Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་དང་བོད་རང་བཙན་ཤོག་ཁག་གི་འགྲན་རྩོད་ཐེངས་གཉིས།

Posted on 2013-11-042013-11-04 By ཁ་བརྡ་ 15 Comments on ང་དང་བོད་རང་བཙན་ཤོག་ཁག་གི་འགྲན་རྩོད་ཐེངས་གཉིས།

ཝས་ཡིང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

ཕྱི་རྒྱལ་ལ་འཚོ་བ་བསྐྱལ་ཡོད་དུས་ག་དུས་ཡིན་ནའང་རྒྱལ་ནང་དུ་འཕྲད་མི་སྲིད་པའི་མི་དང་ལས་དོན་འགའ་གདོང་ཐུག་རྒྱག་གི་ཡོད། རྒྱལ་ནང་ནས་ཕྱིར་ཐོན་ཡོང་བའི་མི་མང་ཆེ་བས་རྒྱལ་ཁབ་གཅིག་གྱུར་དང་ལ་རྒྱར་གནོད་པའི་རིགས་ལ་རང་བཞིན་གྱིས་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་མ་ཟད། འགན་འཁྲི་ཕྱི་བཤོལ་མེད་པར་མི་རིགས་ལ་རྒྱ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་མཆོངས་འགྲོ་གི་ཡོད། དེ་ནི་རྒྱལ་ཁབ་ཀྱི་དར་རྒུད་དང་མཚན་སྙན་ང་ཚོའི་ལས་དབང་དང་དམ་པོར་སྦྲེལ་ཡོད་པས་རེད།

ཁ་ན་ཌའི་ནུབ་ཁུལ་གྲོང་ཁྱེར་ཁའོ་ཀར་རེའི(Calgary ) ནང་དུ་རྒྱ་གར་ནས་ཡོང་བའི་བོད་རང་བཙན་ཤོག་ཁག་པའི་མི་སྣང་ཉུང་མིན་ཞིག་གནས་སྡོད་བྱས་ཡོད། ལོ་འགའི་སྔོན་ནས་བཟུང་།ཀྲུང་གོའི་དབུ་ཁྲིད་ག་དུས་ཁ་ན་ཌར་ལས་དོན་གཟིགས་སྐོར་ཕེབས་སྐབས། ཁོང་ཚོས་རྟག་ཏུ་མི་བཅུ་གྲངས་འགའ་གྲ་སྒྲིག་བྱས་ནས་ཀྲུང་གོིའི་དབུ་ཁྲིད་གཟིགས་སྐོར་ཕེབས་སའི་ལམ་ཕྱོགས་དེད་ནས་ངོ་རྒོལ་ཁྲོམ་སྐོར་བྱེད་པ་མ་ཟད། སྐད་སྒྲ་འདྲ་མི་འདྲ་སློང་ཨེ་ཐུབ་བལྟས་ནས་ནུབ་ཕྱོགས་ཀྲུང་རྒོལ་ཤོག་ཁའི་དོ་སྣང་ཡོང་རེ་བྱེད་ལ། བོད་རང་བཙན་བྱེད་རྒྱུར་ཁོང་ཚོའི་རྒྱབ་སྐྱོར་རྙེད་ཐབས་བྱེད་ཀྱི་ཡོད།

གཅིག་དགུ་གོ་བརྒྱད་ལོར། ཙུང་ལི་ཀྲུའུ་རུང་ཅི་ཁ་ན་ཌར་ཕེབས་པ་མ་ཟད་ཁའོ་ཀར་རེ་ལ་ཡང་གཟིགས་སྐོར་དུ་བཅར་བ་རེད། དེ་སྐབས་སྐམ་ས་ནས་ཡོང་བའི་མི་མང་པོ་མེད་ཁར་མང་ཆེ་བ་ཁའོ་ཀར་རེ་སློབ་གྲྭ་ཆེན་མོར་སློབ་སྦྱོང་དང་གཟིགས་སྐོར་དུ་ཕེབས་པའི་མཁས་པ་དག་རེད། གཞུང་ཚབ་ཁང་གི་བཀོད་སྒྲིག་ལྟར། སློབ་ཕྲུག་ཚོགས་པས་སློབ་ཕྲུག་གོ་སྒྲིག་བྱས་ནས་ཙུང་ལིོ་ཀྲུའུ་རུང་ཅིའི་བཞུགས་གནས་མགྲོན་ཁང་མདུན་དུ་ཕེབས་བསུ་བཅར་དགོས། ཉིེན་དེའི་སྔ་མོི་ནས་སློབ་ཕྲུག་ཕལ་ཆེར100 ཙམ་གྱིས་སྐར་ལྔའི་དར་དམར་དང་། དགའ་བསུའི་ཡི་གེ་འཁོད་པའི་འཕྲེད་དར་ཕྱར་ནས་མགྲོན་ཁང་མདུན་དུ་སླེབས་ཚར་ཡོད། མི་བགྲོད་གཞུང་ལམ་གྱི་ས་བབ་ལེགས་ས་ཞིག་ཏུ་ཚང་མ་མཉམ་ཅིག་ཏུ་ལངས་ནས་ཙུང་ལི་ཕེབས་རྒྱུར་སྒུག
དེ་འདྲ་ཞིག་ནས་བོད་རང་བཙན་ཤོག་ཁག་གི་མི་བཅུ་གྲངས་ཤིག་ཀྱང་བོད་རང་བཙན་མཚོན་པའི་གངས་སེང་དར་ཆ་ཁྱེར་ནས་སླེབས་བྱུང་། དེ་མིན་ཡང་ཐའེ་ཝན་རང་བཙན་ཤོག་ཁག་ཉུང་ངུ་ཞིག་འདུག བོད་རང་བཙན་ཤོག་ཁག་ནང་དུ་ནུབ་ཕྱོགས་པའི་ཀྲུང་རྒོལ་མི་སྣ་འགའ་ཡང་དཀྱིལ་དུ་འཚངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་དུས་ཁོང་ཚོའི་སྨྱོ་ཧམ་མངོན་མཚན་ཆེ། ཀྲུང་གོའི་སློབ་ཕྲུག་ཚོ་མགྲོན་ཁང་མདུན་ངོས་ཀྱི་མི་བགྲོད་ལམ་ཆེན་ལངས་ཡོད་པས། བོད་རང་བཙན་པ་ཚོས་སྒྲིག་བཀོད་ཉེན་རྟོག་པར་ཡར་ཞུ་བྱས་ནས། མགྲོན་ཁང་མདུན་སྒོ་ཚད་བཟུང་བྱས་ཏེ་མི་བགྲོད་ལམ་ཆེན་ངོ་རྒོལ་བ་ཚོར་ཆ་བགོས་བྱེད་དགོས་པར་བཤད་རྗེས་ཉེན་རྟོག་པས་འདྲ་མཉམ་རྩ་དོན་བཟུང་ནས་ཁོ་པ་ཚོའི་རེ་བ་མོས་མཐུན་བྱས་སོང་།

དེ་ནས་ཉེན་རྟོག་པས་ཀྲུང་གོའི་སློབ་ཕྲུག་ཚོགས་པའི་འགན་འཁུར་བ་བོས་ནས་ས་ཆ་ཕྱེད་ཀ་གློད་དགོས་པའི་སྐད་ཆ་བྱས། སློབ་ཕྲུག་ཚོགས་པའི་འགན་འཁུར་བ་དེ་ནི་བློ་ཁོག་མེད་སྟབས་གནས་ཚུལ་ལྷག་པར་ཞེད་ནས་ས་ཆ་ཕྱེད་ཀ་གློད་རྒྱུར་ཁས་བླངས་པ་མ་ཟད། སློབ་ཕྲུག་ཚོ་གཞོགས་གཅིག་ལ་ཕྱིར་འཐེན་དགོས་པར་འབོད་སྐུལ་བྱས། སྐབས་དེར་ང་དང་སྨིས་གང་ཙམ་ལས་མེད་པའི་ས་ནས་ཁུངས་ལུང་མེད་པར་ས་ཆ་ཕྱེད་ཀ་གློད་དགོས་པའི་སྐད་ཆ་གོ་དུས་ང་ནི་རླུང་གིས་གློ་བའང་འགས་ལ་ཁད་བྱས་པས། ངས་ཉེན་རྟོག་པར་སྐད་ཆ་བྱས་དོན། གྲོང་ཁྱེར་སྲིད་གཞུང་གིས་སྔོན་ཚུད་ནས་ས་ཆ་ཁག་བགོས་ཀྱི་འཆར་གཞི་ཅི་གང་མེད་པ་རེད་ལ། ང་ཚོ་སྔ་ས་ནས་འདིར་སླེབས་ཡོད་དུས་འདི་ན་ལངས་ཆོག་པའི་དབང་ཆ་ཡོད་པ་རེད་ཅེས་བཤད་པས་ཉེན་རྟོག་པའི་ངོ་གདོང་ན་ཅི་བྱེད་འདི་བྱེད་མེད་པའི་རྣམ་འགྱུར་ཁོ་ན་ལས་ཅི་ཡོད། དེ་ནི་ངས་བཤད་པའི་སྐད་ཆ་དེ་ཚོར་གནས་ལུགས་རྒྱུ་མཚན་ཡོད་པ་མཐོང་བས་རེད།
ངས་དེ་ནས་མི་བགྲོད་ལམ་བུའི་ལྕགས་སྒྲོམ་ལ་དམ་འཇུ་བྱས་ནས་གོམ་པ་ཕྱེད་ཀ་ཙམ་ཡང་ཕྱིར་ནུར་བྱེད་རྒྱུའི་འདོད་པ་རྩ་ནས་མ་རྙེད། འདིའི་སྐབས་སུ་ཀྲུང་གོའི་སློབ་ཕྲུག་མང་ཆེ་བ་ས་ཕྱོགས་གཞན་ཞིག་ལ་གནས་སྤོ་བྱས་ཚར་བས། བོད་རང་བཙན་ཤོག་ཁག་པས་གོ་སྐབས་དེ་འཇུས་ནས་ས་ཆ་སྟོང་པའི་ཕྱོགས་སུ་འགྲིམས་ནས་ས་བཟུང་སོང་། ངའི་ཉེ་འཁྲིས་སུ་ཡོད་པའི་ཀྲུང་གོའི་སློབ་ཕྲུག་གཉིས་པོས་ཀྱང་ས་ཆ་གློད་རྒྱུ་ཁུངས་ལུང་མེད་པ་མཐོང་ལ། ངས་ཨུ་ཚུགས་བརྒྱབས་ནས་ས་སྲུང་བཞིན་ཡོད་པ་མཐོང་དུས་ངའི་སར་ཡོང་ནས་གཞོགས་གཡས་ཀྱི་ལྕགས་སྒྲོམ་ལ་ཉེ་བར་འཁྱུད། འདི་ལྟར་ང་ཚོ་གསུམ་པོ་བོད་རང་བཙན་ཤོག་ཁག་གི་མི་བཅུ་གྲངས་ཤིག་གིས་བསྐོར་བ་ལྟ་བུ་ཆགས་སོང་།

ང་ཚོས་ཧ་ཅང་ཆེ་བའི་སྐར་ལྔའི་དར་དམར་ཞིག་ཕྱར་ཡོད་ལ། ཉེ་འཁོར་ན་གངས་སེང་དར་ཆ་ཆུང་ཆུང་བཅུ་གྲངས་ཤིག་རེད། ཉེན་རྟོག་པས་གནས་སྟངས་འདི་མཐོང་བ་དང་། འཁྲུག་རྩོད་ཡོང་གཞི་འདུག་པ་རྟོགས་ནས་རྐང་པ་གཉིས་བགྲད་པ་དང་། ལག་ཏུ་ཉེན་རྟོག་པའི་དབྱུག་པ་བཟུང་ནས་སྨིས་གཉིས་གསུམ་ལས་མ་འགྱངས་བའི་ས་ནས་ང་ཚོ་ལ་ཁ་གཏད་དེ་ལངས་ཡོད་ལ་གོམ་པ་གང་ཙམ་ཡང་གཞན་དུ་འགྲོ་མ་འདོད། ང་ཚོས་སྲོག་བསྡོས་ཀྱིས་ཧ་ཅང་ཆེ་བའི་སྐར་ལྔའི་དར་དམར་ཕྱོགས་གཉིས་སུ་གཡོས་ཏེ་བོད་རང་བཙན་ཤོག་ཁག་ཚོའི་མཐོང་ལམ་འགོག་པར་འདོད་ལ་ཁོ་པ་ཚོའི་སེམས་ཁམས་ལའང་གནོན་ཤུགས་སྤྲོད་པར་བསྒོམས། བོད་རང་བཙན་ཤོག་ཁག་ཚོ་ང་ཚོའི་ཆེས་ཆེ་བའི་སྐར་ལྔའི་དར་དམར་ཁོ་པ་ཚོའི་མདུན་དུ་གཡས་བསྐྱོད་གཡོན་སྐོར་བྱེད་པར་བལྟ་བས་མ་གཟོད་པར་རྒྱབ་ཕྱོགས་ནས་བུད་བྱུང་། དེ་ནི་ཁོ་པ་ཚོ་མི་མང་ཤེད་ཆེ་བར་བརྟེན་ནས་ང་ཚོ་བཙིར་ཏེ་བསྐྲད་དགོས་བསམས་པ་རེད། ང་ཚོ་ཁ་ཕྱིར་བསྐོར་ནས་ཁོང་ཚོར་ཉེན་བརྡ་བཏང་བ་མ་ཟད་ཉེན་རྟོག་པར་ཡར་ཞུ་བྱས་ནས་གལ་ཏེ་ཁོང་ཚོས་ད་དུང་ཡང་འབུད་རྒྱག་བྱས་ཚེ་ང་ཚོས་ལག་པ་འགུལ་གྱི་ཡིན་ཚུན་བཤད་པས། བོད་རང་བཙན་ཤོག་ཁག་པའང་ཨོ་ཙམ་དྲང་བདེན་འདུག་པས་དེ་ནས་མུ་མཐུད་ང་ཚོ་བུས་མ་སོང་།

ཡིན་ནའང་བོད་རང་བཙན་རྒྱབ་སྐྱོར་བྱེད་མཁན་མི་དཀར་པོ་དེ་ཚོས་མཚམས་འཇོག་བྱ་མ་འདོད་ལ་དེའི་ཁྲོད་ནས་སྐྱེས་པ་མི་དཀར་པོ་ཞིག་གིས་སྐད་ཆེན་སྒྲ་དུང་ངའི་ལྟག་རྒྱབ་གཏད་དེ་སྐད་ཤུགས་ཆེན་པོས ”Free-Tibet” བོད་རང་དབང(བོད་རང་བཙན་གྱི་དོན)ཞེས་བོས་མོད། ལུས་པོ་ལ་ཐུག་རེག་ཅི་གང་མེད་དུས་ངས་མི་དཀར་པོ་འདིའི་འབོད་སྐད་འགོག་ཐབས་མ་རྙེད། འོན་ཏེ་ངས་མདུང་རྩེ་ཁ་སྤྲོད་ཀྱིས་ཁོང་ཚོའི་སྐད་འབོད་གསེང་བར་ནས་ཁཱེ་པེ་ཁི་རང་བཙན ”Free-Quebec” ཞེས་སྐད་ཤུགས་ཆེན་པོས་བོས། དེ་ནི་ཁ་ན་ཌར་ཏོག་ཙམ་ཆ་རྒྱུས་ཡོད་མཁན་མི་ཚང་མས་ཤེས་གསལ་ལྟར། ཁཱེ་པེ་ཁི Quebecཁ་ན་ཌ་ནས་རང་བཙན་ལ་འགྲོ་རྒྱུའི་གླེང་ཕྱོགས་ཡོད་པས་ཡིན། ཁཱེ་པེ་ཁིའི་གནད་དོན་ནི་སྔར་ནས་ ཁ་ན་ཌ་མགོ་ན་དགོས་པའི་གནད་དོན་ཞིག་རེད། དེ་འདྲ་ཞིག་ནས་ཙུང་ལི་ཀྲུའུ་རུང་ཅི་རླངས་འཁོར་ནས་འབྱོར་བ་དང་མགྲོན་ཁང་མདུན་ལ་བབས་སོང་། ཙུང་ལི་ཀྲུའུ་རླངས་འཁོར་ནས་བབས་མ་ཐག་སྐར་ལྔའི་དར་དམར་ཕྱར་ཡོད་པའི་ཀྲུང་གོའི་སློབ་ཕྲུག་ཕྱོགས་སུ་གཏད་དེ་ལག་པ་གཡུགས་ནས་འཚམས་འདྲིའི་རྣམ་འགྱུར་བསྟན་བྱུང་། དེ་ནས་སྐུ་སྲུང་བས་བསྐོར་ནས་མགྲོན་ཁང་དུ་ཕེབས། ཙུང་ལི་ཀྲུའུ་ཕེབས་འབྱོར་བྱུང་མ་ཐག་པའི་སྐབས་དེར་དགའ་བསུ་དང་ངོ་རྒོལ་བའི་མི་ཚོགས་སྲོག་བསྡོས་ཀྱིས་མདུང་རྩེ་ཁ་སྤྲོད་བྱས་ནས་དར་ཆ་གཡུགས་པ་དང་སྐད་འབོད་སོགས་བྱས་པའི་རྣམས་འགྱུར་དེ་ནི་ཧ་ཅང་འཁྲུགས་ཆ་དོད་པོ་རེད།

ཙུང་ལི་ཀྲུའུ་སྒུག་རིང་གི་ཆུ་ཚོད་འགའ་ཤས་ནང་ང་ཚོའི་སྐད་ཧ་ལམ་འགག་ལ་ཁད་དུ་གྱུར་ལ། ལག་གཉིས་ཀྱིས་སྐར་ལྔའི་དར་དམར་ཕྱར་དྲགས་པས་དཔུང་པ་གཉིས་པོའང་ན་ཟུག་ལངས། ཡིན་ནའང་དུས་ཚོད་དེའི་རིང་དགའ་སྤྲོའི་སྣང་བས་ཁེངས་བྱུང་། དེ་ཅི་རེད་ཟེར་ན། ང་ཚོའི་བྱ་བྱེད་འདིས་བོད་རང་བཙན་ཤོག་ཁག་དང་ནུབ་ཕྱོགས་ཀྲུང་རྒོལ་བ་ཚོའི་སེམས་ནང་ཧང་སངས་བཅུག་པ་རེད། ང་ཚོས་ཁོ་པ་ཚོར་བསྟན་པའི་བརྡ་ནི་ཧ་ཅང་གསལ་པོ་ཡིན་པ་སྟེ། ཀྲུང་གོའི་མིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་ལ་རྒྱ་བཅས་ཀྱི་གནད་དོན་ཆེ་རིགས་ཐད་ལ་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་རེད་ལ་ཅིས་ཀྱང་ཕྱིར་བཤོལ་བྱེད་ལེ་མ་རེད། གནད་དོན་འདི་ཁའོ་ཀར་རེའི་གྲོང་ཁྱེར་དང་ཐ་ན་ཁ་ན་ཌ་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ལ་ཡང་སྟོན་མྱོང་ཡོད་པ་རེད།
གསར་འགྱུར་བརྒྱུད་ལམ་འདི་ཚོས་དོན་རྐྱེན་འདི་རིགས་འགོད་སྤེལ་བྱེད་པའི་སྐབས་སུ། རྩ་བའི་ཆ་ནས་བརྙན་འཕྲིན་ལས་ཁུངས་ཀྱི་ལེན་ཤེལ 镜头བོད་རང་བཙན་ངོ་རྒོལ་ཤོག་ཁག་ཚོར་གཏོད་པ་མ་ཟད་ངོ་རྒོལ་བའི་ཁ་གྲངས་འཕར་བརྒྱབས་ནས་ཆེན་པོ་བཟོ་བ་དང་སྦྲགས ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་གྲངས་ཀ་ཉུང་དུ་གཏོང་གི་རེད། ལྷག་པར་དུ་དགོད་སློང་བྱེད་ཅིག་ལ། གསར་འགྱུར་ནང་ཀྲུང་གོའི་སློབ་ཕྲུག་ཚོས་ཅིའི་ཕྱིར་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པར་བརྗོད་སྐབས། སློབ་ཕྲུག་འདི་ཚོ་ཚང་མ་རྒྱ་ནག་ནང་ཁུལ་དུ་མཐོ་རིམ་དཔོན་རིགས་དང་ཁེ་བཟང་རག་མཁན་རྐྱང་རྐྱང་གི་ཕྲུ་གུ་ཡིན་པར་ཤོད་ཀྱི་ཡོད།

ང་དང་བོད་རང་བཙན་ཤོག་ཁག་དབར་ཐེངས་གཉིས་པ་རྩོད་འགྲན་བྱེད་ས་དེ་ང་ལས་ཀ་བྱེད་སའི་སྨན་ཁང་དུ་རེད། ལས་ཀ་གྲོལ་བའི་སྐབས་སུ་ང་ཉིན་ལྟར་ས་འོག་བགྲོད་ལམ་ཧ་ཅང་རིང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད། བགྲོད་ལམ་འདི་ནི་ནད་སྡོད་ཐོག་རྩེག་ཁང་ཆེན་དང་ཞིབ་བཤེར་ཐོག་ཁང་སྦྲེལ་ཡོད། བགྲོད་ལམ་འདིའི་ནང་དུ་རྟག་པར་གློག་སྣོད་རླངས་འཁོར电瓶车ནས་སྨན་ཁང་སྡེ་ཚན་ཁག་ལ་དགོས་མཁོའི་ཡོ་ཆས་སྐྱེལ་བསུ་བྱེད་འོང་། བོད་རང་བཙན་ཤོག་ཁག་པ་ཉུང་མིན་ཞིག་རིག་གནས་ཆུ་ཚད་མཐོི་པོ་མེད་པས། ཤེས་ཡོན་མི་དགོས་ལ་གླ་ཆ་ཉུང་བའི་ལས་ཀ་འདི་རིགས་མི་བྱེད་ཀ་མེད་རེད། ཉིན་ཞིག གློག་སྣོད་རླངས་འཁོར་ཞིག་གི་རྒྱབ་ལ་བོད་རང་བཙན ”Free-Tibet” ཞེས་པའི་སྦྱར་ཡིག་ཞིག་གླན་ཡོད་པ་མཐོང་སོང་། ཨ་ཅང་ཅང་རླངས་འཁོར་གཏོང་མཁན་བོད་མི་ལོས་ཡིན་ལ་གཟུགས་པོ་རིང་པོ་མེད་ལ་རིད་ཅིང་ནག་པ་ཞིག་རེད། ཁོ་ནི་བོད་རང་བཙན་ཤོག་ཁག་པ་ཞིག་ཡིན་པ་གཏན་འཁེལ་རེད།
ང་དེ་སྐབས་ཡར་སོང་ནས་སྦྱར་ཡིག་དེ་དབྲལ་དགོས་བསམས་མོད།ཡིན་ནའང་དེ་ལྟར་བྱས་ན་རྩོད་གླེང་འཆོར་རྒྱུ་ངེས་པ་རེད་ལ། སྨན་ཁང་ངོས་ནས་དེ་འདྲ་གཏན་ནས་ཆོག་གི་ཡང་མ་རེད། དེ་ནས་ངའི་བསམས་པར་རྗེས་སུ་མཚན་ལས་ཡོང་དུས་མི་མེད་པའི་སྐབས་དང་བསྟུན་ནས་དབྲལ་དགོས་བསམས་མོད། ཡང་གཅིག་བསམ་བློ་གཏོང་དུས་མི་བགྲོད་ལམ་བུ་འདིའི་ནང་དུ་བརྙན་མིག་མང་པོ་བསྒར་ནས་ཆུ་ཚོད 24 བསྲུངས་ཡོད་པས་དེ་ལྟར་བྱས་ནའང་འགྲིག་གི་མེད་པ་ཤེས།

མ་གཞི་ནས་ངས་དེ་ལྟར་དབྲལ་བའི་དབང་དུ་བཏང་ནའང་། བོད་རང་བཙན་ཤོག་ཁག་པ་འདིས་ཡང་གཅིག་ཁྱེར་ཡོང་ནས་སྦྱར་རྒྱུ་ཡིན་པས། མཚན་ལས་ནམ་ཡོང་ལ་སྦྱར་ཡིག་རྐྱང་རྐྱང་དབྲལ་རྒྱུའང་ཐབས་ཤེས་ཞིག་མིན་དུས། འདི་ལྟར་བསམ་བློ་ཡང་སྐོར་བསྐྱར་སྐོར་གཏོང་སྐབས་བྱ་ཐབས་ལེགས་ཤོས་ནི་སྨན་ཁང་ཚང་ལ་ཡར་ཞུ་བྱས་ཏེ་སྨན་ཁང་ངོས་ནས་ཐག་གཅོད་བྱ་རྒྱུ་དེ་ལོས་ཡིན། གང་ཞེ་ན། ནུབ་ཕྱོགས་སུ་ལས་བྱེད་ཚོས་ལས་ཁུངས་ནང་དུ་ཆོས་ལུགས་དང་ཆབ་སྲིད་ལབ་གླེང་མི་བྱེད་པ་ངས་ཤེས་ཡོད་ལ། དེ་ནས་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་འཛིན་སྐྱོང་སྒྲིག་གཞི་ལམ་ལུགས་བཙལ་བས་སྨན་ཁང་ལས་མི་ཚོས་སྨན་ཁང་སྒྲིག་ཆས་དང་འཁོར་ཡུག་སྤྱད་ནས་སྒེར་དོན་བསྒྲུབ་ཆེད་ནད་པ་དང་འབྲེལ་མེད་བྱེད་སྒོ་སྤེལ་ཆོག་གི་མེད་པ་ཤེས་ལ། དེའི་ནང་དུ་ཆབ་སྲིད་ལས་འགུལ་ཀྱང་ཚུད་འདུག དེ་ནས་ངས་སྦྱར་ཡིག་པར་བླངས་ནས་གློག་ཡིག་བརྒྱུད་མི་དོན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་ལ་བསྐུར་ནས་གསལ་བཤད་བྱས་དོན། མི་ལ་ལས་སྨན་ཁང་ནང་དུ་རང་སོ་སོའི་ཆབ་སྲིད་ལྟ་བ་ཆེར་སྐྱེད་བྱེད་ཀྱི་འདུག དེ་ནི་སྨན་ཁང་གི་སྒྲིག་གཞི་ལམ་ལུགས་དོན་ཚན་ག་གེ་མོ་འགལ་བ་བརྗོད་ཡོད། ངའི་བསམ་ཚོད་ལོས་བདེན་ཏེ་གཟའ་འཁོར་གཅིག་སོང་རྗེས་སྦྱར་ཡིག་དབྲལ་ཚར་འདུག དེ་ནས་བཟུང་ལོ་འགའི་རིང་བོད་རང་བཙན་ཤོག་ཁག་རྒྱབ་སྐྱོར་བྱེད་པའི་སྦྱར་ཡིག་གཅིག་ཀྱང་མཐོང་མ་སོང་།

ཕྱི་རྒྱལ་དུ་ལོ་མང་བསྡད་པའི་ནང་། འདི་ལྟ་བུའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་བའི་བྱེད་སྒོ་གང་མང་ལ་ཞུགས་པ་ཡིན་ལ། ཀྲུང་གོའི་ལུས་རྩལ་པར་རྒྱབ་སྐྱོར་སྐད་འབོད་བྱེད་པའི་རུ་ཁག་ལའང་
ཞུགས་མྱོང་། ཕྱི་སྡོད་རྒྱ་རིགས་ལས་འགུལ་ཅུང་ཆེ་གྲས་ནི 2008 ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་སྔོན་ཚུད་དེ་རེད། འདི་སྐོར་ཞིབ་ཕྲའི་གནད་དོན་ཚང་མས་ཤེས་གསལ་ལྟར་རེད། ད་ཆ་ཕྱི་སྡོད་རྒྱ་རིགས་ཚོས་རྒྱལ་ཁབ་དབུ་ཁྲིད་གཟིགས་སྐོར་ལ་དགའ་བསུའི་ལས་འགུལ་དང་ཀྲུང་རྒོལ་ཕྱོགས་གཏོགས་ཁ་གཏད་གཅོག་པ་སོགས་བྱེད་ཀྱི་མེད། དེ་དང་མཉམ་དུ་བོད་རང་བཙན་ཤོག་ཁག་པའང་དཔེ་མེད་ཁུ་སིམ་དུ་སོང་ཡོད་ལ། ཐའེ་ཝན་རང་བཙན་ཤོག་ཁག་དང་ཕྱི་སྡོད་དམངས་གཙོ་ཤོག་ཁག་གི་སྐད་སྒྲ་དེ་བས་བརླགས་ཚར་བ་ལྟར་སྣང་། (ཆོས་འཁོར་སྒོམ་སྒྲུབ་པ་གཅིག་པུས་ལོ་ཟླ་སྦྲེལ་ཏེ་ཨུ་ཚུགས་བརྒྱབས་ནས་གཞི་རྒྱ་ཆུང་བའི་ལས་འགུལ་སྤེལ་གྱིན་ཡོད།)འདིའི་རྒྱུ་རྐྱེན་གཙོ་བོ་ནི་མེས་རྒྱལ་སྟོབས་ཤུགས་སྔོན་མ་ལས་ཧ་ཅང་ཆེ་རུ་ཕྱིན་ཡོད་དུས། ད་ཆ་ང་ཚོ་ཕྱི་སྡོད་རྒྱ་རིགས་མདུན་དུ་ཐོན་ནས་ང་ཚོའི་རྒྱལ་ཁབ་ཁེ་ཕན་སྲུང་དགོས་ཐུག་གི་མི་འདུག འདི་ནི་སྤོབས་པ་སྐྱེ་འོས་ཞིག་རེད།

དོན་ངོ་མས། ཅི་ཙམ་སྟོབས་ཤུགས་ལྡན་པའི་མི་རིགས་ཤིག་ཡིན་པ་དེའི་ཚོད་ཀྱིས་རང་སེམས་སྙོམ་པོས་སྐྱོན་བརྗོད་གདོང་ལེན་བྱ་དགོས་ལ་རང་གཞན་ཆུད་པ་བྱ་དགོས། བོད་རང་བཙན་ལས་འགུལ་ཤོག་ཁག་ལྟ་བུ་ཆ་བཞག་ན། དེ་ནི་ལོ་རྒྱུས་ཀྱི་རྐྱེན་ལས་བྱུང་ལ། དེའི་སྟེང་དུ་ནུབ་ཕྱོགས་སྟོབས་ཤུགས་པས་བེད་སྤྱད་པ་རེད།
མདོར་བསྡུས་ནས་བཤད་ན། བོད་མི་རིགས་ནི་ནང་ཆོས་དད་པ་ཡོད་པའི་ཞི་འཇམ་མི་རིགས་ཤིག་རེད། རྒྱ་མི་རིགས་དང་བསྡུར་ན་ཁོ་ནི་ཉམ་ཆུང་བའི་མི་རིགས་ཤིག་རེད། དོན་དམ་པས་བོད་རང་བཙན་ཤོག་ཁག་ནི་ཁྱིམ་གཞིས་བརླགས་པའི་འཁྱམ་པོ་ཁྱུ་ཅིག་རེད།ཁོང་ཚོའི་ངོ་རྒོལ་དང་། ཡང་ན་ཡི་ཐང་ཆད་ནས་རྒྱུན་ཆད་མེད་པར་རང་སྲེག་བྱས་པའི་ཐད་ལ། ང་ཚོ་སྟོབས་ཤུགས་ཡོད་པའི་རྒྱ་མི་རིགས་འདིའི་ངོས་ནས་དོན་དམ་པས་ང་ཚོས་ཅི་ཞིག་ནོར་འཁྲུལ་བྱས་ཡོད་མེད་རང་ཉིད་ལ་དྲི་རྟགས་འགོད་དགོས། གལ་ཏེ། ང་ཚོས་འོས་འཚམ་སྒོ་ནས་རྒྱལ་ནང་གི་ཉམ་ཆུང་མི་རིགས་ཤིག་གི་འགལ་འདུའི་གནད་དོན་ཐག་གཅོད་ཐུབ་ཀྱི་མེད་ཚེ། ཕྱི་ལོགས་ན་ང་ཚོས་ཅི་ལྟར་བྱས་ནས་བོད་མི་རིགས་ལས་སྟོབས་ཤུགས་ཆེ་བའི་མི་རིགས་ཤིག་གདོང་ལེན་བྱ་དགོས། དེས་མ་ཚད་དུས་རབས་ཁ་ཤས་རིང་འཛམ་གླིང་ཡོངས་དབང་བསྒྱུར་བྱས་པའི་ནུབ་ཕྱོགས་རིག་གནས་ལ་འགྲན་རྒོལ་བྱེད་རྒྱུ་ཡིན་པ་མ་གླེང་རོགས། དར་རྒྱས་དང་དོན་ཆེན་ཟེར་བའང་ཉུག་རུམ་པ་རྣམ་པས་ཁོང་ཚོའི་རྒྱལ་སྲས་ཡིད་འགུགས་པའི་སླད་དུ་མངགས་ཉོ་བྱས་པའི་གྱོན་གོས་ཙམ་དུ་ཟད་པ་མིན་ནམ།

སྒྱུར་བ་པོའི་མཆན། རྩོམ་ཡིག་འདིའི་ནང་དུ་ཐ་སྙད་ཉུང་ཤས་ད་ཕན་བོད་ཀྱི་སྤྱི་ཚོགས་སུ་རྒྱུགས་ཆེན་པོ་མེད་པས་ཆེད་དུ་བོད་རྒྱ་ཤན་སྦྱར་བྱས་ཡོད།
མ་རྩོམ། http://blog.sina.com.cn/s/blog_60f361d00101fg19.html

我与藏独份子的两次较量
2013年10月24日
2013-09-28
生活在海外时常会碰到在国内遇不到的人和事物。大多数从国内出来的人对于那些有损于国家统一和尊严的事情都会自然而然地表示愤慨,并义无反顾地投身于捍卫民族尊严的斗争之中。因为国家的兴衰和声誉是与我们的命运紧紧地连结在一起的。
加拿大西部山城凯尔格瑞(Calgary,又翻成卡尔加里)巿居住着不少从印度来的西藏独立份子。若干年前,每当有中国领导人来加拿大访问,他们总 是要组织几十人马一路跟隨着中国领导人的访问路线举行抗议示威,企图制造各种噪音以引起西方反华势力的注意并寻求他们对西藏独立的支持。
一九九八年,朱镕基总理来到加拿大并访问了凯尔格瑞。当时这里从大陆来的人不多且基本上都在凯尔格瑞大学学习或做访问学者。根据领事馆的指示,学生 会组织学生去朱镕基总理下榻的旅馆前迎接他的到来。那天大约有100来学生举着五星红旗,打着欢迎标语一早就来到旅馆大门对面。大伙在人行道上占好有利位 置等待总理的到来。后来几十号藏独份子打着代表西藏独立的雪山狮子旗也来了,另外还有少数台独份子。藏独份子因有西方反华人士夹在中间支持他们而显得比较 猖狂。由于中国学生已将旅馆大门对面的人行道占去,他们向维持秩序的警察提议要求人行道以旅馆大门为界分出一半给他们抗议人士。警察出于公平原则同意了他 们的要求。于是通知中国学生会负责人要求让出一半。学生会负责人胆小怕事,同意让出一半并要学生撤到一边。当时我就在一米远以外。听说要无端让出一半位置 肺都气炸了。于是我同警察交涉,并強调市政府事先并没有划定区域,我们先来有权力站在这里。警察听后一脸的无奈。我知道他认为我说的有理所以我紧紧抓往人 行道上的铁栏杆坚决不肯移动半步。这时大多数学生都已退到另一半,藏独份子乘机涌了过来并占领让出的空位。附近有两位中国学生也觉得让出毫无道理,看我坚 持着就过来站在我的右侧并紧靠栏杠。这样就形成了我们三人被几十个藏独人士包围的局面。我们举着一面巨大的五星紅旗,周围是几十面小小的雪山狮子旗。警察 见状,意识到有潜在的冲突。于是两腿叉开手握着警棍在二、三米开外的街上直接面对着站在我们前面,一步也不离开。我们拼命地朝两边挥动着那面巨大的五星红 旗,试图阻断藏独份子的视线并给他们以心理压力。藏独份子很不满我们的巨大红旗在他们面前左右飘扬,便从后面推?我们,试图靠他们人多势众将我们挤走。于 是我们回头警告他们,并告诉警察如果他们再推,我们也要动手了。藏独分子还算老实,不敢再继续碰撞我们。但支持藏独的白人却不肯罢休。其中一个白人男子用 高音喇叭对着我的后脑勺用最大的声音高喊”Free-Tibet”(自由西藏,即西藏独立的意思)。因没有肢体接触,我们没法制止这个白人的叫喊。但我们 也则针锋相对地在他们喊的口号间隙高呼”Free-Quebec”(魁北克独立)。对加拿大有所了解的人都知道,魁北克有从加拿大独立出去的倾向。魁北克 问题一直是加拿大一个很头疼的问题。后来朱镕基总理的专车到来后停在旅馆的大门口。朱总理下车后朝着举着五星紅旗的中国学生们挥手致意,然后被保镖们拥簇 着进了酒扂。欢迊与抗议的人群在朱总理到来的一刻都拼命地摇旗呐喊,争锋相对,十分火爆。
在等待朱镕基总理到来的个把小时里,我们的声音都快要喊哑了,举红旗的双臂也很酸了,但一直感到很兴奋。因为我们的行动给藏独份子和西方反华势力产 生心理震撼。我们给他们传递信息是很清楚的,即中国人在国家统一和民族尊严的大是大非问题上是支持中国政府的,也是决不会退让的。这一事件在凯尔格瑞市的 地方乃至加拿大主流媒体都有报道。这些媒体在报道这一事件时,电视台的镜头基本上都是对准藏独抗议人士,并夸大抗议人群的人数,同时少报支持中国政府的学 生人数。特别有意思的是,媒体在解释为什么中国学生支持中国政府时竟说这些学生都是国內高干子弟,是中国的既得利益者。
我与藏独分子的第二次交锋发生在我工作的医院里。每天上下班,我都要经过一条很长的地下走道。这条走道是连接住院大楼与检验楼的通道。通道里经常有 电瓶车来回运送医院各部门所需的物资。不少藏独分子文化水平不高,只能从事这种不需文凭的低薪工作。一天我注意到一辆电瓶车的尾部贴了一张印刷的标 语:”Free-Tibet”。开车的显然是个西藏人,个子不高,黑黑瘦瘦的。他肯定是个藏独份子。当时我真想上去将那标语撕了,但这样肯定会引起争吵。 这是院方绝对不允许的。于是想在下次下夜班没人时将它扯下来。但后来注意到医院走道里有多个摄像头24小时监控,看来这样做也是不妥。再者即使我将之揭下 来,藏独份子很可能再拿一张贴上去,总不能经常下夜班后过来揭标语吧。想来想去觉得最佳的方法当然是去跟院方交涉此事,由院方出面解决。因为我知道在西 方,工作人员是不在工作单位里谈论宗教和政治的。于是我查找了卫生局的行政政策规定,发现医院规定工作人员不得利用医院的设备,场所谋取私利以及进行与病 人医疗无关的各项活动,包括政治活动。于是我拍了照片,并发邮件给人事部门的负责人。告诉他们有人在医院内申张自己的政治主张,并指出了这是违反卫生局行 政规定的第几条。不出所料,一星期后标语就被去掉了。几年来,我再也没有见到任何支持西藏独立的标语了。
出国多年来,象这类捍卫中国国家尊严的活动陆陆续续地参加了一些,也加入过给中国体育健儿加油的啦啦队。上一次较大规模的海外华人活动是在2008 年北京奥运会之前,其中的原因大家都是很清楚的。现在海外华人已经不再继续进行这类欢迊国家领导人到访和抗击各种反华势力的活动了。同时藏独势力已收敛了 很多,台独势力和海外民运已基本消声匿迹(唯有法轮功还坚持小规模但长年累月持续不断地抗议活动)。其中的原因是当然是因为祖国已比以前强大了许多,已经 不需要我们海外华人出面护卫我们的国家利益了。这是值得骄傲的!
实际上,越是强大的民族越能够以平常心对待批评并包容异己。就藏独运动而言,那是历史的因素造成,并被西方势力利用。总体来说,藏民族是信仰佛教的 温和民族。与汉民族相比,她是一个弱势的民族。藏独分子实际上只是一群丧失家园流浪汉。对于他们的抗议和不断出现绝望地自焚,我们汉人做为强势民族因该扪 心自问我们到底做错了什么?如果我们善且不能在国内妥善地解决与一个弱小民族的矛盾,我们在外如何去面对一个比藏族强大的多的大和民族,更不要谈去挑战已 统治了世界几百年的西方文明了。那些所谓的崛起和盛世只不过是太监们为讨他们皇帝的喜欢而给他量身订做的二套新衣罢了。
徽鹰
http://blog.sina.com.cn/s/blog_60f361d00101fg19.html

འགྱུར་རྩོམ།

Post navigation

Previous Post: ཀྲོའུ་ཝེ་ཆོན་གྱིས་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་སུ་ཚད་མཐོའི་རང་སྐྱོང་སྐོར་ལ་འགྲེལ་བརྗོད།
Next Post: གནས་ལུགས་ལ་ཞེན་པ་ལོག་སོང་།

Comments (15) on “ང་དང་བོད་རང་བཙན་ཤོག་ཁག་གི་འགྲན་རྩོད་ཐེངས་གཉིས།”

  1. རིག་པའི་བུ says:
    2013-11-04 at 8:44 am

    དེ་ནི་ལ་རྒྱ་ཅན་གྱི་རྒྱ་རིགས་དང་རྒྱ་ནག་དབང་འཛིན་ཕྱོགས་ཁག་གི་བསམ་བློ་རྣལ་མ་རེད། བོད་མིས་ཅི་ཙམ་སྟུན་ཡང་། རྒྱ་ནག་གིས་རང་གི་འཇོན་ཐང་དུ་སྒོམ་པ་ལས་ཁྱེད་ཀྱི་བསམ་ཤེས་མཐོང་མི་ཐུབ། ད་རྒྱ་ནག་ལ་སྟབས་སྟུན་མཁན་རྣམ་པ་ལགས། རྒྱ་ནག་གིས་ཁྱེད་ཚོ་བསམ་ཤེས་བཏང་སྲིད་དམ། སྒྱུར་མཁན་ལ་ཐུགས་རྗེ་ཆེ།

  2. རིག་པའི་བུ says:
    2013-11-04 at 8:55 am

    ནམ་ཡང་རང་གི་མཐུན་ཕྱོགས་ཁོ་ན་བསྒྲགས་པ་འདི་མི་རིགས་འདི་ལོག་ལམ་དུ་ཁྲིད་པའི་སྔ་ལྟས་ཡིན་པས། སྒྱུར་བ་པོས་གནད་དོན་འདི་སྒྱུར་བ་ཡག་བྱུང་། རྡ་སའི་མི་མང་པོ་ཞིག་གི་ངག་ནས་བོད་མི་རིགས་འདི་འཆི་ལམ་དུ་འདེབས་བྱེད་ཀྱི་གནས་ཚུལ་རྫུན་མ་ལས། དོན་དངོས་ཀྱི་གནས་ཚུལ་མང་པོ་མཐོང་བའི་གནད་དོན་ཉུང་བས་གནས་ཚུལ་འདི་སྤྲད་པ་ཡག་བྱུང་། འཇིག་རྟེན་འདི་འགྲན་རྩོད་ཀྱི་རང་བཞིན་ཡིན་པས་རྩོད་པ་མེད་པ་བཀྲ་ཤིས་བདེ་ལེགས་ཁོ་ནས་ཡོང་ག་ལ་ཐུབ། རྡ་སའི་བསམ་བློ་འདི་གོང་དུ་རྒྱ་རྒན་གྱིས་བཤད་པ་ལྟར་བོད་མི་རྣམས་ཉམ་དང་ནུས་མེད་དུ་སྒྱུར་བྱེད་རེད། བོད་ནས་ཁམས་དང་ཨ་མདོ་ཟེར་སྐབས་ལ་རྒྱའི་ཆེད་དུ་ཚེ་སྲོག་ཀྱང་བཏང་ཐུབ་ཀྱང་། རྡ་སར་སླེབས་ནས་དཔའ་རྒོད་ཡིན་ཡང་ཝ་ལྟར་སྡར་མར་ཆགས། དེ་ནིི་འཇིག་རྟེན་བཀྲ་ཤིས་བདེ་ལེགས་ཡིན་ཚུལ་གྱི་གནས་ཚུལ་ཁོ་ན་སྤྲད་ཡ་མང་དྲགས་པས་རེད།

  3. དྲི་མེད་ལྷག་བསམ། says:
    2013-11-04 at 9:28 am

    དོན་ངོ་མས། ཅི་ཙམ་སྟོབས་ཤུགས་ལྡན་པའི་མི་རིགས་ཤིག་ཡིན་པ་དེའི་ཚོད་ཀྱིས་རང་སེམས་སྙོམ་པོས་སྐྱོན་བརྗོད་གདོང་ལེན་བྱ་དགོས་ལ་རང་གཞན་ཆུད་པ་བྱ་དགོས། 实际上,越是强大的民族越能够以平常心对待批评并包容异己。བོད་རང་བཙན་ལས་འགུལ་ཤོག་ཁག་ལྟ་བུ་ཆ་བཞག་ན། དེ་ནི་ལོ་རྒྱུས་ཀྱི་རྐྱེན་ལས་བྱུང་ལ། དེའི་སྟེང་དུ་ནུབ་ཕྱོགས་སྟོབས་ཤུགས་པས་བེད་སྤྱད་པ་རེད།就藏独运动而言,那是历史的因素造成,并被西方势力利用。
    མདོར་བསྡུས་ནས་བཤད་ན། བོད་མི་རིགས་ནི་ནང་ཆོས་དད་པ་ཡོད་པའི་ཞི་འཇམ་མི་རིགས་ཤིག་རེད། རྒྱ་མི་རིགས་དང་བསྡུར་ན་ཁོ་ནི་ཉམ་ཆུང་བའི་མི་རིགས་ཤིག་རེད། དོན་དམ་པས་བོད་རང་བཙན་ཤོག་ཁག་ནི་ཁྱིམ་གཞིས་བརླགས་པའི་འཁྱམ་པོ་ཁྱུ་ཅིག་རེད།总体来说,藏民族是信仰佛教的 温和民族。与汉民族相比,她是一个弱势的民族。藏独分子实际上只是一群丧失家园流浪汉。ཁོང་ཚོའི་ངོ་རྒོལ་དང་། ཡང་ན་ཡི་ཐང་ཆད་ནས་རྒྱུན་ཆད་མེད་པར་རང་སྲེག་བྱས་པའི་ཐད་ལ། ང་ཚོ་སྟོབས་ཤུགས་ཡོད་པའི་རྒྱ་མི་རིགས་འདིའི་ངོས་ནས་དོན་དམ་པས་ང་ཚོས་ཅི་ཞིག་ནོར་འཁྲུལ་བྱས་ཡོད་མེད་རང་ཉིད་ལ་དྲི་རྟགས་འགོད་དགོས།对于他们的抗议和不断出现绝望地自焚,我们汉人做为强势民族因该扪 心自问我们到底做错了什么? གལ་ཏེ། ང་ཚོས་འོས་འཚམ་སྒོ་ནས་རྒྱལ་ནང་གི་ཉམ་ཆུང་མི་རིགས་ཤིག་གི་འགལ་འདུའི་གནད་དོན་ཐག་གཅོད་ཐུབ་ཀྱི་མེད་ཚེ། ཕྱི་ལོགས་ན་ང་ཚོས་ཅི་ལྟར་བྱས་ནས་བོད་མི་རིགས་ལས་སྟོབས་ཤུགས་ཆེ་བའི་མི་རིགས་ཤིག་གདོང་ལེན་བྱ་དགོས། དེས་མ་ཚད་དུས་རབས་ཁ་ཤས་རིང་འཛམ་གླིང་ཡོངས་དབང་བསྒྱུར་བྱས་པའི་ནུབ་ཕྱོགས་རིག་གནས་ལ་འགྲན་རྒོལ་བྱེད་རྒྱུ་ཡིན་པ་མ་གླེང་རོགས། 如果我们善且不能在国内妥善地解决与一个弱小民族的矛盾,我们在外如何去面对一个比藏族强大的多的大和民族,更不要谈去挑战已 统治了世界几百年的西方文明了。དར་རྒྱས་དང་དོན་ཆེན་ཟེར་བའང་ཉུག་རུམ་པ་རྣམ་པས་ཁོང་ཚོའི་རྒྱལ་སྲས་ཡིད་འགུགས་པའི་སླད་དུ་མངགས་ཉོ་བྱས་པའི་གྱོན་གོས་ཙམ་དུ་ཟད་པ་མིན་ནམ།那些所谓的崛起和盛世只不过是太监们为讨他们皇帝的喜欢而给他量身订做的二套新衣罢了。
    徽鹰

  4. ཚེ་རིང་བསམ་གྲུབ། says:
    2013-11-04 at 9:39 am

    བོད་མི་རིགས་འདི་སྟོབས་ཤུགས་ཆེ་བའི་མི་རིགས་ཤིག་ཆགས་ན་གཞི་ནས་རྒྱ་ཕྲུག་ཚོས་བརྩི་འཇོག་བྱེད་ཀྱི་རེད། སྟོབས་ཤུགས་ཟེར་ན་གདུང་རྩེའི་རྣོ་རེད།

  5. རིན་ཆེན། says:
    2013-11-04 at 11:13 am

    ང་ཚོ་བོད་མི་ཡོང་ལ་དེ་ལྟ་བུའི་གནས་ཚུལ་གསལ་པོ་ཤེས་པའི་གོ་སྐབ་དང་རང་དབང་དགོས་རེད། ཐུགས་རྗེ་ཤིན་ཏུ་ཆེ་ཡིག་སྒྱུར་ལགས།

  6. རིག་པའི་བུ says:
    2013-11-04 at 12:08 pm

    ངས་རྒྱ་ནག་གི་དབང་འཛིན་པ་རྣམས་འདི་ལྟར་ཡིན་པ་སྔ་ནས་རྟོགས་ཤིང་། སྐད་ཆ་བཤད་སྐབས་ཕྱི་སྡོད་བོད་མི་མང་པོ་ཞིག་དང་། ལྷག་པར་དུ་རྡ་སའི་གནས་སྡོད་བོད་མི་མང་པོ་ཞིག་གིས་གཏན་ནས་ངོས་ལེན་བྱེད་ཀྱི་མི་འདུག ད་ལྟ་རྒྱ་ཕྲུག་གིས་བདེན དཔང་བྱས་འདུག དེ་ལ་འགྲེལ་བཤད་ག་འདྲ་བྱེད་དམ། རྒྱ་ཕྲུག་ཆེས་ཉུང་ཤས་ཤིག་གི་བསམ་བློ་རེད་སྨྲའམ།

  7. གཅན་ཚ བཟོད་རྒྱམ། says:
    2013-11-04 at 1:31 pm

    (ཀྲུང་གོའི་མིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་ལ་རྒྱ་བཅས་ཀྱི་གནད་དོན་ཆེ་རིགས་ཐད་ལ་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་རེད་ལ་ཅིས་ཀྱང་ཕྱིར་བཤོལ་བྱེད་ལེ་མ་རེད།) ཞེས་དང་ཡང་། (བོད་རང་བཙན་ཤོག་ཁག་པ་ཉུང་མིན་ཞིག་རིག་གནས་ཆུ་ཚད་མཐོི་པོ་མེད་པས། ཤེས་ཡོན་མི་དགོས་ལ་གླ་ཆ་ཉུང་བའི་ལས་ཀ་འདི་རིགས་མི་བྱེད་ཀ་མེད་རེད། ) ཅེས་པ་འདི་ཚོས་རྒྱའི་གཏིང་སེམས་ནག་པོ་དེ་དང་། བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་མངོན་གསལ་དོད་པོར་བྱས་མི་འདུག་གམ།
    རྩོམ་ཡིག་འདི་ཡང་རྒྱ་མི་ཤེས་ཡོན་པ་ཞིག་གིས་བྲིས་པ་ཡིན་སྲིད་པ་རེད་ལ། ཁོའི་སེམས་ཁམས་བརྒྱུད་ནས་ཁོ་དང་ཁོ་འདྲ་བ་རྒྱ་མི་ཤེས་ཡོན་པ་བཅུ་ནས་བརྒྱ་སྟོང་གི་སེམས་ཁམས་རྟོགས་ཐུབ་པ་འདུག་ན། ཁོ་དག་གིས་བོད་མི་དང་བོད་མིའི་གནད་དོན་དེར་ལྟ་ཚུལ་ཅི་ཞིག་བཟུང་འདུག་པའང་གསལ་བོ་མ་རེད་དམ།

  8. སྟག་སྨྱོན། says:
    2013-11-04 at 7:04 pm

    ཡུན་རིང་ཞིག་ནས་ཕྱི་རོལ་གྱི་བོད་མི་ཚོའི་སྐད་ཆར་ཉན་འདོད་མེད་པ་མ་ཟད། ཕྱི་རོལ་གྱི་བོད་མི་ཚོ་ལ་ཕར་སྐད་ཆ་བཤད་རྒྱུའི་འདོད་པའང་མེད། སྐབས་རེ་བཀྲུས་ན་དག་ཐབས་དང་བཅད་ན་ཆོད་ཐབས་མེད་ཁྲག་གི་འབྲེལ་བ་འདིས་བོད་མི་རིགས་དང་འབྲེལ་བའི་གནད་དོན་རེ་འགར་མིག་ཟུར་རེ་མི་ལྟ་རང་ལྟ་ཆགས་འགྲོ་གི་འདུག དཔེར་ན་དེ་རིང་རྒྱ་མི་འདིས་བཤད་པའི་༼ཀྲུང་གོའི་མིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་ལ་རྒྱ་བཅས་ཀྱི་གནད་དོན་ཆེ་རིགས་ཐད་ལ་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་རེད་ལ་ཅིས་ཀྱང་ཕྱིར་བཤོལ་བྱེད་ལེ་མ་རེད། གནད་དོན་འདི་ཁའོ་ཀར་རེའི་གྲོང་ཁྱེར་དང་ཐ་ན་ཁ་ན་ཌ་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ལ་ཡང་སྟོན་མྱོང་ཡོད་པ་རེད།༽ཞེས་པའི་སྐད་ཆ་འདི་བདེན་པ་རེད། རྒྱ་མི་རིགས་ལ་ཐུན་མོང་གི་དམ་ཚིག་འདི་ཡོད་སྟབས་ཕྱོགས་ཐམས་ཅད་རྣམ་པར་རྒྱལ་ཐུབ་ཡོད་པ་རེད། སྟབས་ཉེས་ནས་ང་ཚོ་བོད་མི་རིགས་ཀྱི་བསམ་བློ་དག་དག་རྒྱ་མི་རིགས་ཀྱི་བསམ་བློ་དེ་ལས་ལྡོག་ཕྱོགས་ཆགས་ཡོད་སྟབས། བོད་མི་རིགས་ཕམ་ཉེས་སོང་དང་འགྲོ་བཞིན་པ་རེད། བོད་པ་ཚོས་དཔེར་ན་ནང་ཁུལ་གྱི་རྩོད་གླེང་ཕྲན་བུ་རེ་ཕན་ཚུན་བདེན་ཁ་མི་སྤྲོད་པར་ནང་དམེ་བྱེད་རྒྱུར་ཐོགས་པ་མེད་པ་དང་། ནང་ཁུལ་གྱི་འགལ་ཟླ་ཕྲན་བུ་རེ་བློ་ཁོག་ལ་མ་ཤོངས་པར། བོད་མི་རིགས་ཀྱི་ལག་དམར་དང་རིག་གཞུང་གཏོར་བཤིག་གཏོང་མཁན་དང་། བོད་ཀྱི་གཏེར་ཁ་དང་ཁོར་ཡུག་ཡོངས་རྫོགས་བཙན་འཕྲོག་བྱེད་མཁན་རྒྱ་དམར་ལ་མགོ་མདོག་བྱེད་རྒྱུར་ཡང་ངོ་ཚ་མེད་པའི་རྐྱེན་གྱིས། བོད་རྒྱལ་ཁབ་འཇིག་དང་འཇིག་བཞིན་པ་རེད།
    རྡོག་རྡོག་བཤད་ན་བོད་མི་རིགས་ནི་ནང་ཁུལ་གྱི་ལ་རྒྱ་རྩོད་རྒྱུར་དགའ་བ་ཞིང་། ཐ་ན་ནང་ཁུལ་གྱི་ལ་རྒྱ་རྩོད་ཆེད་དགྲ་བོ་ལག་དམར་ལའང་མགོ་མདོག་བྱེད་རྒྱུར་ངན་ལངས་ཏུ་སོང་ཡོད་སྟབས། མི་རིགས་འདི་ལ་མ་འོངས་ཡོད་པ་མ་རེད། མི་རིགས་འདིའི་ཆེད་དུ་དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཡོད་པ་མ་རེད།

  9. སད་མི says:
    2013-11-05 at 12:36 am

    སྟག་སྨྱོན་ནས་བཤད་པ་ལྟར། གང་ལྟར་ཀྱང་ང་ཚོ་ནི་དབུགས་སུར་སུར་ཙམ་ལས་མེད་པའི་མི་རིགས་འདི་དང་བཀྲུས་ན་དག་ཐབས་དང་བཅད་ན་ཆོད་ཐབས་མེད་ཤ་ཁྲག་འབྲེལ་བ་ཡོད་ཚར་དུས། ང་ཚོའི་སྡུག་དཀའ་ལས་འདི་ལ་ཅི་ལྟར་གྲུབ་འབྲས་མེད་སྲིད་ནའང་ནང་དབུགས་ཡོངས་སུ་མ་ཆད་བར་ཤི་སྦར་མ་འཐམ་རང་འཐམ་རེད། གང་ལྟར་ང་ནི་བོད་མི་སེམས་ཆུང་རྨོངས་རྒན་འགའ་རེའི་ནང་ཁུལ་ཞེན་འགོག་སྐམ་པོ་དེ་རིགས་ལ་མིག་ཟུར་ཙམ་ཡང་འཕེན་མི་འདོད། གང་ཞེ་ན། བོད་མི་རིགས་ཧྲིལ་པོ་ཆག་འཇིག་གི་སོ་ཁ་ན་ཡོད་དུས། ང་ཚོ་ལ་དེ་འདྲའི་དུས་ཚོད་ཡོད་པ་མ་རེད་ལ་འདུན་པའང་དེ་བས་མེད།

  10. ལུང་རྟོགས། says:
    2013-11-05 at 10:03 am

    སྙིང་རྗེ། རྒྱ་རྒན་གྱི་སྐད་ཆ་ཚིག་གཉིས་ཀྱིས་དྲྭ་འབུ་ཚོའི་སྙིང་སྟོབས་ཉམ་ནས་སྐྱག་པ་ཡང་ཤོར་གྲབ་ཡོད་པ་འདྲ། སྙིང་སྟོབས་འདི་འདྲ་ཞིག་ལས་མེད་ན་རང་དབང་ཇི་ལྟར་བརྩོད། ཧཧཧ

  11. ཞོལ་གཡག་འབྲོང་རྒྱུད། says:
    2013-11-05 at 1:10 pm

    རྒྱ་རྒན་འདིའི་སྐད་ཆ་ཚིག་གཉིས་དེ་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལྷག་གི་བསམ་བློའི་ཚབ་མཚོན་ནུས་པའི་སྐད་ཆ་ཞིག་རེད། འོ་ན་བོད་མི་རིགས་ས་ཡ་དྲུག་གི་བསམ་བློའི་ཚབ་མཚོན་ནུས་པའི་སྐད་ཆ་ཚིག་རེ་གཉིས་བཤད་མཁན་འདྲ་ཨེ་ཡོད། ཡོད་ན་མདུན་གྲལ་དུ་སླེབས་དགོས་པ་རེད།

  12. lནུབ་ཕྱོགས་གངས་ཕྲུག says:
    2013-11-05 at 3:00 pm

    ལུང་རྟོགས་ལགས། རྒྱ་རྒན་ཚོས་བོད་མི་རིགས་ལ་བརྙས་བཅོས་ཚད་མེད་བྱས་ནས། ད་དུང་སེམས་པ་བཟང་མདོག་མ་བྱེད་ཨ། མ་གཞི་ཁྱེད་རང་བློ་སྦྱོང་ཉམས་ལེན་བྱེད་མཁན་ཞིག་ཡིན་ས་རེད། ཁེ་དང་རྒྱལ་ཾ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་ལེན། ཞེས་གསུངས་པ་ལྟར་གྱོང་ལེན་ནས་རྡ་སའི་རི་ཁུག་ནང་ལོ་ངོ་སྟོང་ཁྲག་རིང་གནས་པར་ཤོག

  13. ཀ་ཁའི་རྫི་བོ། says:
    2013-11-05 at 9:33 pm

    Free Tibet, བོད་རང་དབང་ལ་གོ་འམ་བོད་རང་བཙན་ལ་གོ

  14. སད་མི says:
    2013-11-05 at 11:33 pm

    སྤྱིར་ཚིག་གི་ངོ་གདོང་ལ་བསམས་ན། བོད་རང་དབང་ལ་གོ་བ་རེད། ཡིན་ནའང་རྒྱ་མིའི་གོ་བ་ལེན་ཕྱོགས་ནི་བོད་རང་བཙན་ལ་གོ་བ་ལེན་གྱི་འདུག

  15. ཤར་པ་ says:
    2013-11-07 at 12:19 am

    བོད་རང་བཙན་ཚོགས་པས་རྒྱ་རོའི་འདི་སྐད་ངན་ཤོར་དགོས་པ་བཟོས་འདུག། ཁྱི་རྒན་ཁོས་བོད་མི་ལ་དམའ་འབེབས་དང་བོད་དེ་ཁོ་ཚོས་ཧམ་ཟོས་བྱེད་པ་དོན་གྱི་བཤད་འདུག། བོད་མི་ཡོན་ཏན་མེད་པར་བཤད་འདུག། ཕྱི་རྒྱལ་ལ་རྒྱ་མི་ སྦི་ཨར་ལྤགས་པ་མཚན་གང་ ་བསྒྲུག་མཁན་རྒྱ་མི་མང་ སྨད་ཚོང་མ་རྒྱ་མི་མང། ཞིང་ཁ་སོགས་ལས་འབུ་སྒྲུབ་མཁན་རྒྱ་མི་མང། རྒྱ་མི་ཚང་མ་ཡོན་ཏན་ཅན་གལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme