Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེ་འཕྲིན་བཞི་བ།

Posted on 2011-01-072011-01-07 By དབང་ཕྱུག་ 7 Comments on གློག་ལམ་གྱི་བརྩེ་འཕྲིན་བཞི་བ།

ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།

ta4བརྩེ་བའི་གྲོགས་པོ་ལགས། དེ་རིང་བདེ་བོ་ཡིན་པས་འཚམས་འདྲི་ཞུ་རྒྱུ་ཡིན། འདི་རུ་བདག་གིས་ང་རང་གི་ཉིན་ཐོ་ལྟ་བུའི་འཆར་ཅན་འགྲོ་ལུགས་སྐོར་ཞིག་ངོ་སྤྲོད་བྱེད་རྒྱུ་ཡིན།
ཞོགས་པའི་ཆུ་ཚོད་ལྔ་བའི་ཐོག་མལ་ལས་ལངས་བ་ཡིན།འཆར་ཅན་གྱི་འགྲོ་ལུགས་ལྟར་སོ་དང་གདོང་སོགས་གཙང་མ་བཟོས་རྗེས་བག་ལེབ་གཉིས་ཀྱི་བར་ཤ་དང་།ཆུར་བ།སྔོ་ཚོད་སོགས་བཅུག་པའི་ཁ་ལག་སྟབས་བདེ་ཞིག་ཟས་ཤིང་།ཞོགས་ཇ་གྲུབ་རྗེས་ཕལ་ཆེར་སྐར་མ་སུམ་ཅུ་ནས་བཞི་བཅུ་འགོར་བའི་ལམ་དུ་སྤྱི་སྤྱོད་རླངས་འཁོར་ནང་སོང་བ་ཡིན།ངའི་ལས་ཀའི་དུས་ཚོད་ནི་ཕྱོགས་པའི་ཆུ་ཚོད་༨ནས་དགོང་དྲོ་ཆུ་ཚོད་དྲུག་པའི་བར་ཡིན།
ངའི་གྲོགས་པོ་ཚོས་བཤད་ན།ང་ནི་སྤྲོ་སྣང་རང་བཞིན་ལྡན་པའི་བུ་མོ་ཞིག་རེད་ཅེས་བརྗོད་ཀྱིན་འདུག་་ངོ་མ་བཤད་ན།ང་ནི་ཧུར་བརྩོན་ཅན་དང་།འགུལ་བསྐྱོད་རང་བཞིན་ལྡན་པ་ཞིག་ཡིན།ང་ནི་མི་མང་འདུ་འཛོམས་སྐབས་སུ་གཏམ་བཤད་དང་སློབ་ཁྲིད་ལ་དགའ་ཞིང་།སྤྲོ་ཉམས་དོད་པོས་ཡིག་འབྲེལ་བྱེད་རྒྱུར་དགའ།
སྟབས་མི་ལེགས་པ་ཞིག་ནི་དེང་སང་ངེད་ཀྱི་ཕྱོགས་མཐར་ཡོད་པའི་གྲོགས་པོ་ཚང་མར་ཡིག་འཕྲིན་དང་གློག་ལམ་གྱི་འབྲེལ་བ་བྱེད་རྒྱུ་ཉུང་དུ་སོང་ཡོད།དེ་ནི་ང་ལ་ལས་ཀ་མང་པོ་ཡོད་པའི་རྐྱེན་གྱིས་ཡིན།ཡང་གཅིག་བཤད་ན་ང་ནི་མཚུངས་ཆ་མི་སྙོམས་པའི་འཆར་ཡན་རིང་ལུགས་པ་ཞིག་དང་།རིག་པ་རྣོ་བ་དང་།འདོད་ཡོན་ལ་ཆགས་སེམས་མཉེན་མོ་ཅན་གྱི་བུ་མོ་ཞིག་ཀྱང་རེད།
དུས་ཚོད་སྟོང་པ་འདི་དག་གི་སྐབས་ང་ལ་འཆར་སྣང་སྣ་ཚོགས་ཀྱི་རྨི་ལམ་འདི་ལྟར་བྱུང་།བརྩེ་བའི་གྲོགས་པོ་ཚོ་དང་ལྷན་དུ་བཀག་སྡོམ་གྱི་རྭ་བ་ལས་གྲོལ་ཏེ་གྲོང་ཁྱེར་གྱི་སྲང་ལམ་དུ་འཆམ།ལུས་རྩལ་རྭ་བ་དང་ཆུར་སྐྱལ་རྫིང་བུ།དགུན་ཁར་གངས་ཤུད་བང་ལེབ་སྟེང་འཁྱག་ཤུད་རྩེད།ཉ་ལེབ་ཟ་བ་དང་།འཆམ་འཆམ་དུ་འགྲོ་བ།རྐང་འཁོར་འཕྲུལ་རྟ་ཞོན་སྟེ་རྒྱང་ཐག་རིང་པོར་རྒྱུག་རྩལ་བྱེད་པ་སོགས་འཆར་སྣང་མང་པོ་ཞིག་གློག་བརྙན་བཞིན་བསྒོམ།
ཡིག་འབྲེལ་བ་ལགས།ཁྱེད་རང་འགྲུལ་བཞུད་བྱེད་རྒྱུར་དགའ་བོ་ཡོད་དམ།ཁྱེད་རང་ལུས་རྩལ་རྩེད་རྒྱུར་དགའ་བོ་ཡོད་དམ།
ང་ནི་དབྱར་ཀར་རྐང་འཁོར་འཕྲུལ་རྟ་བཞོན་རྒྱུར་དགའ།ད་དུང་ཡུལ་བསྐོར་འགྲུལ་བཞུད་བྱེད་པར་སྤྲོ་ནའང་རང་གི་རྒྱལ་ཁབ་ཀྱི་ཕྱི་ལོགས་སུ་ཐོན་མ་མྱོང་བའི་མཐོང་ཐོས་ཀྱི་མིག་རྒྱ་ཅི་འདྲའི་ཐུང་འང་།
ང་རང་ཆེས་དགའ་ས་གཞན་ཞིག་ནི་རང་ཉིད་ཀྱི་སེམས་མཐུན་གྲོགས་པོར་མཉམ་གཤིབ་ཀྱིས་ཕྱོགས་པའི་འཆར་ཀ་དང་།དགོང་ཁའི་ནུབ་ཁ་སོགས་སུ་འཚམས་འདྲི་དང་སྐྱེལ་མ་བྱེད་རྒྱུ་དེ་ཡིན།ང་ནི་རང་བྱུང་ཁམས་ལ་བརྩེ་བ་ཡོད།ཆུ་ངོགས་དང་ལྗོན་ཤིང་གསེབ་ཏུ་ཁེར་རྐྱང་གིས་འཆམ་ཉུལ་ལ་སྤྲོ།རང་ཉིད་ཀྱི་དྭངས་གཙང་གི་ཚོར་བ་ཡོད་ཚད་ཆུ་བོའི་རླབས་རིས་ལ་བཅོལ་ན་ཇི་འདྲའི་སྐྱིད།
ཡིག་འབྲེལ་བ་ལགས།ཁྱེད་རང་རང་བྱུང་ཁམས་ཀྱི་ཆོས་ཉིད་གང་འདྲ་ལ་དགའ་བོ་ཡོད།
ང་ནི་ཡོངས་ཁྱབ་རང་བཞིན་གྱི་སྒྲ་དབྱངས་དང་གཞས་ལ་ཉན་རྒྱུར་དུང་།ངའི་རྒྱལ་ཁོངས་སུ་དར་སྲོལ་ཆེ་བའི་གནའ་བོའི་སྒྲ་དབྱངས་ལ་དགའ་བ་མ་ཟད།ལྷས་འཐག་རི་མོ་ཅན་གྱི་ཚོས་རིས་ལའང་དགའ།
ཁྱེད་ཀྱིས་ཉན་འདོད་པའི་གཞས་དང་རོལ་མོ་ག་རེ་ཡིན།
ང་ནི་དེབ་ཀློག་རྒྱུར་ཡང་ཧ་ཅང་དགའ།སེམས་ཁམས་རིག་པའི་སྐོར་དང་།མི་ཚེ་ཡི་སྐབས་སུ་བབ་པའི་དངོས་སྒྲུང་།ད་དུང་འཆར་ཡུན་རིང་ལུགས་པའི་རྟོག་སྒྲུང་ཀློག་རྒྱུར་ཡང་དགའ།ངས་ཀློག་དེབ་ཀྱི་ཐ་མ་ནི་དྲི་ཞིམ་གྱིས་ཁྱབ་པ་ཞེས་པ་ཞིག་རེད།དེ་ལ་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་རྩོམ་ཤུགས་ངེས་ཅན་ཡོད་པའི་མཐོང་ཚུང་བྱུང་།
ཁྱེད་ཀྱིས་ཀློག་འདོད་པའི་དེབ་དེ་གང་ཡིན།ངས་བསམ་བློ་བཏང་ན་ཀློག་པ་ཙམ་གྱིས་འགུགས་ཤུགས་ལྡན་པའི་རྩོམ་དེབ་ཞིག་ཡིན་རྒྱུ་རེད།ཡང་ན་ཁེར་རྐྱང་གི་འཚོ་བ་དང་།རང་ཉིད་ཀྱི་གཤིས་རྒྱུད་མཚོན་པའི་དེབ་འདྲ་ཡང་ཡིན་སྲིད།
ངས་ཐོས་འདོད་པ་ནི་ཁྱེད་ཀྱི་རྒྱལ་ཁབ་ནང་གི་གནའ་བོའི་རིན་ཐང་ལྡན་པའི་ལོ་རྒྱུས་དག་ཡིན།ཁྱེད་ཀྱིས་ཤོད་དང་།ང་རང་ཧུར་བརྩོན་ཆེན་པོའི་ལམ་དུ་ཞུགས་ཏེ་ཡར་རྒྱས་ལྡན་པའི་འཛམ་གླིང་གསར་བའི་གར་སྟེགས་སུ་བསྐྱོད་འདོད་ཡོད།
ལམ་འགྲོ་མེད་པ་ཞིག་སྟེ།ང་ལ་བརྙན་འཕྲིན་ཡང་ཡང་ལྟ་བའི་གོ་སྐབས་ཀྱང་ཉུང་།ངའི་དུས་ཚོད་ཡོད་ཚད་ལས་ཀ་ཡིས་ཟ་བཞིན་ཡོད།ང་ནི་འགུལ་བསྐྱོད་རང་བཞིན་དང་།འབྲེལ་ལམ་དར་ཐག་འཐེན་རྒྱུར་དགའ་བོ་ཡོད།ཡིན་ནའང་།གནམ་འོག་གི་བདེ་སྐྱིད་ཚང་མ་ང་ལ་དགོས་པའི་ཧམ་སེམས་མེད།ཚད་དང་ལྡན་པའི་བྱམས་སྐྱོང་དང་བརྩེ་བ་ཞིག་གིས་བདག་སྐྱོང་ཐོབ་ན་འགྲིག་་རྒྱུན་དུ་སེམས་པས་འཚོལ་སྙེག་ཁོ་ན་ནི་སུ་ཞིག་གི་དྲང་བདེན་གྱི་བརྩེ་བ་དྲོན་མོ་ང་ལ་ཐོབ་མིན་དེ་ཡིན།
ངས་རང་ཉིད་ཀྱི་བརྩེ་བ་ལ་ལྟ་བཞིན་ཡོད།ཡིག་འབྲེལ་བ་ལགས།ཁྱེད་ཀྱིས་རང་ཉིད་ཀྱི་ཐོབ་དཀའ་བའི་བརྩེ་བ་ལ་བསམ་གཞིགས་བྱེད་མྱོང་ངམ།
ཞིབ་ཏུ་བསམ་ན་ང་ཚོ་ཚང་མ་ཆེན་པོ་བསམ་མཁན་དང་།འཛུམ་མདངས་འདོད་མཁན་ཤ་སྟག་རེད།ང་རང་ཉིད་ཀྱི་ཤེས་དགོས་པ་ནི་དྲང་བདེན་ལ་བློ་བཅོལ་ཡིད་ཆེས་བསྟེན་པའི་བརྩེ་བ་ཞིག་རེད།ཡིན་དང་ཡིན།ང་ལ་དགོས་པ་ནི་སུ་ཞིག་དང་རྒྱུན་ཏུ་འགྲོགས་པའི་དགོད་སྒྲ་སྐྱིད་པོ་དེ་ཡིན།ངས་འབྲེལ་ལམ་འདིའི་ཁྲོད་ནས་གཟབ་ནན་བྱེད་ཀྱིན་ཡོད།ངས་འགྲོ་ཞོར་འདུག་རེས་ཀྱི་རྩེད་མོ་འཁྲབ་སྟོན་བྱེད་ཀྱིན་མེད་་ལ།འཚོ་བའི་ཁྲོད་ཀྱི་ལས་ཞོར་གྱི་དགའ་དད་བྱེད་སྒོའང་སྤེལ་གྱིན་མེད།
སྐུ་མཁྱེན།ང་ལ་ཁྱེད་ཀྱི་སྐོར་མང་ཞིག་ཤོད་དང་།དེ་རིང་འབྲི་མཚམས་འདི་ནས་འཇོག་རྒྱུ་ཡིན།ང་རང་ནང་དུ་ལོག་པའི་དུས་ཚོད་ཟིན་སོང་།ཁྱེད་དང་མཉམ་དུ་སྐད་ཆ་བཤད་པ་དེས་ང་ལ་དགའ་ཚོར་བླ་མེད་སྦྱིན་བྱུང་བས་མདུན་བསྐྱོད་ཀྱི་ལམ་དུ་ཕྱོགས་པའི་རེ་སྒུག་ཁྲོད་ནས་ང་ལ་ཡིག་ལན་གསར་བ་རེ་གང་མགྱོགས་གནང་བའི་རེ་བ་དང་བཅས་ཁྱེད་རང་གི་གྲོགས་མོ་ཏ་ཏའི་ཡ་ན་ནས།

འགྱུར་རྩོམ།

Post navigation

Previous Post: རྩོམ་པ་པོ་མགོ་ལོག་འཇིགས་བྱེད་ཚེ་རིང་ལ་བཙོན་འཇུག་ཉེས་རྡུང་བཏང་འདུག
Next Post: སྨྲ་བརྗོད་རང་དབང་གི་རྣམ་བཤད།

Comments (7) on “གློག་ལམ་གྱི་བརྩེ་འཕྲིན་བཞི་བ།”

  1. རྒྱ་གར་རྨ་བྱ། says:
    2011-01-07 at 3:00 am

    ཀུན་དགས་བོད་བསྒྱུར་གྱི་ཉམས་འགྲོས་བཟང་བས་སམ། ཡང་ན་བུ་མོ་ཏ་ཏའི་བོད་མིའི་སེམས་ཁམས་དང་འདྲིས་ངོ་ཆེ་བའི་རང་སེམས་ཀྱི་རིས་ཚོན་སྣ་ཚོགས་ཀུན། གཞན་ལ་བགོ་འདོད་ཀྱི་གོམ་གཤིས་དྲོན་མོ་དེས་བྱས་སམ། གང་ལྟར་གློག་ལམ་གྱི་བརྩེ་འཕྲིན་འདི་བཞིན། བཀའ་སྤྱི་གཉིས་ཀྱི་འཁྲུག་ཆ་དང་། ལས་བྲེལ་གྱི་བར་ནས་ཀྱང་ཐེངས་རེ་བཀླགས་སུ་ཤོར་བཞིན་འདུག་པས། ལེགས་མོ་འདུག མུ་མཐུད་ཅིག སྐུ་ཁམས་བཟང་། ། སེམས་པ་སེམས་ཀྱིས་ཤེས་པ་ལས་གཞན་གྱིས་མིན།

  2. ཇིང་སྲས་མིག་གསུམ་པ says:
    2011-01-07 at 4:25 am

    སྙན་མོ་བསྒྱུར་འདུག་ད་དུང་མུ་མཐུད་དུ་་

  3. མཐོང་གྲོལ། says:
    2011-01-07 at 4:29 am

    དེ་འདྲེའི་བུ་མོ་ཤ་ཚ་མོ་ཡག་པོ་འདུག་མུ་མཐུད་ཡིན་དའ།།།

  4. བོན says:
    2011-01-07 at 8:05 am

    o=- 0R- :2R., ,.0=- .R/-2o.- gR$?- 0:A- 1- 1R$- .J, ,2.$- {=- w/- ?J3?- GA- .JA.-.-)R=, ,!A- $*A?- 0?- 1- )R- :./- 3- :2R., ,
    2- .3- 5B$- :I<- 3J.- #R- 2R- =, ,5<- $&R.- .%- eJ?- ?- :6B/- 0- ;A, ,.0:-.P-]- :23- IA- /?- 3,- )R=, ,!A- $?3- 0?- $+/- PR$?- /J:- (%- :2R., ,
    $/?- *J<- 28A:A- .0:- 2R- 3#:-:PR:A- 5S$?, ,.?- 3*3- .- <R=- 2:A- 2.J- !R%- =3, ,(R?- 9$- 3J.- .$:- !R/- :IJ.- .- $?R=, ,1<- vR?- .%- %R- 35<- (J-
    !, , =$?- =, ,:R.- (J/- 0R?- /3- 3#:- $%- /?- :.$ ,:.A- :S- 2- .- }R/- 3,R%- 3- MR%-, ,?J3?- :R.- $?=- <A$- 0:A- $%- (-=, ,;%-
    2v?- 5K- 3A-.!<- g- .3<- &/, ,8=- .!<- 0R- 2&R- s:A- ^- $8R/- =, ,35=- =A- OA?- ,A$- =J- L?- 0- :S, ,3A$- $%- =- $+.- G%- HR.- =- :#R<, ,?J3?- $;R-3J.-
    HR.- GA?- .3- 0R<- 2#3?, ,{-2eA.- 0- <A- ;A- .2%- 0R- :S, ,l=- \R$- 8$?- :H$?- 0:A- $<- =- :P/, ,!R2?- (J- 2?- $/3- ?- ;R3- ;R3- LJ., ,:.A-:63-\A%-
    ?J%- (J/- ;A/- %J?- :S, ,eJ- .J- ;A- !J%- :R$- KR$?- 353?- /, ,!J%- z- .3$- 3A/- .!<- LA/- <J- ($?, ,2<- $*/- .3$- %- .3<- S$- +-:52, ,:R$- [- .3$- o-
    35R- 3J- <J- – <- <, ,:#R<- .0:- g=- !R%- .%- .$-2o-.%-, ,.J:A-;%- :#R<- :23- OA- :23- !R%- i 3?, ,.3$- v- 2- 3A$- $A?- 3A-29R.-
    &A%- , ,P%?- $8=- 2- ?J3?- GA?- 3A-(3- 3R, ,.0%- :.A-:S- $%- .-2*R.- o- ;A/, ,2- {=- w /- eJ?- ?-:6B/- :.R.- / , ,{-$8/- .- 3- *R.- :.A-G- ?J%-
    $J:A- 2!/- 0- =, ,#- 43- 3A/- ~A%- /?- $?- 0- ;A, ,%J.- 2- aR2- {=- w/- :23- U$- i3?, ,eJ- HJ.- GA- V/- .- ~A%- /?- 3(A, ,$/?- =R%?- ,R.- vR?- 0- 3J.- 0<- :2=, ,=?-
    *A.- #$- &A-36.- HJ.- <%- 3HJ/, ,#%- .P- 2R- (3- =- :2J2?-:.R.- /, ,,A<- 2!/- .%- :PR-2- ;R%?- =- :5K , ,|R?- z- :2%?- {=- w/- 2.$- &$- =, ,2?3- %/- .%- .R-O $-!/, ,\A%- .0:- 2R:A- d3- !R/- 9?- ?- :2=, ,,$?- .IJ?- 0<- 36S.- =- 28J?- ?-$?R=, ,%J.- :.A<- 5S$?-{ =- w/-1R-3R-;A, ,
    =?- :.A- =- .P-]:A- .0:- mR%- (R?, ,%$- 3A- :I<- 2.J/- 5B$- /?- 0- )R=, ,?J3?- (R?- {:A-<%- 8=- 3%R/- ?3- !R/, ,eJ- HJ.- .%- .LJ<-3J.- LA/- IA?- R2?, ,AJ- A- +A- 3A- 2-
    z-o =- =R, ,8J?- <2- L%- 2&- 2./- 0:A- ?- 4=- @R<- ^- 115K?- 11GA- }- SR<- 5K , #-/?- $%- L%- 2&R?- 2+<- 3J.- 0<- 3<- %J=- 2- :.A, ??- 2+R/- G %- LA/- 2?- GA-5/- #

  5. གཅན་བཟོད་རྒྱམ། says:
    2011-01-07 at 8:47 am

    བོན་ལགས། ཁྱོད་ཀྱི་ཡིག་གཟུགས་འདི་གང་ཡིན། ངས་སྒྱུར་དགོས་བསམ་ཀྱང་སྒྱུར་ཐུབ་མ་སོང་།

  6. དབང་ཆེན། says:
    2011-01-07 at 9:04 am

    བརྩེ་དུང་ནི་ཕན་ཚུན་ལ་ཡིད་ཆེས་དང་། བདེ་སྐྱིད་སྤྲོད་རེས། སྐྱིད་སྡུག་མཉམ་མྱོང་། ནུས་ཤུགས་སྟེར་རེས་བྱས་ཏེ་འཛམ་གླིང འདིར་བདེ་དྲོད་ཁོལ་བའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བསྒྱུར་རེ་་ཡིན།

  7. བཀྲ་ཤིས། says:
    2011-01-10 at 1:23 am

    ངས་ཁྱོད་ཀྱི་བརྩེ་འཕྲིན་འོག་ནས་ལུགས་ལྡོག་ཏུ་བཀླགས་ནས་འགྲོ་བཞིན་ཡོད། ད་ལྟ་ཟེར་བའི་བུ་མོ་དེའི་སྐད་ཆའི་བོད་པ་ཚང་གི་སེམས་ཁམས་ཀྱི་ཆ་ཤས་ཤིག་རྙེད་ཐུབ་ཀྱི་འདུག དེ་ནི་མོ་རང་སེམས་ཁམས་རིག་པ་ཞིག་ཡིན་པས་ཡིན་ཚོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme