Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེ་འཕྲིན།

Posted on 2010-12-28 By དབང་ཕྱུག་ 4 Comments on གློག་ལམ་གྱི་བརྩེ་འཕྲིན།

ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།

རྒྱང་རིང་འཕྲིན་ལམ་གྱི་གྲོགས་པོ་ལགས།

8ཐོག་མར་ཁྱེད་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ང་ནི་དྲང་བདེན་གྱི་བརྩེ་བ་ལ་རེ་ལྟོས་བྱེད་མཁན་ཞིག་དང་། གློག་འཕྲིན་གྱི་དྲ་ལམ་དུ་ཞུགས་ནས་མི་ཚེ་ཡི་འཚོལ་སྙེག་ལ་སྐུལ་འདེད་གཏོང་མཁན་ཞིག་ཀྱང་ཡིན། ཁྱེད་རང་ང་དང་མཉམ་དུ་རང་དབང་གི་ལམ་དུ་ཞུགས་ཏེ་ཐོབ་དཀའ་བའི་མི་ཚེ་ཞིག་གི་རིན་ཐང་ལ་འབད་འབད་དུང་དུང་གི་གཏམ་གླེང་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངའི་མིང་ལ་ཏ་ཏའི་ཡ་ནར་འབོད་ཅིང་། གཟུགས་ཀྱི་ལྗིད་ཚད་དང་། རིང་ཚད་སོགས་ནི་ཚད་ལྡན་ གྱི་བུ་མོའི་ཕུང་བོའི་གྲུབ་ཆ་ཚང་ཡོད། ཕྱི་ལོ་༡༩༨༡་ལོར་ར་ཤི་ཡའི་རྒྱལ་ཁོངས་ཨིན་ཁྲ་རྫོང་ཁོངས་སུ་སྐྱེས་པ་ཡིན། ཨིན་ཁྲ་གྲོང་ཁྱེར་ནི་དེ་ཙམ་གྱིས་གཞི་རྒྱ་ཆེ་བའི་གྲོང་ཁྱེར་ཞིག་མ་རེད། འདི་ནི་ར་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཡོད་པ་དང་། གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་ལྷན་ཁང་ཁག་ཀྱང་ཡོད་པ་རེད། གྲོང་ཁྱེར་འདིར་རྒྱུན་སྡོད་མི་འབོར་༣༧༠༠༠ལྷག་ཡོད་པ་དང་། ༡༩༤༠ལོར་གསར་དུ་འཛུགས་བསྐྲུན་བྱུང་བ་ཞིག་རེད།
ས་གནས་འདིའི་ཁོར་ཡུག་ཏུ་རི་བོ་དང་ཤིང་ནགས། ཆུ་སོགས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ལྡན་པ་དང་། གྲོང་ཁྱེར་ནང་རིག་གཞུང་གི་ལྟེ་གནས་དང་། བཟོ་ལས་སྒྱུ་རྩལ་ཁང་། བརྐོས་རིས། འཁྲབ་སྟོན་སྡེ་ཁག་སོགས་གཞི་རྒྱ་ཆེ་ཙམ་ཡོད་པ་མ་ཟད་ཡེ་ཤུའི་ལྷ་ཁང་འང་མང་པོ་ཡོད།
ས་ཆ་འདི་ནི་རྒྱལ་ས་མོ་སུ་ཁོ་ནས་ལེ་དབར་༢༠༠༠ལྷག་གི་མཚམས་སུ་ཡོད་པ་དང་། ང་རང་གྲོང་ཁྱེར་དང་ས་གནས་འདིར་དགའ་ཞེན་དང་བརྩེ་བ་ཡོད། ཡིན་དང་ཡིན། འདི་ནི་ངའི་སྐྱེས་ཡུལ་ཡིན་པ་མ་ཟད་མི་ཚེ་ཕྱེད་ཙམ་ལྷག་འཚར་ལོངས་བྱུང་སའི་ཞིང་ཁམས་ཀྱང་ཆགས་ཡོད་པ་རེད།
ཁྱེད་ཀྱིས་རང་གི་སྐྱེས་ཡུལ་གྲོང་བརྡལ་གྱི་སྐོར་ལ་ངོ་སྤྲོད་ཞིག་གནང་དང་། ཁྱེད་ཉིད་ཀྱི་གྲོང་བརྡལ་ལ་ཁྱེད་རང་དགའ་བོ་ཡོད་དམ།
ད་ནི་ངས་རང་གི་མི་ཚེ་སྐོར་ཅུང་ཟད་བཤད་འདོད་བྱུང་སོང་། ང་རང་བྱིས་དུས་ཀྱི་སྐབས་ནས་ཁེར་རྐྱང་དུ་ལྷག་པའི་བུ་མོ་ཞིག་ཡིན། དཀར་ངོགས་འདི་རུ་ཡོང་ནས་ངས་རང་ཉིད་ཀྱི་ཕ་མ་གཉིས་ཀྱི་ཞལ་ངོ་རྩ་ནས་མཐོང་ཐུབ་མེད། དེ་ནི་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་རེད། ངའི་ཕ་མ་གཉིས་གྲོང་ཁྱེར་ཨིན་ཁྲོ་ནས་རྨོ་རྨོ་ཡོད་སའི་ནང་དུ་ཡོང་སྐབས་སྤྱི་སྤྱོད་རླངས་འཁོར་ཁ་བསྒྱུར་ཐེབས་ཏེ་གཡང་དུ་ཟགས་ཤིང་། ཁོང་གཉིས་དུས་མཉམ་ཚེ་དུས་བྱས་པ་རེད། ཡིན་ནའང་། ང་ནི་ཕ་མའི་བྲང་ཁར་འབྱར་བའི་བྱིས་པ་དམར་འབྱར་ཞིག་སྟེ་ལོ་གཉིས་ལས་སོན་མེད་སྟབས་ཕ་མ་གཉིས་ཀྱི་གཟུགས་བརྙན་དང་འདས་དོན་ལ་དྲན་གསོ་གང་ཡང་ཐེབས་ཀྱིན་མི་འདུག ང་རང་རྨོ་རྨོ་ལགས་ཀྱིས་བདག་སྐྱོང་བྱས་མོད་རང་ལོ་ལྔ་ཡི་ཐོག་རྨོ་རྨོ་ལགས་ཀྱང་འཇིག་རྟེན་འདི་ནས་གཏན་བྲལ་དུ་གྱུར་བས་ང་ལ་ཕུ་བོ་མིང་སྲིང་སོགས་གང་ཡང་མེད་པ་མ་ཟད་གཉེན་ཉེ་སོགས་ཀྱང་མེད། རང་ལོ་ལྔ་ནས་བཟུང་གཏན་གྱི་ཁྱིམ་གཞིས་ཤིག་རྩ་ནས་མེད་སོང་བས་དྭ་ཕྲུག་གསོ་སྐྱོང་ཁང་ཞིག་ཏུ་བདག་གཉེར་བྱས་པ་དང་། དྭ་ཕྲུག་ཁང་དེ་ནི་ངེད་ཀྱི་ཁྱིམ་གཞིས་ལྟ་བུར་གྱུར་བ་རེད། ཆུང་དུས་ཀྱི་བྱིས་པའི་འཚོ་གནས་ནི་འདི་ལྟར་དཀའ་ཁག་གི་ལམ་དུ་ཡོང་བ་མ་ཟད།དེང་སྐབས་ཡང་ང་རང་ཁེར་རྐྱང་ཡིན།
རང་ལོ་བདུན་གྱི་སྟེང་ས་གནས་སློབ་ཆུང་དུ་སོང་བ་དང་། ང་རང་སློབ་སྦྱོང་ལ་དགའ་བ་མ་ཟད་སྒྲུང་དེབ་ཀློག་རྒྱུར་ཡང་དགའ་བ་ཡིན། རང་ལོ་བཅོ་བརྒྱད་བར་དུ་ད་ཕྲུག་ཁང་དུ་གནས་བཅས་ཤིང་། གནམ་འོག་འདིར་རང་ཉིད་ཀྱི་ཁྱིམ་གཞི་གསར་བ་ཞིག་ཇི་ལྟར་འཛུགས་མིན་ཐད་བསམ་བློ་མང་པོ་བཏང་མྱོང་། འདི་ཚང་མ་ཁེར་རྐྱང་གི་བསམ་གཞིགས་དང་རྨི་ལམ་གྱི་རེ་སྙེག་ཞིག་ཀྱང་རེད། ད་དུང་ གཏན་འཇགས་ཀྱི་འཚོ་གནས་དང་། ལས་ཀ་་ཅི་འདྲའི་རྙོག་འཛིངས་ཀྱི་བསམ་གཞིགས་མང་པོ་ཞིག
སློབ་གྲྭ་ཐོན་རྗེས་ངེད་ཀྱིས་དཔེ་མཛོད་ཁང་ཞིག་གི་དྲུང་ཡིག་གི་ལས་ཀ་བྱས་པ་ཡིན། འདི་ཡང་དཔེ་དེབ་ཀློག་པའི་སྐལ་བ་བཟང་ཤོས་ཤིག་རེད། ཡིན་ནའང་། མཐོ་རིམ་སློབ་གཉེར་ཁང་དུ་འགྲོ་འདོད་ཀྱི་འདུན་པས་ང་ལ་སྐུལ་ལྕག་ཡང་ཡང་བཏང་བྱུང་། འོན་ཀྱང་སྒོར་མོ་མེད་པའི་རྐྱེན་གྱིས་འཆར་སྣང་རབ་རིབ་ཀྱི་སྨོན་པ་ནི་རང་སེམས་གསོ་བའི་མེ་ཏོག་ལྟ་བུར་བསྒོམ།
གྲོགས་མོ་ཞིག་གི་བྱམས་བརྩེ་བརྒྱུད་ང་རང་མཐོ་སློབ་ཏུ་འགྲོ་རྒྱུར་ཐག་གཅོད་བྱས་པ་ཡིན། འདི་ནི་ཧ་ཅང་གི་ལེགས་པའི་དོིན་བཟང་ཞིག་རེད། ཡིག་རྩལ་གྱི་སྐབས་སུ་ངེད་ཀྱིས་ཕུལ་བྱུང་གི་རྒྱུགས་འབྲས་བླངས་ཤིང་། སེམས་ཁམས་རིག་པའི་སློབ་ཚན་སྐོར་ལ་དམིགས་བསལ་ཆེད་སྦྱོང་བྱས་པ་ཡིན། ང་ནི་སློབ་སྦྱོང་གི་སྐབས་སུ་ཀུན་སྤྱོད་ལ་འཛེམས་རྒྱུར་དགའ་ཞིང་། མི་གཞན་གྱི་སེམས་ཁྲལ་དང་སྐྱོ་སྣང་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུར་སྤྲོ། ངའི་ཨ་མ་ཡང་སེམས་ཁམས་རིག་པའི་ཆེད་ལས་པ་ཞིག་ཡིན་པར་བརྟེན་ང་རང་གིས་ཨ་མའི་སློབ་སྦྱོང་མཇུག་སྐྱེལ་བྱས་པ་འདི་ཡང་སྔོན་བསགས་ཀྱི་བསྐོས་ཐང་ཞིག་དང་།ངའི་ཨ་མ་ལ་དྲན་རྟེན་དུ་གཞེངས་པའི་ལེགས་སྐྱེས་ཤིག་ཀྱང་ཡིན་ངེས་རེད།
ངའི་བྱིས་དུས་ཀྱི་མི་ཚེ་ནི་བྱིས་པའི་ཁྲོད་ནས་འཚར་ལོངས་བྱུང་བས་ང་རང་བྱིས་པ་ཚོར་ཧ་ཅང་དགའ། དྭངས་ཤིང་གཙང་བའི་བྱིས་པའི་སེམས་ཁམས་ལ་དགའ། མ་འོངས་པའི་མི་ཚེ་ཚང་མ་བྱིས་པ་ཚོས་བདེ་སྐྱིད་ཀྱི་ཆེད་དུ་འབུལ་འདོད་འདུག ང་རང་ཨ་མ་བཟང་པོ་ཞིག་ཏུ་སྤྲུལ་ནས་འཛམ་གླིང་རིལ་བོའི་ཁོར་ཡུག་གི་བྱིས་པ་ཚོའི་མ་ཡུམ་བཟང་པོ་ཞིག་བྱེད་འདོད་ཡོད།
བརྩེ་བའི་ཡིག་འབྲེལ་བ་ལགས། སྤྲོ་སྤྲོ་དང་དུང་དུང་གི་ཚོར་བས་ཁྱེད་ཀྱི་ཡིག་ལན་ལ་སྒུག་བཞིན་ཡོད་པས་གལ་སྲིད་ཁྱེད་ལ་དུས་ཚོད་སྟོང་པ་རེ་བྱུང་ན་བརྗེད་དཀའ་བའི་འབྲེལ་ལམ་འདི་རྒྱུན་སྐྱོང་ཡོང་རྒྱུ་ངེད་ཀྱི་རེ་བ་ཆེ་ཤོས་ཡིན།

བུ་མོ་ཏ་ཏའི་ཡ་ནས་ནས་ཕུལ།

བརྩེ་བའི་ལས་གྲོགས་རྣམ་པ་ལགས། ལས་ཀ་དང་སློབ་སེང་གི་བར་ནས་བུ་མོ་ཏ་ཏའི་ཡ་ནའི་གློག་ ལམ་གྱི་བརྩེ་འཕྲིན་ལ་ཉན་འདོད་ཡོད་ན་མུ་མཐུད་དེ་བོད་བསྒྱུར་བྱེད་ངེས་ཡིན། ཁོ་མོའི་བརྩེ་འཕྲིན་ནང་བུ་མོ་གཞོན་ནུ་མ་ཞིག་གི་མི་ཚེ་ཡི་བརྒྱུད་རིམ་དང་། དཀའ་སྡུག་གི་འཚོ་བ། སློབ་སྦྱོང་གི་གནས་ཚུལ།རང་ཉིད་ཀྱི་ཕུགས་རེ།ཁོར་ཡུག་གི་གནས་བབ། ལྷག་པར་ལྷད་མེད་པའི་དྭངས་གཙང་གི་སེམས་ཁམས་ཀྱང་གསལ་སྟོན་བྱས་ཡོད། ཁོ་མོའི་ཡིག་འབྲེལ་གྱི་སྔ་ཕྱི་ནས་ང་ཚོས་ལེགས་ཆ་ཞིག་མཐོང་ཐུབ་པ་ནི་བོད་རིགས་གཞོན་སྐྱེས་ཚོར་བརྩེ་འཕྲིན་དང་། ཉིན་ཐོ་འབྲི་སྟངས་སྐོར་ལ་བསླབ་བྱ་ངེས་ཅན་ཞིག་ཡོད་པར་སེམས།

བུ་མོ་ཏ་ཏའི་ཡ་ན་དང་གློག་ལམ་གྱི་ཡིག་འབྲེལ་བ་ཀུན་དགའ་ནས།

འགྱུར་རྩོམ།

Post navigation

Previous Post: ཨང་ཧྲན་སོའུ་ཅེ་གློད་པ་ཐོབ་རྗེས་ཀྱི་གཏམ་བཤད་ཆ་ཚང་། ༼བོད་འགྱུར་མ།༽
Next Post: བཀྲས་མཐོང་གི་གོམ་སྟབས་ནས་གླེང་བ།

Comments (4) on “གློག་ལམ་གྱི་བརྩེ་འཕྲིན།”

  1. རྒྱ་གར་རྨ་བྱ། says:
    2010-12-28 at 6:01 am

    ཨིན་ཇིའི་བུ་མོ་འདིའི་ལོ་རྒྱུས་སྤྱིར་བཏང་ལས་དམིགས་བསལ་བ་ཞིག་མི་འདུག་ཀྱང་། ་བོད་མིའི་སེམས་ཁམས་དང་མཐུན་ཤོས་ནི། མི་གཞན་གྱི་སེམས་ཁྲལ་དང་སྐྱོ་སྣང་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུར་སྤྲོ། ཞེས་པ་འདི་ལ་ང་རང་ཧ་ཅང་སེམས་པ་ཤོར་སོང་། འཛམ་གླིང་ན་ཆེས་དཀོན་ཅིང་རིན་ཐང་གཞལ་བར་བྲལ་བའི་ཁྱད་ཆོས་ཡང་འདི་རངལས་མེད། ཁྱེད་ཀྱིས་འདི་ཉིད་མི་ཚེའི་རིན་ཐང་ཆེ་ཤོས་སུ་བརྩིས་ཐུབ་ན། ཁྱེད་ཀྱི་མ་ཡུམ་ཆེད་ཀྱི་རྨི་ལམ་ཡང་ངང་གིས་གྲུབ་ཡོང་བ་ཞིག་རེད། མུ་མཐུད་ཀློག་འདོད་ཡོད། བོད་པ་ཀུན་དགའ་ལགས་ཀྱིས་ཨིན་བསྒྱུར་ལེགས་པོ་གནང་བར་དགའ། མུ་མཐུད་ཐུབ་མིན་ཅི་ཤེས། བཀའ་སྤྱི་གཉིས་ཀྱི་གནས་ཚུལ་གྱིས་འདི་རིགས་རྡོག་བརྗིས་འཐེབ་ཉེན་འདུག ཐུགས་རྗེ་ཆེ། དུས་ཁོམ་བྱུང་ན་ཡང་བསྐྱར་མཇལ་ཆོག ཚེ་རིང་། བླ་མས་སྐྱོབས།

  2. ལྷ་མོ། says:
    2010-12-28 at 8:18 am

    ཁོ་མོ་ལ་ཡང་འདི་འདྲེས་ལོ་རྒྱུས་རེ་ཡོད་ཀྱང་ད་བར་བཤད་ས་མ་རག་དུས་ཚོད་དང་བསྟུན་ངེས་ཀྱང་ཁྱེད་ཅག་དྲྭ་གྲོགས་ཚོ་ལ་བཤད་ཆོག ཡིན་དང་ཡིན་མི་སི་ཡིན་ཀྱང་ལོ་རྒྱས་རེ་མེད་ནི་མེད་མོད་འོན་ཀྱང་དཀའ་སྐྱོ་སྣ་ཚོགས་པ་ཞིག་ཡོད་པ་འཇིག་རྟེན་འདེའི་ཆོས་ཉིད་དུ་གྲུབ།

  3. དབང་ཆེན། says:
    2010-12-29 at 9:54 am

    བདེ་སྡུག་འཁོར་ལོ་ངེས་མེད་བསྒྱུར་བའི་སྐབས། །འཚོ་བའི་སྲོག་ཤིང་རྐྱེན་ལམ་མ་སོང་བར། །སྙིང་སྟོབས་འཁོར་ཤུགས་མདུན་དུ་བསྐྱོད་པ་འདི། །འཛམ་གླིང་དཔའ་མོ་ཞིག་གི་རྣམ་ཐར་ལགས། །

  4. དབང་ཆེན། says:
    2010-12-30 at 10:36 pm

    མཛེས་མ་འདིའི་་མི་ཚེའི་སྐྱོ་གར་ནི་ལོ་ངོ་བརྒྱད་ཅུའི་ནང་གི་བོད་མི་ཚོའི་་ལོ་རྒྱུས་དང་གཉིས་སུ་མ་མཆིས། མཁས་པ་དང་དཔའ་བོ་འཇོན་པོ་ཐམས་ཅད་འཇིག་རྟེན་གྱི་ཕ་རོལ་དུ་སོང་བའི་མཚམས་སུ། ཡུལ་གྱར་གྱི་དྭ་ཕྲུག་མང་པོ་ཞིག་གིས་འཛམ་གླིང་གི་མི་ལ་ལག་པ་ཟེད། མ་འོངས་པའི་རེ་བ་ཞིག་གིས་འཚོ་བའི་སྲོག་ཤིང་བྱས་ཏེ་ད་བར་ལྷག སླར་ཡང་མི་མཐུད་དེ་གཞོན་ནུ་མའི་ལང་ཚོ་སྨིན་པ་བཞིན་བཟའ་བཏུང་གི་འཚོ་བ་ཡར་རྒྱས་ཕྱིན་ཡང་། བགྲང་བྱའི་ཁུར་པོ་ལྕི་རུ་སོང་བས་རང་དབང་གི་བདེ་བ་ནམ་ཞིག་ལ་ལོངས་སུ་སྤྱོད་ཐུབ། ངའི་མི་ཚེའི་ལོ་རྒྱུས་ཀྱི་འདྲ་བཤུས་དང་མཚུངས་པའི་མཛེས་མ་དེའི་ལུས་སེམས་ལ་་ཉེ་བར་འཚེ་བའི་ཚོགས་ཀུན་ཞི་སྟེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྨོན་ལམ་ནན་གྱིས་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme