Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེི་འཕྲིན་དྲུག་པ།

Posted on 2011-01-112011-01-11 By དབང་ཕྱུག་ 13 Comments on གློག་ལམ་གྱི་བརྩེི་འཕྲིན་དྲུག་པ།

ཀུན་དགས་དབྱིན་ཡིག་ནས་བསྒྱུར།

ta3བརྩེ་བའི་ཡིག་འབྲེལ་བ་ལགས།

སྤྲོ་སྣང་ཆེན་པོའི་སྒོ་ནས་ཡང་གཅིག་ཁྱེད་ཀྱི་འཕྲིན་ཡིག་ལ་སྒུག ངེད་ཀྱི་ཡིད་མགུ་དང་ཚོར་ཤུགས་ནི་ཁྱེད་ཀྱི་གནས་ཚུལ་མང་ཙམ་གོ་བའི་བརྡ་ལན་དེ་དག་ཡིན།
ཁྱེད་ཀྱི་བསམ་གཞིགས་ཀྱི་ལམ་ཁ་གང་དུ་ཡོད་དམ་བརྩེ་བའི་ཡིག་འབྲེལ་བ་ལགས།
དེང་སང་འདི་རུ་གནམ་གཤིས་ཧ་ཅང་གྲང་། ངས་བསམ་ཚོད་བྱས་ན་དོ་དགོང་ཡང་ཁ་བའི་མེ་ཏོག་གི་ཚོམ་བུ་དག་ས་གཞི་རུ་མགྲོན་པོར་ཕེབས་རྩིས་འདུག་་སྤྲིན་པའི་རྒྱུ་ཕྱོགས་དང་རླུང་བུ་ཡིས་ང་ཚོ་འདར་ཟུག་རྒྱག་ཏུ་འཇུག་་ཡིན་ཡང་། ངའི་ནང་དུ་ཚ་དྲོད་འཕར་སྣོན་ཅན་གྱི་ཚ་ལྡན་འཕྲུལ་ཆས་ཡོད། ཁེར་རྐྱང་གི་སེམས་པ་དང་།ཁེར་རྐྱང་གི་ལུས་པོ་འདི་དགུན་ཁའི་གྲང་ངར་གྱི་ཁྲོད་དུ་ཡོད་ནའང་དེང་སང་ང་ལ་རྨི་ལམ་ཚ་བོ་ཞིག་གི་བྱམས་བརྩེ་ཡོད།ངའི་རྨི་ལམ་འདི་མངོན་འགྱུར་ཡོང་བར་སྨོན་ལམ་རྒྱག་གིན་ཡོད།རེ་བ་བྱེད་ཀྱིན་ཡོད།
སྟོན་ཀའི་མེ་ཏོག་ཚོ་ག་ལེར་གཟིམ་རྗེས་གྲང་རླུང་གི་འུར་སྒྲའི་ང་རོ་འདོན།ཚ་ཚད་ཀླད་ཀོར་གྱི་འོག་ཏུ་སླེབས་པའི་དགུན་གཞུང་འདིར་བུ་མོ་ཚོའི་མཛེས་སྡུག་གི་ལང་ཚོ་དག་ཀྱང་པགས་རིགས་དང་།བྱ་སྤུ་ཅན་གྱི་གྱོན་པའི་གསེབ་ཏུ་ནུབ།གཞོན་ནུ་མ་ཚོ་འདི་ལྟར་བྱེད་པར་འདོད་མོས་མེད་ཀྱང་།དགུན་དུས་འདི་མི་སེམས་ལ་རྨ་ཁ་སྦྱིན་པའི་སྡིག་ཅན་ཞིག་ཡིན་པར་འདོད།
དེ་རིང་ཧ་ཅང་གི་བྲེལ་བ་ཆགས་སོང་།ཞོགས་པ་སྔ་པོར་མལ་ལས་ལངས་བ་ཡིན།ངའི་ཁང་པའི་མདུན་ངོས་ཀྱི་སྒེའུ་ཁུང་ལས་སྐད་ཤུགས་ཆེན་པོ་འདོན་བཞིན་འདུག་་སྟབས་མ་ལེགས་པར་རླངས་འཁོར་ཆུང་བ་གཉིས་ཀྱི་གདོང་ཐུག་བརྒྱབ་འདུག་་རྨི་ལམ་ལྟ་བུའི་ལྟད་མོ་འདིར་ཅེར་བཞིན་རང་ཉིད་ཀྱི་མིག་ལ་འཁྲུལ་སྣང་ཐེབས་པ་མིན་ནམ་སྙམ།གདོང་ཐུག་ཕོག་པའི་མི་ཚོའི་ཆེད་དུ་ཧ་ཅང་གི་སེམས་འཁུར་བྱུང་།ངས་ངོ་མ་ཁོ་ཚོར་རོགས་རམ་ཞིག་ཐུབ་ན་བསམ།ཡིན་ཡང་།ཉེན་རྟོག་པའི་རླངས་འཁོར་ཐོན་ཏེ་རྨས་མ་སྨན་ཁང་དུ་ཁྲིད་སོང་།
ང་ཚོའི་ལུང་པ་འདིའི་ནང་མི་དང་འགྲིམ་འགྲུལ་གྱི་བར་ཕན་ཚུན་ལ་བརྩི་འཇོག་མི་འདུག་་དེ་བཞིན་སྒྲིག་སྲོལ་གཏན་འབེབས་ལ་དོ་སྣང་མི་འདུག་་མི་མང་གི་རྒྱབ་ལོགས་སུ་རླངས་འཁོར་གྱི་འཁོར་ལོ་ཡ་གཅིག་གཡུག་འདུག་་རླངས་འཁོར་སྣ་ཚོགས་ཀྱིས་ལམ་ནང་འཚངས་ཁ་བྱེད་བཞིན་འདུག་པས་ང་རང་ས་འོག་མེ་འཁོར་བརྒྱུད་དེ་ལས་ཀར་ཕྱིན་པ་ཡིན།རང་ཉིད་རྗེས་ལུས་ཆགས་པའི་རྒྱུ་མཚན་ལས་ཁུངས་ཀྱི་འགོ་ཁྲིད་ལ་གསལ་བཤད་བྱས་པས་ཁོང་གིས་ཀྱང་ཤེས་རྟོགས་བྱུང་འདུག་་ངེད་ཀྱི་སེམས་པ་སྤྲོ་བས་བརྟས་ཤིང་།གོམས་གཤིས་རྒྱུན་སྤྱོད་ཅན་གྱི་ལས་ཀར་ཧུར་བརྩོན་གྱིས་ཞུགས་པ་ཡིན།
བརྩེ་བའི་ཡིག་འབྲེལ་བ་ལགས།དེ་རིང་ཡང་བསམ་གཞིགས་ཀྱི་ཕུང་པོའི་ཁྲོད་ནས་ཉིན་མོ་འདི་ཅི་འདྲའི་ཐུང་བའི་ཚོར་སྣང་བྱུང་།ངའི་བསམ་ཚུལ་དང་རེ་བ་མང་པོ་ཞིག་གིས་ཁྱེད་ཁོ་ནས་ཕྱིར་ཏུ་འཚངས་ཁ་རྒྱག་བཞིན་འདུག་་ཁྱེད་ལ་བརྩེ་འཕྲིན་མང་པོ་ཞིག་འབྲི་དགོས།ཁྱེད་ནི་ངའི་གྲོགས་པོ་བཟང་པོ་ཞིག་ཆགས་པ་མ་ཡིན་ནམ།
ལེ་ལོ་དང་སྒྱིད་ལུག་ལྟ་བུའི་རྣམ་གཡེང་ལ་སྔོན་འགོག་བྱས་ཏེ་ཁྱེད་ཁོ་ནས་ཕྱིར་ཏུ་ཡི་གེ་འབྲི།ང་ཡི་ཚོར་བ་ནི་ང་ཚོའི་འབྲེལ་མཐུད་ཀྱི་ཕོ་ཉ་ལྟ་བུ་ཡིན།ངའི་མི་ཚེ་ནང་ཡིག་བསྐུར་འབྲེལ་ལམ་གྱི་གྲོགས་པོ་ཁ་ཤས་བྱུང་མྱོང་ཡོད།ཡིན་ནའང་།ད་ལྟ་ཁྱོད་གཅིག་བུ་ནི་ངའི་སྤྲོ་སྣང་གི་ས་བོན་འདེབས་སའི་ཞིང་ཁམས་སུ་གྱུར་མོད།ང་ད་དུང་རབ་རིབ་ནས་མག་མོག་ཏུ་གྱུར་དགོས་དོན་ཅི།ཁྱོད་ཀྱག་ཀྱོག་ནས་རི་སུལ་ལྟ་བུར་སྦས་དགོས་དོན་ཅི།ངས་ཚོད་དཔག་ཅི་འདྲ་ཞིག་བྱེད་དགོས་སམ།
ཁྱེད་ཀྱི་བསམ་གཞིགས་ཀྱི་ལམ་ཁ་གང་དུ་ཡོད་དམ།ཁྱེད་ཀྱིས་ང་ལ་གྲོགས་པོའི་འདུ་ཤེས་ཅི་འདྲ་ཞིག་བཟུང་ཡོད་དམ།
སྐུ་མཁྱེན།ཁྱེད་ཀྱིས་ཤོད་དང་།མཛེས་མ་སུ་ཞིག་ཁྱེད་ཀྱི་སྐལ་བཟང་གི་ཉིན་མོ་ཡིན།མཛེས་མ་སུ་ཞིག་ཁྱེད་ཀྱི་དུང་སྣང་གི་མེ་ཏོག་ཡིན།ངས་དགའ་མོས་ཅན་གྱི་མི་ཁྱོད་ངེས་པར་ཤེས་ན་འདོད།
བརྩེ་བའི་ཡིག་འབྲེལ་བ་ལགས།ཁྱེད་ལ་ངའི་སྐོར་གྱི་གནས་སྟངས་ཐད་དྲི་བ་ག་རེ་ཡོད།ངས་ཁྱོད་ལ་ཕྱི་ནང་མེད་པའི་སེམས་པ་འདིའི་ཁ་དོག་བསྟན་ཆོག་་ངས་ཀྱང་ཁྱོད་ལ་མུ་མཐུད་དྲི་བ་འདྲི་རྒྱུ་ཡིན།གང་ཡིན་ཟེར་ན།ང་ནི་དྲང་བདེན་གྱི་རྨི་ལམ་ལ་སློང་མོ་བྱེད་མཁན་ཞིག་ཡིན།ང་ནི་སེམས་པའི་རྣམ་ཤེས་ལ་རེ་བ་བཅོལ་མཁན་ཞིག་ཡིན།ང་ནི་དཀོན་མཆོག་གི་གནང་སྦྱིན་ལ་ལག་པ་གཟེད་མཁན་ཞིག་ཡིན།
རེད་ཡ།ཁྱེད་ཀྱིས་བཤད་པ་འདིས་ང་ལ་སྤྲོ་སྣང་སྦྱིན་སོང་།སངས་རྒྱས་སྟོན་པ་དེ་སྙིང་རྗེ་དང་བྱམས་བརྩེ་རང་བཞིན་ཅན་གྱི་སྐྱེས་མཆོག་ཅིག་ཡིན་པར་བཤད་པ་མ་ཡིན་ནམ།ཁོང་གི་རྗེས་འཇུག་པ་ཚོ་ལས་དབང་དང་དཀོན་མཆོག་གི་རྗེས་འབྲངས་པ་ཡིན་པར་བཤད་པ་མ་ཡིན་ནམ།དེ་བདེན་དུ་ཆུག་ན།ཁྱེད་ཀྱིས་ཉམ་ཐག་དང་རེ་བ་ཅན་ཚོར་ལམ་སྟོན་ག་རེ་བྱེད་ཀྱིན་ཡོད་དམ།བདག་མེད་དང་སེམས་གཅོང་ཅན་ཚོར་སེམས་གསོ་ཅི་འདྲ་བྱེད་ཀྱིན་ཡིན།
མུ་མཐུད་ཁྱེད་ཀྱི་ཡིག་ལན་ལ་རེ་སྒུག་བྱེད་རྒྱུ་ཡིན།དེ་ནི་ཁྱེད་ཀྱིས་བདག་ལ་ལེགས་སྐྱེས་སུ་བྱིན་པའི་ནུས་ཤུགས་དང་དགའ་ཚོར་ཞིག་རེད།ད་དུང་།ཁྱེད་ཁོ་ནས་ཕྱིར་ཏུ་འོ་ཞིག་བསྐྱལ་རྒྱུ་ཡིན།
ཁྱེད་ཀྱི་གྲོགས་མོ་ཡག་ཤོས་ཏ་ཏའི་ཡ་ན་ནས།

འགྱུར་རྩོམ།

Post navigation

Previous Post: བོད་སྨན་གྱིས་གཉན་ནད་རེག་དུག་ལ་ཕན་གྱི་འདུག
Next Post: སྒྲོལ་མ་ཚེ་རིང་གི་ཡི་གེ

Comments (13) on “གློག་ལམ་གྱི་བརྩེི་འཕྲིན་དྲུག་པ།”

  1. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-01-11 at 12:19 pm

    ཧ་ཧ་་་ ་་་ ངོ་མ་སྐྱིད་པོ་བྲིས་ཡོད་ཀི

  2. སྙིང་རྩ་སྤར་འཛིན། says:
    2011-01-11 at 12:41 pm

    ཀུན་དགའི་བསྒྱུར་རྩལ་མཐོན་པོ་རེད། ད་དུང་འཕྲིན་ཡིག་དེས་མི་ཞིག་གི་སེམས་གཏམ་དྲང་མོར་བཤད་འདུག་པས་ཉན་སྤྲོ་བོ་འདུག། མུ་མཐུད་དུ་སྒྱུར་དང་ངས་ཆད་ལྷག་མེད་པར་ཀློག་གིན་ཡོད།

  3. གཅན་བཟོད་རྒྱམ། says:
    2011-01-11 at 1:19 pm

    དངོས་གནས་བྲ་བ་ལྡན་གི ཁོ་རི་ཡའི་གློག་བརྙན་(མཚོ་འགྲམ་གྱི་ཁང་ཆུང་)དེ་དྲན་གི གློག་བརྙན་འདི་རྩོམ་པ་པོ་དང་ངེད་གཉིས་ལོ་གཅིག་གི་སྔོན་དུ་དྷ་སར་ངོ་ཤེས་པ་ཡིན། ༢༠༠༩ ལོའི་དབྱར་ཁར་ངེད་གཉིས་ལ་དྭགས་ནས་ཐུགས་ཐེངས་གཉིས་པ་དེ་ཐུགས། ༢༠༠༩ ལོའི་དགུན་ཕར་ཁོང་སླར་ཡང་དྷ་སར་མཇལ། ཁོང་གི་གློང་བརྙན་དེའི་བསྟན་དོན་དང་འབྲི་ཐབས་སོགས་ངོ་སྤྲོད་གནང་བྱུང་།
    ཀུན་དགས་གྲོགས་མོའི་ཏ་ཏའི་ཡ་ནའི་འཕྲིན་སྔ་ཕྱི་བཀླགས་པས་གོང་གི་རྩོམ་པ་ཁོང་ཡང་ཡང་དྲན་བྱུང་། ད་དུང་ཁོང་གིས་བཤད་པའི་གློག་བརྙན་དེ་དང་རྩོམ་ཡིག་འབྲི་ཐབས་དེ་དག་རབ་རིབ་ཅིག་ཀྱང་དྲན་འོང་གི་འདུག
    གློག་བརྙན་དེའི་དུམ་བུ་ཞིག་འདི་ན་ཡོད།

    http://www.youtube.com/watch?v=wVSs9p96ENo

  4. རྒྱ་གྲམ་དམར་པོ། says:
    2011-01-11 at 5:01 pm

    གློག་ལམ་གྱི་བརྩེ་འཕྲིན་དྲུག་པ་ཀློག་ཚར་བདུན་པ་སྒུག་ནས་སྡོད་གི་ཡིན་།

  5. མཐོང་གྲོལ། says:
    2011-01-11 at 5:04 pm

    ཡག་པོ་འདུག། མུ་མཐུད་ཡིན་དའ་་་་་་་་་

  6. ཚོགས་ཆེན་ says:
    2011-01-11 at 5:43 pm

    མི་སེམས་གསོད་མི་ཉན། ཤུགས་རྒྱོབ་མུ་མཐུད་དེ་ཡིན་དྰ་ཧ་ཅང་སྙན་ཀི་ཐུགས་རྗེ་ཆེ།

  7. nagtenpa says:
    2011-01-11 at 10:19 pm

    ཡིད་ལ་འཐད་པོ་ཞིག་བྲིས་འདུག ཀུན་དགའ་ལགས་མུ་མཐུད་ནས་ལོ་ཙཱ་གནང་རོགས།

  8. རྒྱ་གར་རྨ་བྱ། says:
    2011-01-11 at 11:27 pm

    གློག་ལམ་གྱི་བརྩེ་འཕྲིན་འདིའི་ཁྱད་ཆོས་དང་འབྲེལ་བའི་མཆན་དང་པོ་ཕྲན་གྱིས་བཏབ་པ་ཡིན་པ་ཡོད། གང་ལྟར་ཧ་ཅང་སྙན་པས་ལས་བྲེལ་གྱི་བར་ནས་ཀྱང་བལྟ་རུ་ཤོར་འགྲོ་བ་ཞིག་འདུག་པས། བཀླག་མི་ཐུབ་པར་ལུས་སོང་བའི་སེམས་ཁྲལ་ཡང་མི་འདུག ཧ་ཅང་དགའ། ན་ཆུང་བརྡ་སྤྲོད་པ་དང་སྙན་ངག་པ་རྣམས་ལ༌༌༌༌༌༌༌༌༌༌༌མིག་ལྟོ་ཡོང་བ་འདུག ཀུན་དགའ་ལགས། དཀྱུས་ས་དང་དམིགས་དབེན་གཅིག་རང་བཟུང་ནས་༌༌༌༌༌༌༌༌༌༌༌༌༌མུ་མཐུད་ཅིག བུ་མོ་ཏ་ཏོས་རང་སེམས་ཀྱི་ཚོན་རིས་དཀར་པོའི་རང་མདངས་རྣམས་གཞན་ལ་བགོས་པར་སྤྲོ་བའི་གོམས་གཤིར་ཡང་ཡང་ཡི་རང་བསྔགས། བཀའ་སྤྱིའི་རྙོག་གླེང་གི་ངལ་གསོ་བའི་བར་སྐབས་ཀྱི་གསོལ་ཇ་བཞེས་ཏོག་ཀྱང་འདི་རང་གིས་ཆོག་པ་འདུག

  9. གཡུ་དུག་སྦྲང says:
    2011-01-12 at 12:08 am

    འཕྲིན་ཡིག་འདི་དག་རིམ་བཞིན་ཀློག་ཡོང་དུས་བརྩེ་བའི་ཡིག་འབྲེལ་བ་ཁོང་གི་སྣང་བརྙན་ཞིག་མིག་ལམ་དུ་འཁོར་ཡོང་གི་འདུག།།

  10. ཡིན་ངོ་། says:
    2011-01-12 at 1:07 am

    གྲོགས་ཀུན་དགའ་ལགས
    མུ་ཐུད་དུ་བསྒྱུར་རོགས་གནང་དངོས་གནས་ཀོ་རུ་ཡེའི་བརྩེ་དུང་གློག་བརྙན་ཞིག་ལ་དོ་གི

  11. ཁང་ནག་པ། says:
    2011-01-12 at 10:12 pm

    xxxxxxxxxxxxxxxx

  12. བཀྲ་ཤིས། says:
    2011-01-13 at 12:42 am

    ཁྱོད་ཀྱིས་ཁོ་མོར་མུ་མཐུད་དུ་འབྲེལ་གྱིས་ཤིག རང་ཉིད་བརྩེ་བ་རྫོགས་ཟིན་ཡང་ཀློག་པ་པོའི་བརྩེ་བ་ཆོད་ཐུབ་ཀྱི་མི་འདུག ཀློག་པ་པོའི་ཕྱིར་དུ་ཁོ་མོའི་སེམས་ཁམས་དེ་དཀྲུག་གིན་སྡོད།

  13. རྒྱ་གྲམ་དམར་པོ་ says:
    2011-01-13 at 7:19 am

    བུ་མོ་དེའི་གྲོགས་མོ་མགོ་དམར་ནག་དེའི་ཁ་བྱང་ང་ལ་གནང་རོགས་ངས་ཀྱང་ཡིག་འབྲེལ་ཧཧཧཧརྩེད་མོ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme