Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེ་འཕྲིན་བདུན་པ།

Posted on 2011-01-152011-01-15 By དབང་ཕྱུག་ 16 Comments on གློག་ལམ་གྱི་བརྩེ་འཕྲིན་བདུན་པ།

ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།

5-1བརྩེ་བའི་ཡིག་འབྲེལ་བ་ལགས།གློག་འཕྲིན་གྱི་བརྒྱུད་ལམ་སྤྱད་ནས་ང་ཚོའི་བར་དུ་བརྗོད་ན་རིན་ཐང་ལྡན་པའི་བརྩེ་འཛུམ་ཞིག་གི་མེ་ཏོག་ཁ་ཕྱེས་པ་རེད།ངས་སུ་ཞིག་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་འབུལ་དགོས་སམ།
ཁྱེད་རང་བདེ་བོ་ཡིན་ནམ།དེང་སང་ཁྱེད་ཀྱི་ལས་ཀའི་གནས་བབ་གང་འདྲ་འདུག
འདིར་ང་རང་གི་ཆོས་ལུགས་དང་འབྲེལ་བའི་སྐོར་ཞིག་བཤད་རྒྱུ་ཡིན།ཁྱེད་རང་དཀོན་མཆོག་ལ་ཡིད་ཆེས་ཡོད་དམ།ཁྱེད་ཀྱིས་དཀོན་མཆོག་གི་གནང་སྦྱིན་ལ་དང་ལེན་བྱེད་ཀྱིན་ཡོད་དམ།
འཇིག་རྟེན་གྱི་མི་མང་པོ་ཞིག་དཀོན་མཆོག་ལ་དགའ་ཞེན་དང་།ཆོས་ལུགས་ལ་དད་མོས་ཀྱི་འདུ་ཤེས་མེད་ཀྱང་།གྲུབ་ཚུལ་སྣ་ཚོགས་ལས་སྐྱེས་པའི་མི་དང་མིའི་ཁམས་དང་མོས་པའི་ལྟ་ཚུལ་ལ་ང་ཚོས་རང་ཉིད་ཀྱི་བློ་ངོར་འདོད་པའི་འགྲེལ་བཤད་བརྒྱབ་ན་ག་ལ་འགྲིག་་
ཆོས་ལུགས་སོ་སོར་ཡང་ནུས་པ་ཐ་དད་པ་སྟེ།གནམ་ལ་འཕུར་ཤེས་པ་དང་།ས་རུ་འཛུལ་ཐུབ་པ།འཇིག་རྟེན་ནས་འཇིག་རྟེན་དུ་འཁྲིད་ཐུབ་པའི་དཀོན་མཆོག་ལ་བྱིན་རླབས་དང་ནུས་པ་མ་འདྲ་བ་ཡོད་ངེས་པ་ཡིན་པས།སུ་ཞིག་གིས་རང་ཉིད་དགའ་སའི་དཀོན་མཆོག་ལ་དད་མོས་བྱེད་ན་ངས་དེ་ལ་བརྩི་བཀུར་ཞུ་རྒྱུ་ཡིན།
ང་ནི་བྱིས་པའི་དུས་ནས་ཡེ་ཤུའི་ཆོས་ལུགས་པ་ཞིག་ཡིན་ལ་དཀོན་མཆོག་ལ་དད་མཁན་ཞིག་ཀྱང་ཡིན།སྐབས་རེར་ཡེ་ཤུའི་ལྷ་ཁང་སོགས་སུ་མཆོད་འབུལ་ཆེད་བཅར་བཞིན་ཡོད།ཡིན་ནའང་།མི་ཚེ་ནང་དུ་ལམ་འགྲོ་མ་ཡོང་བ་དང་།ཁེར་རྐྱང་དུ་ལྷག་པ།བརྩེ་བ་ལ་ཡིད་ཆེས་དང་དྲང་བདེན་ལ་བརྩི་བཀུར་མི་བྱེད་པའི་ཡོ་ར་སོགས་ཀྱིས་བློ་ཕམ་དུ་བཅུག་པ་སོགས་དཀོན་མཆོག་ལ་འཁང་ར་དང་།བློ་འགྱོད་བྱེད་དགོས་པ་མང་ཙམ་བྱུང་མོད།ངས་ད་དུང་ཁོང་ལ་ཡིད་ཆེས་བརླག་མེད།ངས་བསམ་བློ་བཏང་ན་མི་མངོན་པའི་དབྱིངས་སུ་དཀོན་མཆོག་གི་བྱིན་རླབས་ཀྱི་ཟེགས་མ་ཉི་འོད་ཀྱི་འགྲོས་ལྟར་ང་ཚོའི་ཕྱོགས་སུ་འཕྲོ་བཞིན།གོ་སྐབས་གསར་བ་ཞིག་དང་།རེ་བ་གསར་བ་ཞིག་་གནང་སྦྱིན་གསར་བ་ཞིག་་ད་དུང་མི་ཚེ་ནང་གི་གཏན་གྲོགས་གསར་པ་ཞིག་ཀྱང་གོ་སྒྲིག་བྱེད་བཞིན་པས་ཡིད་ཆེས་ཡོད།
ང་ཚོའི་ལུང་པའི་ནང་ཡེ་ཤིའི་ལྷ་ཁང་མང་བ་དང་།ཆོས་བྱེད་མང་ཤོས་ནི་བུད་མེད་རེད།སྐྱེས་པ་ཁ་ཤས་ཤིག་ཆོས་ལུགས་ལ་དད་པ་ཡོད་ཀྱང་།མང་པོ་ཞིག་གིས་དཀོན་མཆོག་ལ་ཡིད་ཆེས་དང་དད་པ་བྱེད་པ་ལས་ཨ་རག་ལ་དགའ་མོས་བྱེད་པ་རེད།ཨ་རག་ཧམ་འཐུང་བྱེད་མཁན་ཚོ་བློ་མེད་རེད།ཁོ་ཚོས་དཀོན་མཆོག་བརྗེད་འགྲོ་བ་མ་ཟད་རང་གི་བརྩེ་དུང་འང་བརླག་འགྲོ་གིན་རེད།ཐ་ན་གཟའ་ཟླ་དང་བུ་ཕྲུག་འང་གཡུག་འགྲོ་གིན་རེད།ངོ་མ།འཇིག་རྟེན་ན་བདེན་རྫུན་གྱི་དབང་པོ་བྱེད་པའི་གནམ་བསྐོས་ཀྱི་བདག་པོ་ཞིག་མེད་པ་ཡིན་ནམ།འཇིག་རྟེན་ནི་གཡོ་ཁྲམ་པ་ཚོས་གང་འདོད་བྱེད་སའི་རྩེ་ར་རེད་དམ།
བུ་མོ་མང་ཤོས་ནི་དྲང་བདེན་དང་བརྩེ་བ་ལ་དང་དོད་བྱེད་མཁན་ཡིན་ཀྱང་།སྐྱེས་པ་ཚོས་བུ་མོའི་བརྩེ་དུང་ལས་ལས་གནས་ཡག་བཙོག་ལ་གདམ་གསེས་བྱེད་ངེས་རེད།ད་དུང་བུ་མོ་ཚོ་བེད་སྤྱོད་བཏང་རྗེས་དབེན་གནས་ཀྱི་སྨན་ཁང་དུ་བདག་མེད་དུ་གཡུག་ངེས་རེད།དེའི་ཕྱིར་བུ་མོ་མང་པོ་ཞིག་ནི་བུ་ཕྲུག་དང་མཉམ་དུ་ཁེར་རྐྱང་གི་འཚོ་གནས་སུ་རོལ་མཁན་རེད།འདི་ཚོར་བསམ་ན་དཀོན་མཆོག་གི་བྱིན་རླབས་དང་ནུས་པའང་ཆ་སྙོམས་མ་རེད།དཀོན་མཆོག་གིས་གཟིགས་སྐྱོང་དང་བརྩེ་བའང་འདྲ་མཉམ་མ་རེད།
ནམ་ཞིག་ངས་རང་ཉིད་ལ་དབང་བའི་མི་ལ་བརྩི་བཀུར་དང་བརྩེ་བ་སྤྲོད་རྒྱུ་ཡིན།ངས་ཁོ་ལ་གཏན་ནས་སེམས་གཅོང་དང་དཀའ་ངལ་བཟོ་འདོད་མེད།
ངས་བསམ་གཞིགས་དང་རྨི་ལམ་ཁྲོད་ཀྱི་ཡིག་འབྲེལ་བ་ལགས།ངའི་མཐོང་སྣང་དུ་ཁྱོད་རང་ལ་བརྗོད་ཐབས་མེད་པའི་ཡིད་ཆེས་ཤིག་ཡོང་བཞིན་འདུག་མོད།ཁྱད་ཆོས་དང་།ཡོན་ཏན།གཤིས་རྒྱུད་གང་འདྲ་ཡོད་པའི་བུ་མོ་ཞིག་མ་འོངས་པར་ཁྱེད་ཀྱི་བདག་མོར་ཉར་རྩིས་ཡོད།
ངས་བསམ་གཞིགས་ཀྱི་ཀློང་དུ་ཁྱེད་ཀྱི་སྐོར་ལ་འཆར་སྣང་ཧ་ཅང་མང་བས།ངས་རང་ཉིད་ཀྱི་ཚོར་བ་འདི་ལ་ཅི་ལྟར་འགྲེལ་བཤད་རྒྱག་དགོས་སམ།
ཡང་གཅིག་བཤད་ན་ང་ནི་ལས་སྐལ་བཟང་པོའི་བུ་མོ་ཞིག་ཡིན་པ་འདྲ།སྟོན་པ་སངས་རྒྱས་ཞེས་པའི་སྐྱེས་བུ་ཞིག་གསར་ཏུ་ངོ་ཤེས་པ་རེད།ཁོང་གི་བྱམས་བརྩེ་དང་སྙིང་རྗེ་འཁུར་བའི་ཕོ་ཉ་བ་ཞིག་ངེད་ཀྱིས་ཞགས་པས་ཟིན་པ་རེད།ངའི་དཀོན་མཆོག་ཡེ་ཤི་དང་སྟོན་པ་སངས་རྒྱས།སྙིང་ཁུང་རུས་པའི་སྟེང་ནས་ཁྱོད་ཚོར་བཀའ་དྲིན་ཞུ་རྒྱུ་ཡིན།དྲང་བདེན་གྱི་བརྩེ་དུང་སློང་བའི་བུ་མོ་ཚོར་བདག་སྐྱོང་གནང་རོགས།ང་ཚོ་ཡང་འགྲོ་བ་མིའི་ནང་གི་ཉམ་ཐག་གི་སེམས་ཅན་ཞིག་མ་ཡིན་ནམ།
བརྩེ་བའི་ཡིག་འབྲེལ་བ་ལགས།ངེད་ཀྱི་ཚོར་སྣང་དང་རྨི་ལམ་མང་པོ་ཞིག་གི་སྒོ་མོ་ཕྱེས་ཡོད་པས་དུས་སྐབས་འཚམ་པོ་རེ་བྱུང་ན་ཡིག་ལན་རེ་གནང་བའི་བཀའ་དྲིན་ཞུ་རྒྱུ་དང་།ཁྱོད་ལ་སུན་སྣང་བཟོ་བ་དང་ཐང་ཆད་དུ་འཇུག་པའི་བསམ་བློ་མི་གཏོང་བར་མཁྱེན།
འདི་ནི་དྲང་བདེན་གྱི་བརྩེ་བ་ཞིག་གི་འཚོལ་སྙེག་གི་ལམ་བུ་ཡིན་ལ།ཕ་མའི་བྱམས་བརྩེ་མ་ཐོབ་པའི་ཁེར་རྐྱང་བུ་མོ་ཞིག་གི་མི་ཚེ་ཡི་རེ་སྒུག་ཡིན།ཁྱོད་ཁོ་ནས་ཕྱིར་ཏུ་འཁྱོར་བཞིན་པའི་གོམ་འགྲོས་ཤིག་གི་ཐག་སྒྲ་ཡིན།གཉིད་དང་ཟས་ཀྱི་ཡི་ག་ཉུང་དུ་སོང་བའི་བུ་མོ་ཞིག་གི་ཚོར་བའི་བཞུར་རྒྱུན་ཡིན།
སླར་ཡང་རེ་ལྟོས་དང་བཅས་ཁྱེད་རང་གི་ཏ་ཏའི་ཡ་ན་ནས་ཕུལ།

འགྱུར་རྩོམ།

Post navigation

Previous Post: བཀྲ་ཤིས་ལྷུན་པོ་ནས་བསྐྱུར་པའི་ཆོས་གོས་སེར་པོ།
Next Post: ༄༅། །གངས་ལྗོངས་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་རྗེ་བཙུན་བཞད་པ་རྡོ་རྗེ་ལ་བསྟོད་པ་ ཀ་བཤད་མུ་ཏིག་ཕྲེང་བསྒྲིགས།

Comments (16) on “གློག་ལམ་གྱི་བརྩེ་འཕྲིན་བདུན་པ།”

  1. ཡིན་ངོ་། says:
    2011-01-15 at 5:43 am

    གྲོགས་ཀུན་དགའ་ལགས་
    ཁྱེད་གཉིས་ཀྱིས་གཉེན་སྟོན་ལ་ནམ་ཞིག་ལ་རྒྱབ་རྩིས་ཡོད་དམ

  2. རྒྱ་གྲམ་དམར་པོ་ says:
    2011-01-15 at 5:44 am

    ཨ་ཨ་དེ་དྲེའི་སྙན་པ་ལ་དངོས་གནས་སྙན་པོ་འདུག་། ཀོ་རེ་ཡའི་གློག་བརྙན་ལས་ཚོར་བ་ཆེ་བ་འདུག་་་་་་བརྒྱད་པ་དེ་སྒུག་ནས་ཡོད།

  3. རྒྱ་གྲམ་དམར་པོ་ says:
    2011-01-15 at 6:07 am

    དྲང་བདེན་གྱི་བརྩེ་དུང་སློང་བའི་བུ་མོ་ཚོར་བདག་སྐྱོང་གནང་རོགས་ཟེར་དུས་བུ་མོ་དེའི་བརྩེ་དུང་ལ་ལྷད་ཁྱོན་ནས་ཡོད་ས་མ་རེད་། བུ་མོ་དེའི་བསམ་དོན་ལྷུན་གྱི་སྒྲུབ་པར་སྨོན།།།

  4. ཇིང་སྲས་མིག་གསུམ་པ says:
    2011-01-15 at 7:40 am

    བཀླགས་ཚར་ཡིན། ངོ་མ་ཡག་པོ་བྲིས་འདུག་མུ་མཐུད་དུ་་།

  5. གློ་བུར་ནས says:
    2011-01-15 at 9:06 am

    ངོ་མ་ཡག་པོ་བྲིས་འདུག་ཚང་བཀླགས་ཚར་ཡིན་
    ཐེངས་རྗེས་མ་དེ་སྒུག་འདུག་གི་ཡིན་

  6. ༜࿋དབྱངས་བུ། says:
    2011-01-15 at 9:55 am

    ཀུན་དགའ་ལགས། ད་བར་ཁྱེད་ཀྱིས་བསྒྱུར་པའི་བརྩེ་འཕྲིན་ཆ་ཚང་མ་ཆད་པར་བཀླགས་པ་ཡིན། ཀློག་གིན་ཀློག་གིན་བརྩེ་འཕྲིེན་དེ་དག་ཁྱེད་ཀྱིས་བཅོས་རྩོམ་བྱས་པ་ལས་བུ་མོ་དེས་བྲིས་པ་དང་ཁྱེད་ཀྱིས་བསྒྱུར་པ་ཨེ་ཡིན་སྙམ་པའི་དོགས་པ་ཆེ་ཆེར་གྱུར། འོན་ཀྱང་ཡག་པོ་བྲིས་འདུག

  7. ནགས་ཕྲན་པ། says:
    2011-01-15 at 12:47 pm

    ཀུན་དགའ་ལགས་ཁྱེད་ཀྱིས་བརྩེ་འཕྲིན་བོད་ཡིག་དུ་བསྒྱུར་བ་ཡག་པོ་འདུག ངོ་མ་སྙན་མོ་རེད་འདུག མུ་མཐུད་ནས་སྒྱུར་རོགས་དང་། ང་ཡང་ཁྱེད་ཀྱི་བསྒྱུར་རྩོམ་ཀློག་པ་པོ་ཞིག་བྱེད།

  8. ནགས་ཕྲན་པ། says:
    2011-01-15 at 12:47 pm

    ཀུན་དགའ་ལགས་ཁྱེད་ཀྱིས་བརྩེ་འཕྲིན་བོད་ཡིག་དུ་བསྒྱུར་བ་ཡག་པོ་འདུག ངོ་མ་སྙན་མོ་རེད་འདུག མུ་མཐུད་ནས་སྒྱུར་རོགས་དང་། ང་ཡང་ཁྱེད་ཀྱི་བསྒྱུར་རྩོམ་ཀློག་པ་པོ་ཞིག་བྱེད།

  9. རྭ་འཕྲིན་བཟང་ says:
    2011-01-15 at 1:41 pm

    བུ་མོ་ལགས། དཀོན་མཆོག་གིས་མགོན་སྐྱབས་གནང་མིན་ང་ལ་མཚོན་ན་ཆེས་ལྐོག་གྱུར་ཅིག་ཡིན་པ་མ་ཟད་འཇིག་རྟེན་འདིར་འཚོ་ཞིང་གནས་བའི་འགྲོ་བ་མི་ཕལ་མོ་ཆེས་དཀོན་མཆོག་གི་བྱིན་རླབས་མཐོང་མྱོང་མེད། ཡིན་ནའང་ད་དུང་མི་ཚོས་དཀོན་མཆོག་ལ་ཡིད་ཆེས་བརླགས་མེད། བརླགས་མ་མྱོང་བའི་ཡིད་ཆེས་དང་དད་པ་དེ་དཀོན་མཆོག་གི་བྱིན་རླབས་ཡིན་པར་སྨོན། ཁོ་བོས་སྨོནའདུན་ངོ་མ་དེ་ནམ་ཞིག་ཁྱེད་རང་བྱམས་བརྩེ་དང་བརྩེ་དུང་ལས་གྲུབ་པའི་ས་སྒང་འདིའི་མ་ཡུམ་ཞིག་ཏུ་འགྱུར་པའི་སྨོན་འདུན་ཞུ། སྐབས་དེར་མིའི་རིགས་ཀྱི་མཐོང་སྣང་དུ་གྲུབ་པའི་དཀོན་མཆོག་ངོ་མ་དེ་ཁྱེད་རང་ཡིན་ངེས།

  10. རྨ་ཆུའི་སྐལ་བཟང། says:
    2011-01-15 at 2:50 pm

    འེ་གྲོགས་པོ་དངོས་གནས་ཡག་པོ་འདུག།
    ངའི་བརྩེ་འཕྲིན་ལྔ་བ་ཡན་མཐོང་མ་སོང་པས་དང་པོ་རྣམས་གང་ནས་གློག་ཐུབ་གི།
    ང་ལ་གསུང་རོགས་གནང་ད་དྲ་གྲོགས་རྣམས།།

  11. མཐོང་གྲོལ། says:
    2011-01-16 at 7:56 am

    ཧ་ཧ་ཡག་པོ་འདུག་ཡག་པོ་བསྒྱུར་འདུག་་་་་་དྲང་བདེན་ལ་བརྩེ་བཀུར་མི་བྱེད་པའི་ཡོ་ར་སོགས་ཀྱི་བློ་ཕམ་བཅུག་པ་་་ཡོ་ར་ཟེར་ན་ཅི་ཟེར་་་་ཡོ་ར་ཟེར་ན་དོན་ག་རེ་རེད།

  12. མེ་ཏོག་དཀར་པོ། says:
    2011-01-16 at 8:06 am

    མཐོང་གྲོལ་ལགས། ཡོ་ར་ཞེས་པ་མི་ཞིག་གི་མིང་རེད། འདི་ཐོས་གྲོལ་ཡིན་ད། ཧ་ཧ་ཧ་

  13. མཐོང་གྲོལ། says:
    2011-01-16 at 11:09 am

    མེ་ཏོག་དཀར་པོ་ལགས། གསལ་བཤད་གནང་བ་ཐུགས་རྗེ་ཆེ།

  14. ཕ་ལམ་སྔོན་པོ། says:
    2011-01-16 at 5:23 pm

    ཨ།
    བསྒྱུར་ནོ་ངོ་མ་ཧྲ་གི
    བུ་མོས་བཤད་ནོ་ཡང་སྐད་ཆ་གསོན་པོ་རེད།
    ཀུན་དགའ་ལགས། མུ་མཐུད་རོགས།

  15. ཟླ་བ་ཆོས་འཛོམས། says:
    2011-01-16 at 7:52 pm

    ཡག་གི་ཡ།རྩོམ་ཟེར་ན་འདི་འདྲ་རེད།ཚོར་བ་ཚ་མེར་གྱི་ལྷུག་རྩོམ་འདི་འདྲ་ཨ།ཀླུ་སྨྱོན་གྱི་རྩོམ་ངན་དག་གིས་ང་ཁ་བརྡ་དང་ཐག་རིང་དུ་གཏོང་གི་འདུག་ཀྱང་།ཀུན་དགའི་འགྱུར་རྩོམ་འདིས་ང་ཁ་བརྡ་ལ་ཡང་ཡང་འབོད་ཀྱིན་འདུག

  16. tashi says:
    2011-01-17 at 6:48 am

    that’s very great of you

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme