའང༌། ངས་རང་གི་ཚོར་བ་ལ་བརྟེན་ནས། མདའ་མོ་བཞིན། མུན་པའི་འཇབ་རྒོལ་གཤེགས་ཏེ། མི་ཡུལ་གྱི་མཐོ་སར་འབུད་ཀྱི་ཡོད།

ང་ནི་ཡུལ་གྱར་བ་ཞིག་ཡིན། ང་ལ་མ་འོངས་པའི་ཕུགས་འདུན་ཡོད།མུན་པའི་གཡོགས་མི་ཐུབ་པའི་མ་འོངས་པའི་ཕུགས་འདུན་ཡོད། ང་ལ་ཕུགས་འདུན་ཡོད་པས། ཟླ་བའི་འཛུམ་མདངས་མཐོང་བྱུང༌
ང་ལ་ཕུགས་འདུན་ཡོད་པས། གངས་རིའི་གཟི་འོད་མཐོང་བྱུང༌། ང་ཟླ་བ་དང་དུས་གཅིག་ལ་བཞུར་བའི་དུང་སེམས་དེ་ཡིན། ང་གངས་རི་དང་གཞི་གཅིག་ཏུ་གནས་པའི་ཁ་བ་དེ་ཡིན།

ང་ནི་ཡུལ་གྱར་བ་ཞིག་ཡིན། ལས་དབང་གིས་སྨིན་པའི་སེམས་ཁམས་ཡོད་པ་ནས། རང་སྟོབས་ཀྱིས་ཚུགས་པའི་ཤེས་རྒྱ་ཡོད་པ་ནས། ནམ་མཁས་ས་གཞི་རུམ་པའི་གཏམ་རྒྱུད་དེ་གླེང་བཞིན་ཡོད། ཞི་བདེ་འཛུམ་དཀར་རྒོད་པའི་མི་བུ་དེ་གླེང་བཞིན་ཡོད། དེ་ནི་ངའི་མཐར་ཐུག་གི་མི་ཚེ་ཡིན་ཟེར་ཆོག་ལ། ངས་སྙེག་བཞིན་པའི་ཐ་མའི་རིན་ཐང་ཡང་དེའི་ཐོག་ནས་རྙེད་དགོས།

ང་ཡུལ་གྱར་བ་ཞིག་ཡིན། མི་ཚེ་དབུལ་ཕོངས་ཀྱིས་རོལ་བའི་ཡུལ་གྱར་བ་ཞིག་ཡིན། གཞན་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་མ་བརྗེད་པའི་ཡུལ་གྱར་བ་ཞིག་ཡིན། ལྟ་ལོབ་ཏུ་གྱུར་བའི་རི་བོའི་ཕ་རོལ། ཡིག་དྲུག་གིས་བསྐོར་བའི་ཐ་མའི་རྨི་ལམ། མི་ཡུལ་དུ། གསོན་དགོས་པའི་གནས་ལུགས་ཤིག་རྙེད་སོང༌། མི་ཡུལ་དུ། རང་ཉིད་ལ་ཡིད་ཆེས་བྱེད་པའི་གདེངས་སྤོབས་ཤིག་རྙེད་སོང༌།

རྩོམ་རིག

Post navigation

Previous Post: དགེ་སློང་ཞིག་
Next Post: ཞིང་ལྗོངས་ལྔས"འཆལ་རྡུང་ལོག་སེལ"གྱི་མཉམ་འགུལ་ལམ་སྲོལ་གཏོད་རྒྱུ་ཡིན་ཟེར།

Comments (13) on “ང་ནི་ཡུལ་གྱར་བ་ཞིག་ཡིན།”

  1. yeshe says:
    2009-09-10 at 12:20 pm

    ཞི་མོ་ཁྱོའི་ངོ་སོ་ཅིག་བསྟོད། རྩོམ་ཡིག་རེ་འབྲི་གིན་སྡོད།

  2. མདོ་ལྷ་ཁམས་པ། says:
    2009-09-10 at 12:31 pm

    ཉི་མ་མཚོ།
    ཁྱེད་ཀྱིས་རང་ངོ་ཟིན་འདུག
    རྐང་སྟབས་བརྟན་པོས་ལམ་དུ་ཆས་དང་།
    ཁྱོད་ལ་མདུན་ལམ་གྱི་རེ་བས་ཁེངས་འདུག
    ཀྱ་ཀྱུའི་ལམ་བུ་བརྒྱུད་སྐབས། མཚམས་རེ་ཉི་མའི་ཚ་གདུང་དང་། སྐབས་རེ་ཆར་རླུང་གི་རླབས་རྒྱུན་དང་འཕྲད་སྲིད། འོན་ཀྱང་རེ་བའི་མེ་ཏོག་དང་འདུན་པའི་འབྲས་བུ་ལ་རོལ་མྱོང་བྱེད་རྒྱུའི་སྐལ་བ་མེད་པ་མིན།
    བསླབ་བྱ་མིན་ཏེ་སེམས་གསོ་ཙམ་ཡིན།

  3. གཡུང་དྲུང་ཚེ་བརྟན། says:
    2009-09-10 at 1:29 pm

    དྲ་ངོས་འདིར་བེུད་རྩོམ་བྲིས་པ་ཆུ་སྐྱེས་སྒྲོལ་མའི་རྩོམ་ཡིག་འགའ་སྤེལ་བ་བཀླགས་མྱོང༌། ད་ཆ་བེུད་རྩོམ་བྲིས་པ་གསར་པ་ཞིག་ཀྱང་སླེབས་པར་དགའ་པོ་བྱུང༌། དྲ་ངོས་འདི་ན་ཡོད་མཁན་མང་ཆེ་བས། གནས་ལུགས། རྒྱུ་མཚན། ཁུངས་འདེད་བཅས་གཙོ་བོར་བཟུང་གི་འདུག ང་རང་གིས་དྲ་ངོས་འདིར་དྲ་ངོས་གཞན་པ་དང་མི་མཚུངས་པའི་ཁྱད་ཆོས་བརྒྱད་མཐོང་བའི་ནང་གི་གཅིག་ནི། བེུད་ཡིན་མིན་གྱི་དབྱེ་བ་མེད་པར་བསྟོད་ར་རག་རྒྱུ་དེ་ལས་སླ་བོ་ཞིག་ཁྱོན་ནས་རེད་མི་འདུག་པ་དེ་རེད། དེ་བཞིན་སྨད་ར་བྱེད་སྟངས་དེ་ཡང་རྒྱུ་མཚན་ཞིག་ལ་གཞི་བཅོལ་ནས་བྱེད་པ་ལས། གང་དྲན་བྱུང་རྒྱལ་དུ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ཅི་སྟེ་རྒྱུ་མཚན་ངེས་ཅན་ཞིག་གཞི་ལ་བཞག་ནས་སྨད་ར་བྱེད་སྐབས་ལ་མཚོན་ན། འདི་ཚོས་འཛེམ་ཟོན་ཟེར་བ་དེ་རྒྱབ་ལ་གཡུག་བཞག་གི་འདུག དཔེར་ན། རྩོམ་པ་པོ་གྲགས་ཅན་ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ནི། དང་པོ་རྩོམ་ཡིག་གླེང་བ་ནས་མགོ་བཙུགས་ཏེ། མཐའ་མ་མི་གཞིའི་སྐོར་གླེང་ཤུགས་ཇེ་ཆེར་སོང་བའི་སྐབས་མཚམས་སུ། ཁ་བརྡའི་རྩོམ་སྒྲིག་པ་ཚོས་མཆན་བུ་འདེབས་སའི་སྒོ་རྒྱག་དགོས་གཏུགས་སོང་ངཱ༌། རེ་བ་ཞིག་ཞུ་རྒྱུ་ཡོད། དྲ་ངོས་འདིར་སླེབས་པའི་བཻུད་རྩོམ་པ་པོ་ཁྱེད་རང་གཉིས་སེམས་ཤུགས་མི་ཉམས་པར་མཉམ་ཞུགས་གནང་རྒྱུ་དེ་ལགས་སོ།།

  4. yeshe says:
    2009-09-10 at 1:37 pm

    རེད་རེད། བུད་མེད་རྩོམ་པ་པོ་ཞིག་ཡིན་ཕྱིན་ཆད་ངས་ནམ་ཡང་དགའ་བསུ་བྱེད། གང་ཡིན་ཟེར་ན་རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་རྩོམ་པ་མོ་ཉུང་སྐྱོན་འདུག སྐྱེས་པ་རྩོམ་པ་པོ་མང་སྐྱོན་འདུག

  5. གཡུང་དྲུང་ཚེ་བརྟན། says:
    2009-09-10 at 1:52 pm

    ཡེ་ཤེས་ལགས། སྐྱེས་པ་རྩོམ་པ་པོ་མང་སྐྱོན་འདུག་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད། མང་ནས་སྐྱོན་ག་རེ་བྱས་འདུག ཆག་སྒོ་ག་རེ་བསླངས་འདུག

  6. ཀླུ་སྨྱོན། says:
    2009-09-10 at 1:57 pm

    ཆག་སྒོ་ཟེར་ན་མི་ཤེས་ཏེ་མང་དྲགས་འདུག་མི་འདུག་དུས་བབ་ཟིན་བྲིས་ཚང་ལ་ཕེབས་དང་མཁྱེན་གྱི་རེད། དེབ་ཧྲལ་ཧྲུལ་མང་དྲགས་ན་ལྟ་འདོད་མེད་པ་བཞིན་རྩོམ་པ་ཕོ་མང་དྲགས་ན་རང་བཞིན་གྱིས་རྩོམ་པ་མོ་དག་ལ་རེ་བ་དང་ཞེན་ཆགས་ཇེ་ཆེ་རེད། འདི་ངའི་ནོར་འཁྲུལ་ཡིན་ན་ཐང་།

  7. གཞོན་ནུ་ཟླ་མེད says:
    2009-09-10 at 3:45 pm

    ནམ་རྒྱུན་ཡིན་ན་སུས་ཁ་བརྡ་ནང་དུ་རྩོམ་ཡིག་འདྲ་བྲིས་ན། ངས་དང་པོ་བསུ་བའི་མཆན་འདེབ་ཀྱི་ཡོད། དེ་རིང་བུད་མེད་རྩོམ་པ་པོ་ཉི་མ་མཚོ་སླེབས་སྐབས། རྐང་མགྱོགས་རི་ལུ་སྒྲུབ་ཟིན་པ་སྐོར་ཞིག་སྔོན་ལ་ཤོར་ཚར་འདུག ཡ་ཡ་ ད་ཁྱད་པར་མི་འདུག ང་ཚོ་ཚང་མས་བུད་མེད་རྩོམ་པ་པོ་གཅིག་རེ་གཉིས་རེ་སླེབས་ན་བྱ་མོས་སྒོ་ང་རུམ་རུམ་བྱས་ནས་གཅེས་སྐྱོང་བྱེད་པ་ལས། ནམ་རྒྱུན་ལྟར་གཅིག་ཁ་གཉིས་ཁ་བྱས་ནས་རྡུང་རྡེག་གཏོང་མི་རུང་། དེ་ང་ཚོ་འདིའི་ནང་གི་མཁས་པ་ཁ་རྒོད་ཚང་མ་ལ་སྐབས་ཁྲལ་གྱི་ཁྲིམས་ལུགས་ཡིན།
    དེ་ནས་ཉི་མ་མཚོ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་ཏུ་ཁ་བརྡ་དྲ་ཚིགས་འདིར་ཡང་ཡང་ཕེབས་ཅེས་འབོད་སྐུལ་ཞུ་བཞིན་ཡོད།

  8. གཞོན་ནུ་ཟླ་མེད says:
    2009-09-10 at 4:52 pm

    ཉི་མ་མཚོ། མིང་འདི་ལ་རྟགས་ན་ཨ་མདོ་ཅིག་ཡིན་ས་རེད། ཨ་མདོ་བ་དེ་ཚོ་ལ་མིང་ཡིག་རྐང་གསུམ་ཅན་ཤིན་ཏུ་མང་། འདི་ཡང་བོད་ཀྱི་གནའ་རབས་མིང་གི་འདོགས་སྟངས་ཤིག་ལོས་ཡིན་འདོད།

  9. ལྷ་རྟ་དཀར་པོ says:
    2009-09-11 at 1:58 am

    ང་ནི་བདག་མེད་ཁེ་རྐྱང་ལྷག་པའི་དྭ་ཕྲུག་མཆིས
    ང་ནི་རང་ལྔོངས་མེད་པའི་ཡུལ་ལྗོངས་འདོད་མཁན་ཞིག
    ངའི་ངུ་སྒྲ་གོ་ན་རང་ཡུལ་ཆེད་དང་
    ངའི་འཛིམ་དེ་ཡང་མ་ཡུལ་ལ་འབུལ་ཡོད
    ྭརེད་ཡ
    ཁྱེད་ཀྱིས་ལབ་པ་བདེན
    ངའི་མ་ཡུལ་མཙན་ལག་ཏུ་བཟུང་ཡང་
    བོད་མི་རིགས་ཀྱི་ལ་རྒྱལ་དང་
    སྙིང་སྟོབས། སེམས་ཤུགས
    ཡོད་ཚད་མི་རིགས་ལ་སྦྱིན་པ་འདི
    བོད་མི་རོགས་ཀྱི་བདེན་པའི་རེ་བ་ཡིན
    རེ་བ་འདི་ཆེད་ང་ངུ་བ་ཡིན་ལ
    འཛིམ་ཡང་སྟོན་ཡོད

  10. ལྷ་རྟ་དཀར་པོ says:
    2009-09-11 at 2:01 am

    ནོར་མཅོས་འཛིམ་ནི་འཛུམ་ལ་གོ་དགོས

  11. མི་ཞུན། says:
    2009-09-11 at 3:09 am

    ཁྱེད་ཀྱིས་ལབ་པ་བདེན
    ངའི་མ་ཡུལ་མཙན་ལག་ཏུ་བཟུང་ཡང་
    བོད་མི་རིགས་ཀྱི་ལ་རྒྱལ་དང་
    སྙིང་སྟོབས། སེམས་ཤུགས
    ཡོད་ཚད་མི་རིགས་ལ་སྦྱིན་པ་འདི
    བོད་མི་རོགས་ཀྱི་བདེན་པའི་རེ་བ་ཡིན

  12. བྲག་གཡག says:
    2009-09-11 at 5:28 am

    ཁྱེད་ཀྱིས་སོ་སོའི་མིང་དེ་ནམ་རྒྱུན་དང་མི་འདྲ་བ་འ་འོག་ཚོ་༼འཚོ་༽ཞེས་བྲིས་པ་མི་འཐད། ཁྱེད་ལ་ཕ་མས་རྒྱུ་མཚན་ཞིག་གི་ཐོག་ནས་དེ་ལྟར་བཏགས་སམ། འོལ་ཚོད་ཀྱིས་དེ་ལྟར་བྲིས།

  13. ཉི་མ་མཚོ། says:
    2009-09-11 at 6:18 am

    གཞོན་ནུ་ཟླ་མེད་ལགས། བོད་ཡིག་འབྲི་རྒྱུ་དང་བོད་སྐད་བཤད་རྒྱུ་ནི་བོད་པ་ཚང་བའི་དགོས་མཁོ་ཡིན་པས། ཨ་མདོ་ཡིན་མིན་ལ་ཁྱད་པར་མེད་སྙམ་གྱི་ཡོད། རྩོམ་ཡིག་བཀླགས་རྗེས་རྩོམ་ཡིག་ལ་བསྟུན་ནས་མཆན་རེ་འབྲི་ཐུབ་ན་ཧ་ཅང་བཟང་སྙམ། འདི་ནི་ངའི་བསམ་ཚུལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme