Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ཞགས་རེད་དམ་མེ་ལྕེ་རེད།

Posted on 2013-07-252013-07-25 By ཁ་བརྡ་ 3 Comments on གློག་ཞགས་རེད་དམ་མེ་ལྕེ་རེད།

གྲིབ་གཟུགས།

མཆུ་སྒྲོས་དམར་པོ་དེ་མེ་ལྕེ་ཡིན་ནམ།།
སྤྱན་གྱི་གཟིགས་སྟངས་དེ་གློག་ཞགས་རེད་འདུག།
འདོད་པས་བཟི་སྟངས་ཀྱི་རྣམ་འགྱུར་མ་ལུས།།
ཆར་གྱི་ཐིགས་པ་བཞིན་སྙིང་ཁར་སིམ་སོང་།།

ཡ་མེད་སྨྱོ་སྤྱོད་ཀྱི་བྱེད་སྟངས་བྱེད་ལུགས།།
གང་དྲན་རང་དབང་གིས་རྩེད་འཇོར་རོལ་སྟངས།།
འཇིག་རྟེན་ལག་མཐིལ་དུ་བླངས་པའི་དགའ་མས།།
གུ་ཡངས་བློ་བདེ་ཡི་སློབ་གསོ་གནང་བྱུང་།།

གྱེད་སྒུག་ལུས་པོ་ཡི་འགུལ་སྐྱོད་གང་དག །
འདོད་པའི་བདུད་རྩི་ཡིས་བཟི་བ་ནང་བཞིན།།
སྐྱེ་གཟུགས་སྟོད་སྨད་ཀྱི་ཆ་ཤས་རེ་རེས།།
ཆར་ཞོད་ཆེ་དུས་ནའང་དྲོད་ཁོལ་སྟོར་གྱི།།

ཆུ་མོ་སྔོན་མོ་ཡི་ནང་གི་ལང་ཚོ།།
སྤྱོད་པའི་བདག་པོ་ནི་ཚངས་པ་ཡིན་ནམ།།
འདོད་པའི་སྦྲང་རྩི་ལ་སྲེད་པ་འདི་ཚོ།།
མཐོང་དུས་འདོད་ལྷ་ཡང་ལོགས་སུ་མེད་ཚོད།།

མིག་ཤེལ་ཟླ་གཟུགས་དེ་བཞིན་ལ་བྲིས་འདྲ།།
སྐྲ་ལོ་ཐུང་ཐུང་གི་འོག་གི་ངོ་གདོང་།།
ངོ་གདོང་དཀྱིལ་སྨད་ཀྱི་ཆུ་སྒྲོས་དམར་པོ།།
འདོད་ལྡན་སྙིང་ཁོང་གི་མདའ་གྲི་མདུང་གསུམ།།

འགྲེང་དུས་ལང་ཚོ་ཡི་སྒེགས་པ་ངོམ་ཞིང་།།
བསྡད་དུས་འབུར་ས་དང་ཉག་ས་སྟོན་མཁས།།
ཆུང་ཆུང་བྱིས་སེམས་དང་འདོད་སེམས་བསྲེས་པའི།།
རྣམ་འགྱུར་རེ་རེ་ནི་འདོད་ལྷའི་མེ་ཏོག།

འདོད་པའི་རྔུལ་ཆུ་དང་གཡའ་ཆུས་བྲིས་པའི།།
“མཚམས་འཇོག་མི་ཐུབ་”པའི་གླུ་ཚིག་རེ་རེ།།
མཆུ་སྒྲོས་དམར་པོ་དེས་འདར་བཞིན་ལེན་དུས།།
འགྲམ་ཆང་མངར་མོ་དེར་སེམས་པ་མཁྲེང་སོང་།།

མཛེས་མ་བརྒྱ་ཕྲག་ལ་རིག་མྱོང་ཡོད་ཀྱང་།།
སེམས་ཀྱི་ཉེ་ཚོད་ལ་ཁྱོད་ལས་མ་ཤར།།
ལྟད་མོ་སྟོང་ཕྲག་ལ་བལྟས་མྱོང་ཡོད་ཀྱང་།།
སྙིང་ཤ་དམར་པོ་འདི་ཁྱོད་ཀྱིས་བསྒུལ་སོང་།།

མེ་ཏོག་སོས་པ་ཡི་ལང་ཚོ་ཁུར་བའི།།
གཞོན་ནུ་ཕོ་མོ་ཚོ་དགའ་ལུགས་རྩེ་སྟངས།།
ཇི་བཞིན་སྣང་བརྙན་དང་གླུ་ཚིག་ངག་གིས།།
མིག་དང་རྣ་བ་ཡི་དཔྱིད་དུ་འགྱེད་འདུག །

Miley Cyrus ཀྱི་གཞས་ We Can’t Stop ཀྱི་གློག་བརྙན་བལྟས་རྗེས་བྲིས།
25/7/2013

སྙན་ངག

Post navigation

Previous Post: ལ་ཁའི་ཆིག་ལབ ། ༼སྒྲུང་གཏམ༽
Next Post: ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་དགོས།

Comments (3) on “གློག་ཞགས་རེད་དམ་མེ་ལྕེ་རེད།”

  1. མེ་ཏོག་དཀར་པོ says:
    2013-07-26 at 1:58 am

    གློག་ཞགས་མ་རེད་མེ་ལྕེ་ཡང་མིན་ཏེ།།
    གྲིབ་གཟུགས་བླ་མའི་འདོད་པའི་སྲེད་པ་རེད།།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-07-26 at 2:58 am

    གློག་ཞགས།
    ཆགས་སྲེད་གློག་ཞགས་ནང་དུ་འདུག །
    མི་སྡུག་ཆུ་གྲང་བསྒོམ་དྲན་འདུག །
    མེ་ལྕེ།
    ལུས་གཟུགས་མེ་ལྕེ་ཕྱི་རུ་འདུག །
    དབང་རྒོད་རྟ་སྲབ་འཐེན་རན་འདུག །

  3. གྲིབ་གཟུགས། says:
    2013-07-26 at 3:15 am

    རྣམ་གཉིས་ལ་ཞུ་རྒྱུར། Miley Cyrus ཀྱི་གཞས་ We Can’t Stop ལན་གཅིག་ལྟོས་དང་གཞི་ནས་གློག་ཞགས་དང་མེ་ལྕེ་གང་ཡིན་ཧ་གོ་ཡི་རེད། ཁ་བྱང་དགོས་ན་འདི་ན་ཡོད།
    http://www.youtube.com/watch?v=LrUvu1mlWco

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme