Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེ་འཕྲིན་དགུ་བ།

Posted on 2011-01-19 By དབང་ཕྱུག་ 9 Comments on གློག་ལམ་གྱི་བརྩེ་འཕྲིན་དགུ་བ།

ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།

ta1
བརྩེ་བའི་ཡིག་འབྲེལ་བ་ལགས།ངེད་ཀྱི་སེམས་གཏམ་མང་པོ་ཞིག་ཆུ་བོ་བཞིན་བཞུར་ཟིན་ནའང་།ཁྱོད་ཀྱི་ཁོར་ཡུག་དང་གནས་བབ་མང་པོ་ཞིག་ད་དུང་ང་ལ་རབ་རིབ་ཆགས་ཀྱིན་འདུག་་དེ་ལས་ཀྱང་གལ་ཆེ་བ་ནི་ང་ལ་ཁྱོད་ཀྱི་ཁ་པར་ཨང་གྲངས་སྤྲད་རོགས།
སྟབས་ཉེས་པ་ཞིག་ནི་ང་ཚོའི་རྒྱལ་ཁོངས་འདིར་ཕྱི་ཕྱོགས་ཀྱི་ཁ་པར་རིན་གོང་མཐོན་པོ་རེད།ཁྱེད་རང་གི་ཁ་པར་ཨང་གྲངས་སྤྲོད་དང་།ང་རང་སྐྱོ་སྣང་འཐུང་བཞིན་པའི་ཉིན་མོར་ཁྱེད་ཀྱི་སྦྲང་རྩི་ལྟ་བུའི་སྐད་ངག་འཇམ་པོ་དེ་གོ་ན་འདོད་སོང་།ངས་ཁྱོད་ཀྱི་ཁ་པར་གྱི་ཨང་གྲངས་སྤྱད་དེ་རང་ཉིད་ལ་སེམས་གསོ་བྱེད་ན་འདོད་བྱུང་།
དོ་དགུང་གི་མཚན་ཕྱེད་འདིར་ཡང་ང་རང་གཉིད་གཏན་ནས་མ་ཁུག་་དེ་ནི་ཁྱོད་དང་ང་ཚོའི་བར་གྱི་འབྲེལ་ལམ་གྱིས་དཀྲོགས་པའི་ཅོང་བརྡ་ཞིག་རེད།ཁྱེད་ནི་ངའི་སེམས་ངོགས་ཀྱི་བརྩེ་བའི་རིན་ཐང་ལྡན་པ་ཞིག་ཡིན་ལ།ང་ལ་དགོས་པ་ནི་རིན་ཐང་དང་དོན་སྙིང་གིས་གྲུབ་པའི་འཚོལ་སྙེག་གི་མི་ཚེ་དང་བརྩེ་བ་ཞིག་ཡིན།ང་ཚོའི་ཡིག་འབྲེལ་གྱི་ཁྲོད་ནས་ངས་ཁྱོད་ཀྱི་ལྷག་བསམ་རྣམ་དག་མཐོང་ཞིང་།བཏང་ལྷོད་མེད་པའི་རྣམ་ཤེས་འདི་ཡིས་ཁྱོད་ཁོ་ན་ནི་ང་ལ་མཁོ་གལ་ཆེ་བའི་གནམ་བསྐོས་དེ་ཡིན་པར་བསམ་བཞིན་ཡོད།ང་ཡི་ཞི་དུལ་རྒྱུན་སྤྱོད་ཅན་གྱི་གོམས་གཤིས་དག་ཀྱང་རང་གི་བདག་པོར་ཕྲད་པའི་ཁྱི་ཕྲུག་བཞིན།སླད་མེད་པའི་རྔ་མ་དང་རྣ་ཅོག་ཕབ་སྟངས་འདིས་དོན་དངོས་ཀྱི་བརྩེ་བ་ཞིག་ལ་མགྲོན་བསུ་བྱེད་བཞིན་ཡོད།
ད་ལྟ་ཡང་འདས་ཟིན་པའི་འཆར་སྣང་ཀློང་གི་དོན་དངོས་ཤིག་ཕྱིར་དྲན་ཐེབས་སོང་།དེ་ནི་ང་ལ་སྡིགས་ར་དང་བསྟན་བཤིག་སློང་བའི་འདས་གྲོགས་ཡོ་ར་ཡིན།ཁོ་ལ་དགོས་པ་ནི་ང་ཡི་དྭངས་གཙང་གིས་འཛུམ་པའི་ལང་ཚོ་ཡིས་གནས་སྐབས་ཀྱི་དགོས་འདུན་སྒྲུབ་རྒྱུ་ཁོ་ན་རེད།
ཡིན་ཡང་།ད་ལྟ་ནི་ང་ཡི་འོད་སྟོང་འཕྲོ་བའི་རྣམ་ཤེས་ཀྱིས་བློ་གཏོད་བཅོལ་སའི་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།བརྩེ་བའི་གནམ་བསྐོས་ལགས།ཁྱོད་ནི་གོ་ལ་ཧྲིལ་བོའི་སྟེང་གི་ཡིད་ཆེས་ཡོད་སའི་ངའི་མི་བུ་དེ་ཡིན།ཁྱེད་ཀྱིས་ང་ལ་སེམས་གཅོང་དང་བེད་སྤྱོད།མགོ་བསྐོར་མི་གཏོང་བའི་ཡིད་ཆེས་བྱེད་བཞིན་ཡོད།ཁྱེད་ནི་མི་དྲང་བདེན་ཅིག་་རྣམ་དཔྱོད་ལྡན་པ་ཞིག་་ངའི་ཚོར་བའི་ཁ་ཕྱོགས་ནི་ཁྱེད་ཀྱི་མཇལ་སྤྲོ་བའི་སེམས་གཤིས་དང་སྙིང་བརྩེ་བའི་རིན་ཐང་ཡིན།
ངའི་མི་ཚེ་ལ་དགོས་པའི་དོན་དངོས་དེ་དྲང་བདེན་ཁོ་ནའང་མ་རེད།བརྩེ་བ་དང་བརྩེ་བའི་རིན་ཐང་ངོ་མ་ཞིག་ངའི་བསམ་གཞིགས་ཀྱི་ཀློང་ན་འཕྱོ།ཁྱེད་ཀྱིས་ཤེས་གསལ་རེད།གནམ་འོག་གི་བུ་མོ་མང་པོ་ཞིག་སྒོར་མོ་དང་རྒྱུ་དངོས་ཀྱི་རྗེས་འབྲངས་བ་རེད།ང་ནི་སྒོར་མོའི་ཉོས་པའི་བརྩེ་བ་ལ་ཡིད་ཆེས་མི་འདུག་་དེ་ནི་གནས་སྐབས་ཀྱི་ནམ་མཁར་ཤར་བའི་མིག་སྔའི་འཇའ་འོད་ལྟ་བུ་རེད།སྒོར་མོ་ནི་དེང་རབས་འཕྲུལ་རིག་གིས་བཟོས་པའི་ཤོག་བུ་ལེབ་མོ་ཞིག་རེད།
ངོ་མ་བཤད་ན་བུ་མོའི་རིན་ཐང་ནི་གང་འདོད་བེད་སྤྱོད་ཆོག་པའི་ཤོག་སྙིགས་ཤིག་མ་རེད།ཡིན་ཡང་མང་པོ་ཞིག་གིས་བུ་མོ་ཚོ་ནི་དབྱར་སེང་བེད་སྤྱོད་ཆོག་པའི་སྤྲོ་སྐྱིད་རྫིང་བུ་ལྟ་བུར་བྱེད་ཀྱིན་འདུག་་ཚོར་སྣང་འདོད་ཞེན་ལ་བཅོལ་བའི་མི་བུ་ཚོས་གློག་ཀླད་དྲ་ཁང་ནང་ཆགས་སྤྱོད་ལྟད་མོར་ལྟ་ཀྱིན་ཡོད་པ་རེད།ངས་ནི་བསམ་ཞིབ་དང་སེམས་ཚོར་བསྲེས་ཏེ་དོན་སྙིང་ལྡན་པའི་མཛའ་འབྲེལ་ཞིག་བསམ་བཞིན་ཡོད།ང་ནི་ཁྱོད་དང་ལྷན་དུ་རྩེད་མོའི་གར་སྟེགས་སུ་རོལ་བའི་སྤྲེའུའི་འཁྲབ་སྟོན་མིན།ང་ཡི་ཡིད་ཆེས་ནི་དྲོད་སྐྱིད་དང་ངོ་མཚར་ལྡན་པའི་ཁྱེད་ཀྱི་རིན་ཐང་ཡིན།ང་ཡི་ཡིད་ཆེས་ནི་འཛམ་གླིང་འདི་རུ་རིན་ཐང་མེད་པའི་མི་སེམས་འགུགས་ཤུགས་ཀྱི་རྣམ་ཤེས་ཡིན།
ངའི་གནམ་བསྐོས་ལགས།ངའི་སེམས་ངོགས་ཀྱི་འཇིག་རྟེན་འདི་གཏིང་འོག་བརྗེ་དེ་ཕྱི་གསལ་ནང་གསལ་ཡིན།ངས་ཁྱོད་ལ་བཤད་པ་ནི་བརྩེ་སེམས་ཀྱི་ཆུ་མིག་བརྡོལ་བའི་སེམས་པའི་བཞུར་རྒྱུན་ཞིག་ཡིན།ངའི་ཡིད་ཆེས་ནི་ཚོར་སྣང་དར་ཐག་གིས་སྦྲེལ་བའི་ང་ཚོའི་མཛའ་འབྲེལ་གྱི་མུ་ཁྱུད་ཡིན་ལ།ལས་དབང་གི་གེགས་རྒྱ་མེད་པའི་རེ་སྨོན་གྱི་མིག་ཆུ་ནི་དཀོན་མཆོག་ལ་ཕུལ་བའི་དད་རྟེན་ཙམ་ཡིན།
ཁྱེད་ཀྱི་ལྕམ་ཆུང་ཏ་ཏའི་ཡ་ན་ནས་ཕུལ།

འགྱུར་རྩོམ།

Post navigation

Previous Post: ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཡིག་གི་མཛའ་འཕྲིན་འགྲན་བསྡུར་གྱི་གསལ་བསྒྲགས།
Next Post: ཟླ་བ་ཚེ་རིང་སྤྱི་འཐུས་འོས་མི་རུ་བཞེངས་ཆོག་གམ།

Comments (9) on “གློག་ལམ་གྱི་བརྩེ་འཕྲིན་དགུ་བ།”

  1. རྒྱ་གྲམ་དམར་པོ་ says:
    2011-01-19 at 11:18 am

    ཨ་མ་མ་ད་ཡིན་ན་ག་རེ་ལབ་དགོས་ཡང་ཤེས་མ་སོང་བུ་མོ་ཏ་ཏའི་ཡ་ན་དེ་མི་མ་མཐོང་སྔོན་ནས་རྩེ་བ་དེ་འདྲ་སླེབས་འདུག། དཀོན་མཆོག་མཁྱེན་མོ་རང་གི་བསམ་དོན་སྒྲུབ་པར་སྨོན།།

  2. ཡིན་ངོ་། says:
    2011-01-19 at 1:15 pm

    ཨཱ་ ཨོ་ཡ་དཀོན་མཆོག་མཁྱེན་ བུ་མོ་འདིའི་བརྩེ་དུང་ཅི་ཟེར་དགོས་ནི་རེད་ངོ་མ་བྱེད་དཀའ་གི་ཡ
    ད་ཡིན་ཆང་ས་རྒྱག་སྒོ་ནི་རེད་

  3. གཅན་བཟོད་རྒྱམ། says:
    2011-01-19 at 1:23 pm

    ད་དངོས་གནས་རིན་ཐང་འདུག ལྕམ་ཆུང་དུ་གྱུར་འདུག རྩོམ་ཡིག་འདི་འདྲ་མུ་མཐུད་ནས་ཀློག་འདོད་པས་མུར་འགོར་པར་ཞུ།

  4. མཐོང་གྲོལ། says:
    2011-01-19 at 3:24 pm

    ཀུན་དགའ་ལགས་སྙན་པ་ལ་ཚད་ཅིག་མི་འདུག་མུ་ཐུད་བསྒྱུར་རོགས་གནང་་་་་་་་།

  5. མུ་ཏིག་དཀར་བོ། says:
    2011-01-19 at 4:26 pm

    ཀུན་དགའ་ཟེར་བའི་མི་འདི་ལྦ་ན་སློབ་གླིང་གི་མི་རྐྱང་ཐ་མའི་རྒྱལ་བོ་དེ་ཨེ་ཡིན།

  6. ཇིང་སྲས་མིག་གསུམ་པ། says:
    2011-01-19 at 6:33 pm

    སྙན་མོ་འདུག་མུ་མཐུད་དུ་གྲོགས་པོ་ལགས།

  7. ཇིང་སྲས་མིག་གསུམ་པ། says:
    2011-01-19 at 6:34 pm

    སྙན་པོ་འདུག་གྲོགས་པོ་ལགས་མུ་མཐུད་དུ་་་་་་་་།

  8. བཀྲ་ཤིས། says:
    2011-01-20 at 12:24 am

    ད་ནི་ཁྱོད་ལ་ཐོབ་ཀྱི་ཡོད་ཚོད་རེད། ང་ཚོས་ཁྱོད་ཀྱི་འཕྲིན་ཡིག་དེལ་རེ་བས་ཉན་ཞིང་སྒུག་བཞིན་ཡོད། བུ་མོ་དེའི་པར་དེ་དག་ནི་ཉིན་གཅིག་ལ་བརྒྱབ་པའི་པར་ལྟ་བུ་ཡིན་པས། དེ་འདྲའི་ཚོར་སྣང་དང་འདྲེས་བདེ་བོ་ཞིག་མ་བྱུང་། རང་བྱུང་གི་ཚོར་བ་དག་ནི་བཅོས་མིན་གྱི་སེམས་ཁམས་ཀྱི་ངོས་ཤིག་ཡིན་པས། ཀུན་དགའ་ལགས་ཀྱིས་རྟོག་བཟོ་མི་བྱེད་པར། ཀློག་མཁན་མི་མང་པོ་ཞིག་གི་རེ་ལྟོས་ཡོད་པ་མོ་ལ་མ་གསང་བར་བཤད་ན། ད་དུང་འདི་ལས་སྤྱི་ཚོགས་ཉམས་མྱོང་དང་མི་སེམས་རྙོག་འཛིང་། སློབ་གསོ་ཡི་བྱེད་ཐབས། བདེན་པའི་རྒྱལ་ཁ་སོགས་མང་པོ་ཞིག་རྙེད་པར་ངེས།

  9. ཚོགས་ཆེན་ says:
    2011-01-20 at 6:32 am

    ཀུན་དགའ་ལགས་ཀྱིས་ཞེ་དྲགས་སྙན་པོ་བསྒྱུར་འདུག་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ངོས་ཀྱི་བསམ་པར་བུ་མོ་ཐྰ་ཉ་ནི་ཡོད་ཚད་བློས་བཏང་གིས་རང་སེམས་སོང་མི་དེ། །གཏན་གྱི་མདུན་མར་བྱུང་ན། རྒྱ་མཚོའི་ནང་ནས་ནོར་བུ། །ལེན་པ་དེ་དང་འདྲ་བྱུང་། ཞེས་གསུངས་པ་ལྟར་དང་། ཡིག་འབྲེལ་བ་ལགས་ནི་དེ་ལས་ལྡོག་ཏེ་བཟའ་མི་བུ་ཕྲུག་ཡོད་མཁན་ཁ་ཞེ་མི་མཚུངས་མཁན་ལས་མེད་ཉི་མ་གང་འཁྱོལ་བྱེད་མཁན་ཅིག་ཡིན་ན་ཐང་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme