Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་སྒྲོན་སྤར་རོགས།

Posted on 2011-05-162011-05-16 By ཁ་བརྡ་ 4 Comments on གློག་སྒྲོན་སྤར་རོགས།

བརྩེ་གྲོགས་མ་ལྷ་སྒྲོལ་དང་གཡང་སྐྱིད་གཉིས་ཀྱིས་རྨང་བཏིང་ཞིང་རང་རིགས་མ་ཡུམ་དག་གི་ཚབ་ཏུ་བྲིས་པ།
ཐོར་རྒོད་པ་སྤྱན་ཆབ།
light
མུན་ནག་ལས་ཁྱོད་ཀྱི་འཁུན་སྒྲ་ཁོ་ནས་ང་ལ་ཅི་ཡང་མི་རག་པས
མུན་ནག་ལས་ཁྱོད་ཀྱི་རྡེབ་གསིག་གཅིག་པུས་ང་རང་ཅི་ཡང་མི་ཚིམ་པས
ངས་ཁྱོད་ཀྱི་བྱད་བཞིན་གྱི་ཆགས་ཉམས་དེར་ཡང་ཡང་བལྟ་དགོས
སྙིང་ཉེ་ལགས ང་ལ་གློག་སྒྲོན་སྤར་རོགས།

མཆུ་སྦྱོར་དང་འཐམ་འཁྱུད་ཀྱི་གཡོ་འགུལ་སེམས་སུ་ཟུག་ནའང
འཕུར་མཉེད་དང་འདར་གསིག་གི་ལྕེ་རྩེ་གང་སར་ཉུག་ནའང
ང་ཡིས་ཁྱོད་ཀྱི་མིག་མདངས་ཀྱི་དྭངས་མ་དེ་མཐོང་དགོས་ཡོད
སྙིང་ཉེ་ལགས ང་ལ་ཁྱོད་ཀྱི་སྤྱན་ཟུང་གི་གློག་སྒྲོན་སྤར་རོགས།

ཁྱོད་ཀྱི་ལག་ཟུང་གིས་ང་མྱོས་བུམ་ཕུར་ཙམ་ཕུར་ཙམ་གྱི་བདེ་བ་དེ
ཁྱོད་ཀྱི་ཤ་རྒོད་དག་ང་ཡི་གང་སར་རེག་ཙམ་རེག་ཙམ་གྱི་བདེ་བ་དེ
ང་ཡི་ཤ་ཚིལ་དག་གི་བར་གསེང་ན་རྒྱུ་བའི་བདེ་བ་དེ་ལས་ཀྱང
སྙིང་ཉེ་ལགས ང་ལ་ཁྱོད་ཀྱི་སེམས་པའི་གློག་སྒྲོན་སྤར་རོགས

འཁྲིག་སྤྱོད་ཀྱི་བདེ་བ་དེ་ཤ་རུས་ཀྱི་ཚ་སྦྲིད་ཅིག་ཡིན་ཙ་ན
འཁྲིག་སྤྱོད་ཀྱི་བདེ་བ་དེ་ལུས་སེམས་ཀྱི་ཚོར་ཤེས་ཤིག་ཡིན་ཙ་ན
ངའི་དམར་ཧྲེང་གི་ལུས་སེམས་གཅེར་རྒྱུའི་ངོགས་སུ
སྙིང་ཉེ་ལགས ཁྱོད་ཀྱི་དགའ་དུང་གི་གློག་སྒྲོན་ནམ་ཡང་མ་ལྷོད་ཅིག
13/05/2011

སྙན་ངག

Post navigation

Previous Post: གྲོས་ཚོཊ་བཅོས་བསྒྱུར་དང་གཞུང་གི་གཞི་རིམ་རྩ་འཛུཊ་བཞེངས་སྐྲུན།
Next Post: སྔོན་གླེང་དང་དོན་ཚན་དང་པོ།

Comments (4) on “གློག་སྒྲོན་སྤར་རོགས།”

  1. དོལ་སྨྱོན། says:
    2011-05-16 at 2:54 pm

    སྙིང་ཉེ་མ།
    ཁྱོད་ཀྱིས་མིག་ཟུང་ཕྱེས་དང་།
    ཁྱོད་ཀྱིས་ལག་ཟུང་གློད་དང་།
    ལྷིང་འཇགས་ཀྱི་མཚན་ལྗོངས་འདི་ནས།
    སྲབ་འཇམ་གྱི་མལ་ཆས་ནང་ནས།
    འཐམ་སྦྱོར་འཁྲིག་གསུམ་གྱི་བྱ་བ་ལ་གཞི་ནས་འཇུག་རྒྱུ་ཡིན་པས།
    ཁྱོད་ཉིད་བྲེལ་ཤ་ལང་མི་རུང་།

    གློག་ཞུན་མེད་ནའང་ཆོག
    རྒུན་ཆང་མེད་ནའང་འགྲིག
    ཡུན་རིང་དུ་དཀའ་བས་བསགས་པའི་བདུད་རྩིའི་ཐིགས་ཡོད་ཚད།
    ཅི་མི་སྙམས་པར་ཁྱོད་ཀྱི་པདྨའི་སྟེང་བྱོ་ངེས་ཡིན།

  2. དོལ་སྨྱོན། says:
    2011-05-16 at 2:54 pm

    སྙིང་ཉེ་མ།
    ཁྱོད་ཀྱིས་མིག་ཟུང་ཕྱེས་དང་།
    ཁྱོད་ཀྱིས་ལག་ཟུང་གློད་དང་།
    ལྷིང་འཇགས་ཀྱི་མཚན་ལྗོངས་འདི་ནས།
    སྲབ་འཇམ་གྱི་མལ་ཆས་ནང་ནས།
    འཐམ་སྦྱོར་འཁྲིག་གསུམ་གྱི་བྱ་བ་ལ་གཞི་ནས་འཇུག་རྒྱུ་ཡིན་པས།
    ཁྱོད་ཉིད་བྲེལ་ཤ་ལང་མི་རུང་།

    གློག་ཞུན་མེད་ནའང་ཆོག
    རྒུན་ཆང་མེད་ནའང་འགྲིག
    ཡུན་རིང་དུ་དཀའ་བས་བསགས་པའི་བདུད་རྩིའི་ཐིགས་ཡོད་ཚད།
    ཅི་མི་སྙམས་པར་ཁྱོད་ཀྱི་པདྨའི་སྟེང་བྱོ་ངེས་ཡིན།

  3. རྒྱ་བཀྲ་དོན། says:
    2011-05-16 at 4:41 pm

    སྙིང་ཉེ་ལགས། འཁྲིགས་སྦྱོར་དེ་སྐད་ཅིག་མའི་བདེ་བ་ཞིག་ངེས་ན
    ཁྱོད་དང་ང་གཉིས་ཀྱིས་མཚན་མ་གཏུགས་པའི་བར་གསེང་ནས
    ཙག་ཤེད་ལྟ་བུའི་ཚོར་སྣང་དེ་གཡའ་ཆུ་མཉམ་དུ་བཞུར

    ཅི་ཞིག་སྒོམ་པའི་རྣམ་འགྱུར་གྱི་ཁུགས་སོ་ནས
    བདེ་ཆེན་གྱི་འཁོར་དུ་བཞེངས་པའི་ངོ་མདངས་དམར་པོ་དེ
    མཚན་མའི་འཐབ་རྩོད་ལ་རོལ་བའི་ཚོར་བག་གི་ལེའུ་ཞིག

  4. སྤྱན་ཆབ། says:
    2011-05-17 at 3:58 am

    དྲ་གྲོགས་རྣམ་པ་གཉིས་ཕེབས་པར་དགའ་ཡོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme