Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་མེའི་གསང་བ།

Posted on 2009-09-20 By དགེ་རབ་ 10 Comments on གློག་མེའི་གསང་བ།

བསེ་རུས།
——
དེ་རིང་རེས་གཟའ་སྤེན་པ་ཡིན་སྟབས། རང་གི་མལ་ཁང་ནང་དུ་གཙང་སྦྲ་བྱས་པ་དང་། དཔེ་དེབ་ཀློག་འཕྲོ་ཡོད་པའི་རིགས་ཁག་ལ་མིག་མྱུལ་བྱེད་པའི་སྐབས། ཕྱི་ལོགས་ནས་སྒོ་བརྡུངས་པའི་སྒྲ་ཞིག་ཐོས་བྱུང་། མྱུར་མོར་ཕྱིར་ལྟ་སྐབས་ངོ་མི་ཤེས་པའི་བོད་པ་ཞིག་དང་། དབྱིན་ཇི་བ་ཞིག་ད་དུང་རྒྱབ་ཏུ་ལྟོ་ཕད་ཆེན་པོ་ཞིག་འཁུར་བའི་རྒྱ་གར་བ་ཞིག་བཅས་མཐོང་བྱུང་། ང་ག་བྱེད་འདི་བྱེད་མེད་པར་ལུས་པ་ལྟ་བུར་གྱུར་པའི་ཚེ། བོད་པ་དེས་ཁྱེད་ཀྱི་མིང་ལ་བསེ་རུ་ཟེར་གྱི་ཡོད་དམ་ཞེས་སྐད་ཆ་དྲིས་བྱུང་། ངས་ལགས་ཡིན། ངའི་མིང་ལ་བསེ་རུ་ཟེར་གྱི་ཡོད་ཅེས་བཤད་པ་ཡིན། ཁོང་གིས་ང་འཚོལ་བར་ཡོང་རྐྱེན་དང་ལས་ཁུངས་ག་གེ་མོ་ཞིག་གི་ངོ་སྤྲོད་འོག་ཁྱེད་ཐུག་པར་འདིར་ཡོང་བའི་སྐོར་བཤད་ནས་དབྱིན་ཇི་བ་དེ་ངོ་སྤྲོད་བྱས་བྱུང་། དེ་ནས་ངས་ཡར་ནང་དུ་ཕེབས་དང་། ཞེས་ཤོད་ཞོར་རང་གི་མལ་ཁང་ནང་དུ་ཁྲིད་པ་ཡིན། དེ་ནས་སྐད་སྒྱུར་བ་དེས་དབྱིན་ཇི་བ་དེ་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དང་མཐུན་མི་མཐུན་གྱི་བྱ་སྤྱོད་ཇི་ལྟར་སྤེལ་གྱི་ཡོད་མེད་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་དང་། ད་ལྟ་བོད་པ་སྐྱབས་བཅོལ་བའི་ཁྲོད་ཆབ་སྲིད་བཙོན་ཟུར་སོགས་ལ་དྲི་བརྩད་ཞིབ་འཇུག་ཏུ་སླེབས་པ་རེད་ཟེར། ངས་ཐོག་མར་ཁོང་ལ་འཚམས་འདྲི་ཞུས་པ་ཡིན་ལ། ཤོད་འདོད་པའི་སྐད་ཆ་ཚིག་ཁ་ཤས་བཤད་པ་ནི་འདི་ལྟར།
ཐོག་མར་ང་རང་བོད་པ་ཞིག་ཡིན་པའི་ངོས་ནས་སྐུ་ཉིད་ཀྱིས་བོད་ཀྱི་གནད་དོན་ཐོག་དོ་ཁུར་ཆེ་བཞེས་ཐོག་རང་ཉིད་ཀྱི་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་བོད་མི་མང་པོ་ཞིག་ལ་དྲི་བརྩད་གནང་གིན་ཡོད་པར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་ཞེས་དང་། ལྷག་པར་འཛམ་གླིང་འདིར་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་ཉིད་ཀྱིས་བདེན་དོན་གྱི་གནས་ཚུལ་རྣམས་འཛམ་གླིང་མི་མང་གི་མདུན་དུ་བཤམས་རྒྱུར་འབད་བརྩོན་གནང་གིན་ཡོད་པ་ནི། ཆེས་བསྔགས་འོས་པ་ཞིག་དང་། གནས་སྐབས་བདེན་དོན་གྱི་ལས་དོན་ཐོག་སྤྱི་ཚོགས་དང་ཁོར་ཡུག་གི་འགལ་རྐྱེན་སྣ་ཚོགས་ཤིག་འཕྲད་སྲིད་ཀྱང་བདེན་པ་ནི་ནམ་ཡང་བདེན་པ་ཡིན་སྟབས། ཁྱེད་ཀྱི་བདེན་པ་བདེན་སར་འཁྱོལ་བ་ཞིག་གནང་རོགས་ཞེས་ཞུས་པ་ཡིན། དེ་ནི་ངའི་ཐོག་མའི་རེ་བ་དང་སེམས་གཏིང་གི་སྐད་ཆ་ཞིག་ཀྱང་རེད།

དེ་ནས་ཁོང་གིས་གློག་ཀླད་ཁ་ཕྱེ་སོང་ལ། སྐད་སྒྱུར་བ་དང་། རྒྱ་གར་བ། ཁོ་རང་བཅས་ཀྱི་ལག་ཐོགས་ཁ་པར་གློག་བསད་པ་ཙམ་མ་ཟད། གློག་མེ་ཡང་ཕྱིར་བཏོན་སོང་། ད་དུང་ངའི་ལག་ཐོགས་ཁ་པར་གྱི་གློག་མེ་ཡང་ཕྱིར་འདོན་དགོས་པའི་བརྡ་བཏང་བྱུང་། ང་རང་ཡ་མཚན་སྐྱེས་པ་ཙམ་མ་ཟད་ཚོར་སྣང་དམིགས་བསལ་བ་ཞིག་ཀྱང་བྱུང་། དེར་བརྟེན། ངས་དེའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་སྐབས། སྐད་སྒྱུར་བས་གལ་སྲིད་ང་ཚོའི་ལག་ཐོགས་ཁ་པར་གྱི་ནང་གི་གློག་མེ་ཕྱིར་མ་བཏོན་ན། ང་ཚོས་འདིར་དྲི་བ་དྲི་ལན་གང་བྱས་པ་རྣམས་རྒྱ་མིས་ཉན་ཐུབ་པ་མ་ཟད། སྐད་ཆ་གང་ཡོད་པ་རྣམས་སྒྲ་འཇུག་ཀྱང་བྱེད་ཐུབ་པ་ཞིག་བཟོས་ཡོད་པ་རེད་ཅེས་དང་། འཛམ་གླིང་ལག་ཐོགས་ཁ་པར་གྱི་གློག་མེ་ཕལ་ཆེ་བ་རྒྱ་ནག་ནས་བཟོས་ཡོད་སྟབས། གློག་མེ་ཁག་གི་ནང་སྒྲ་ཉན་ཐུབ་པའི་རྫས་ཤིག་ཡོད་རབས་གླེང་བྱུང་། ང་རང་ཁྲོན་པའི་ནང་གི་སྦལ་པ་ལྟ་བུར་གྱུར་པའི་ཚོར་སྣང་ཞིག་ཀྱང་བྱུང་ལ། རྒྱ་ནག་ལ་སྡང་སེམས་ཤིག་ཀྱང་ངང་གིས་སྐྱེས་བྱུང་། དེ་ལྟའི་གནས་ཚུལ་དེ་ནི་ང་ཚོ་བོད་མི་ཕལ་ཆེ་བར་ཡིད་མི་ཆེས་པའི་གནས་ཚུལ་དུ་གྱུར་སྲིད་ཀྱང་། སྔོན་ཐོན་ཅན་གྱི་མི་རིགས་གཞན་ཚོས་ལག་ཐོགས་ཁ་པར་གྱི་གློག་མེའི་གསང་བ་དེ་སྔར་ནས་ཤེས་ཡོད་ཚོད་རེད། གཅིག་བྱས་ན་ཉམས་ཞིབ་པ་ཁོ་རང་གིས་མ་གཏོགས་མི་ཤེས་པ་དེ་འདྲ་ཡང་ཡིན་སྲིད་པ་རེད། དེ་ནི་ཁོ་བོས་ཁ་ཚོན་གཅོད་ཐབས་བྲལ། གང་ལྟར་ང་ལ་དྲི་བ་མ་དྲིས་པའི་སྔ་རོལ་ཏུ་ཡ་མཚན་པའི་གནས་ཚུལ་འདི་ལྟར་བྱུང་།
དེ་ནས་ཁོང་གི་དྲི་བ་ལྟར་ངས་ལན་འདེབས་གང་ཐུབ་བྱས་ཤིང་། དྲི་ལན་འདེབས་སྐབས་ཀྱང་ང་རང་བོད་མི་རིགས་ཀྱི་བདེན་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་ཀུན་གྱི་ཚབ་མཚོན་མི་སྣ་ཞིག་གི་ངོ་བོའི་ཐོག་ནས་དྲི་ལན་ཁག་ལ་ལན་འདེབས་མ་ལན་མ་འགྱོད་པའི་ཐོག་ནས་ལན་འདེབས་བྱས་པ་ཡིན། ང་རང་ཡིད་ཚིམས་པ་ཞིག ་ཤོད་འདོད་བསམས་ཀྱང་། དུས་ཚོད་ལ་སྟངས་འཛིན་ཆེ་བས་དེ་ལྟར་མ་བྱུང་། ཡིན་ན་ཡང་། གང་ཐུབ་ཅི་ཐུབ་ཀྱིས་ལན་འདེབས་ཁག་བྱས་པ་ཡིན། གློག་མེ་མཐོང་ཚད་ལ་ཞིབ་འཇུག་གཅིག་གནང་ན། ཕལ་ཆེར་རྒྱ་ནག་ནས་བཟོས་ཞེས་བཀོད་ཡོད་ཚོད་རེད། མིང་ཁ་གསལ་མ་བཀོད་ཀྱང་ཕལ་ཆེར་རྒྱ་ནག་ནས་བཟོས་པ་ཤས་ཆེ་བ་རེད། ད་དུང་ངའི་ལག་པའི་སོར་མོའི་འོག་ཏུ་ཡོད་པའི་མཐེབ་གཞོང་དང་། ལག་པའི་འོག་ཏུ་ཡོད་པའི་ཙི་ཙི་སོགས་ཀྱང་རྒྱ་ནག་ནས་བཟོས་པ་མང་ཆེ་བ་རེད། ད་ལྟའི་ཆར་ལག་ཐོགས་ཁ་པར་ཐོགས་ཚད་ཀྱི་གནས་ཚུལ་རྣམས་རྒྱ་ནག་གཞུང་ལ་རྩོལ་མེད་ཐོག་རག་པའི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པ་མ་ཡིན་ནམ།
དེ་ལྟའི་གནས་ཚུལ་དེ་འཛམ་གླིང་གིས་མི་མང་ཀུན་གྱིས་ཤེས་ཀྱི་ཡོད་དམ་མེད།
དྲ་གྲོགས་ཚོས་གཟིགས་ན་གང་འདྲ་རེད་དམ། གོང་གི་གནས་ཚུལ་དེར་བདེན་པའི་ཆ་ག་ཚོད་ཙམ་ཡོད་དམ། ང་ནི་དེ་བདེན་པ་རེད་སེམས་བཞིན་ཡོད། ཁྱེད་རྣམས་ལྟར་ན་དགོངས་ཚུལ་རེ་གསུངས་དང་། དེ་ནས་རྙེད་དོན་མང་པོ་ཞིག་རྙེད་སྲིད་པ་རེད། མཚན་མོའི་ཆུ་ཚོད་དང་པོ་ཟིན་སོང་། འདིར་མཚམས་མི་འཇོག་ཀ་མེད་རེད།།

རྩོམ་རིག

Post navigation

Previous Post: མི་རབས་གསར་བས་བོད་ནང་གི་རྩོམ་པ་པོ་ལྷམ་ཀོག་ལགས་ལ་བཅར་འདྲི་བྱས་པ།
Next Post: ང་དང་ང་།

Comments (10) on “གློག་མེའི་གསང་བ།”

  1. འཆི་བདག་སྐྱབས་། says:
    2009-09-21 at 6:08 am

    ག་རེ། བསེ་རུ་འདིས་གློག་མེ་ཡིན་ན་ཅིག་ཟེ་ང་རང་མགོ་ཐོམ་དུ་བཅུག་སོང༌།
    གློག་གཡིས་ལབ་དང༌།
    དེ་འདྲ་ད་ཆེ་ཡིན་འདོད་སྤྱད་ཅིག་རེད། ང་ད་ལྟ་རང་རང་གི་ལག་ཐོགས་ཁ་པར་ལས་གློག་གཡིས་བླངས་ཏེ་བལྟས་དུས། རྒྱ་གར་ནས་ཡིན་པ་ལས་རྒྱ་ནག་ནས་མ་རེད་བཞག
    དེ་ལ་བདེན་རྫུན་གཉིས་ཀྱི་ཆ་ཡོད་པར་འདོད།

  2. བསེ་རུ། says:
    2009-09-21 at 9:58 am

    འཆི་བདག་སྐྱབས་ལགས།
    བསམ་ཚུལ་དེ་ཤོད་མཁན་ང་ཡིན།
    སྐུ་ཉིད་གློག་མེ་ཞེས་ལབ་པས་མགོ་འཐོམས་ན། གློག་གཡིས་ལབ་དང་ཞེས་གསུངས་པས་ང་རང་མགོ་འཐོམས་སོང་།
    ངས་གློག་མེ་ཞེས་པའི་བརྡ་ཆད་དེ་བེད་སྤྱོད་གཏོང་སྟངས་འགྲིག་ཡོད་མེད་མི་ཤེས། ང་ཚོས་གློག་བཞུ་དང་། དེའི་ནང་བླུག་བྱེད་ལ་གློག་མེ་ཞེས་སྤྱད་པ་བཞིན་དུ། ལག་ཐོགས་ཁ་པར་གྱི་གློག་མེ་ཞེས་བརྗོད་འགྲིག་སྙམ་བཞིན་བེད་སྤྱོད་བཏང་བ་ཡིན།

    འོན་ཀྱང་། སྐུ་ཉིད་ཀྱིས་གློག་གཡིས་ལབ་དང་ཞེས་གསུངས་པ་ལྟར། གཡིས་ཟེར་ན་སྒྲ་ཟུར་ཆག་གི་ཐ་སྙད་རེད་དམ། ཡང་ན་དེང་སྐབས་གཏན་འབེབ་བྱས་པའི་གསར་བྱུང་ཐ་སྙད་རེད་དམ།
    ལན་འདེབས་རྒྱུ་མཚན་ལྡན་པ་ཞིག་གནང་རོགས།

  3. གངས་དཀར། says:
    2009-09-21 at 1:18 pm

    ཡ་ད་དེ་ལ་རྩོད་པ་དེ་འདྲ་བྱེད་མེ་དགོས་ཀི ངས་བལྟས་ན་གློག་མེ་ཟེར་ན་བརྗོད་དོན་དང་ཉེ དེ་བས་གློག་མེའི་ནང་ཉན་བྱེད་ཀྱི་རྫས་ཤིག་བཞག་ཡོད་ཚུལ་འདི་བདེན་ཤས་ཆེ་སྙམ།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-21 at 7:03 pm

    ད་སྤུན་ཟླ་ཁྱེད་ཅག་གིས་རྩོད་པ་མ་རྒྱག དེའི་མིང་ལ་གློག་མེ་མ་རེད། གློག་གཡིས་མ་རེད། གློག་སྣུམ་རེད། ད་ཨེ་གོ་ཐལ

  5. མགོན་པོ་ཕྱག་གཉིས་པ། says:
    2009-09-21 at 8:28 pm

    ད་ཁྱེད་ཅག་གིས་རྩོད་པ་མ་རྒྱག དེའི་མིང་གློག་མེ་མ་རེད། གློག་གཡིས་མ་རེད། གློག་སྣུམ་མ་རེད། གློག་རྡོ་རེད།

  6. ཀླུ་སྨྱོན། says:
    2009-09-21 at 8:36 pm

    ད་ཁྱེད་ཅག་གིས་རྩོད་པ་མ་རྒྱག དེའི་མིང་གློག་མེ་མ་རེད། གློག་གཡིས་མ་རེད། གློག་སྣུམ་མ་རེད། གློག་རྡོ་མ་རེད། གློག་རྫས་རེད།

  7. ཚངས་དབྱངས། says:
    2009-09-21 at 10:06 pm

    བསེ་རུ་ལགས་ཀྱི་གསུངས་པའི་གནས་ཚུལ་འདི་ཨ་རི་དང་བོད་ནང་ཡང་འདི་ལྟར་བསྒྲགས་བཞིན་འདུག དཔེ་གཉིས་ཞུས་ན། ༡༽ཨ་རིའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་གིས། ༢༠༠༨ནང་སྔོན་མའི་སྲིད་འཛིན་སྦུ་ཤིའི་ལས་ཁུངས་ཁྲིམས་ཁང་ལ་བསྐྱལ་སོང་། དགོས་པ་ནི། ཨ་རིའི་གསང་དབང་ལས་ཁུངས་ཀྱིས་ལག་ཁྱེར་ཁ་པར་བརྒྱུད་ནས་ཨ་རིའི་མི་དམངས་ཀྱི་གནས་ཚུལ་ལྐོག་ཉན་བྱས་པ་འདི་ཨ་རིའི་རྩ་ཁྲིམས་དང་མི་མཐུན་ཟེར། དེའི་ཉན་སྟངས་ལ་དབྱིན་སྐད་ནང་། Roving Up ཟེར། ཞིབ་ཕྲ་འདི་ལ་གཟིགས་རོགས། http://news.zdnet.com/2100-1035_22-150467.html

    གཉིས་པ། ངའི་གྲོགས་པོ་ཞིག་བོད་ལ་འགྲོ་སྐབས། བོད་རིགས་གསང་བའི་ལས་བྱེད་པ་སེམས་བཟང་ཞིག་ཐུག་འདུག ལས་བྱེད་པ་འདིས། ཁོང་ལ་སྐད་ཆ་མ་བཤད་གོང་། ཁོང་གཉིས་ཀའི་ཁ་པར་གྱི་གློག་མེ་དེ་མར་བཏོན་ནས། རྒན། རྗེས་མ་མིས་གང་བྱུང་ལ་ཆབ་སྲིད་སོགས་ཀྱི་སྐད་ཆ་མ་ཤོད། ང་ཚོའི་ལས་ཁུངས་ལ་གྲྭ་ཆས་གྱོན་པའི་གསོ་བ་མང་པོ་ཡོད་ཅེས་ལབ་འདུག ཁོ་པས་ཡང་ཁ་པར་ལ་མཛུམ་མོ་བཙུགས་ནས། གློག་མེ་དེ་ཁ་པར་ནང་བཞག་ནས་སྐད་ཆ་མ་ཤོད། འདི་ཉན་ཆས་རེད་ཅེས་བཤད་འདུག 

    མདོར་ན། ཁ་པར་གྱི་འཕྲུལ་ཆས་འདིས་རྒྱལ་ཁབ་མང་པོར་ཉན་ཆས་ལ་བེད་སྤྱོད་གཏོང་བཞིན་འདུག དཔེར་ན། དབྱིན་ཇིས་འཇིགས་སྐུལ་པ་ཁ་ཤས་ཤིག་འདི་ལྟར་འཛིན་འདུག

  8. ཀླུ་སྨྱོན། says:
    2009-09-21 at 10:10 pm

    འོ་ན་སྦིན་ལ་སྒྲིན་ད་བར་འཛིན་མ་ཐུབ་པ་ག་རེ་རེད། ལྟས་ངན་དེས་ག་དུས་ཡིན་ན་ཁ་པར་ཞིག་ཁྱེར་འདུག་ག

  9. ཚངས་དབྱངས། says:
    2009-09-21 at 10:50 pm

    ཧ་ཧ་ཀླུ་སྨྱོན་རིན་པོ་ཆེ། དེ་ངས་བསམ་བློ་འཁོར་མ་བྱུང་། གཅིག་བྱས་ན་ཁོས་ཁ་པར་བརྫུན་མ་ཞིག་ཁྱེར་གྱི་མེད་འགྲོ།

  10. yeshe says:
    2009-09-21 at 10:55 pm

    ད་མི་ཤེས། ཁ་སྔོན་ཨ་རིའི་དཔྱད་ཞིབ་པ་ཞིག་གིས་ད་བར་ཐོན་པའི་སྦིན་ལ་སྒྲིན་གྱི་འཇིགས་སྐུལ་བརྙན་འཕྲིན་དག་ཨ་རི་རང་གིས་བཟོས་པ་ཞིག་ཡིན་ལུགས་ཀྱི་གསར་འགྱུར་ཞིག་ཀྱང་མཐོང་སོང་། འདི་འདྲའི་རྩེད་མོ་བརྩེས་ནས་དམག་འཁྲུག་རྒྱག་གི་ཡོད་ན་ངོ་མ་ཡིད་སྐྱོ་བ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme