Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་བརྙན་ཞེས་པའི་སྐོར་ལ་ལྟ་ཚུལ།

Posted on 2010-03-18 By 1 Comment on གློག་བརྙན་ཞེས་པའི་སྐོར་ལ་ལྟ་ཚུལ།

རས་པ།

དམ་བཅའི་བྱུང་བ།
ཉེ་ལམ་བོད་ནང་ནས་<>ཞེས་པའི་གློག་བརྙན་ཞིག་ཐོན་ཡོད་པ་དང་། གློག་བརྙན་འདིས་འཁྲབ་གཞུང་རྩོམ་པ་པོ་ནི་བློ་གྲོས་ཞེས་པའི་རིམ་བརྒྱུད་སློབ་གྲྭའི་སློབ་གསོ་མ་ཐོབ་པའི་བོད་རིགས་ཤིག་ཡིན་པ་འོད་ལྡེར་ཤུན་པགས་སྟེང་དུ་ངོ་སྤྲོད་བྱས་འདུག དེ་མཚུངས་སུ་གློག་བརྙན་འདིར་ལས་ཀྱི་བྱེད་པོ་ཡོངས་ལས་midiཞེས་པའི་དབྱངས་རིས་སྒྲིག་སྦྱོར་བ་ལས་གཞན་ཆ་ཚང་བོད་མི་རྐྱང་བས་བྱས་ཡོད་འདུག

དམ་བཅའི་དཔྱད་འགྲེལ་ཐུང་བུ།
སྤྱིར་འབྲོག་པའི་འཚོ་བར་རྒྱུས་ལོན་བྱས་ཡོད་པའི་མི་ཞིག་ཡིན་ཚེ་ན་གཞོན་ཕོ་མོའི་བརྩེ་དུང་གི་ཐོག་མའི་བྱུང་བ་དེ་ནོར་ལུག་གི་རྗེས་ནས་འཛུགས་རྒྱུ་ཡིན་པ་ངོ་སྤྲོད་བྱེད་དགོས་པ་ཞིག་མིན། བརྩེ་དུང་གི་རང་དབང་ངོས་ནས་བཤད་ན་འབྲོག་དམངས་ན་གཞོན་ཚོའི་བརྩེ་དུང་དེ་འབྲེལ་འདྲིས་ལས་བྱུང་བ་ཞིག་དང་། ཆུང་དུས་ནས་མཉམ་འགྲོགས་བྱས་པ་ལས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཐུབ། འོན་ཀྱང་། འདི་ཉིད་ནི་རྨང་གཞི་ཡིན་ཞིང་། བརྩེ་དུང་གིས་དམ་དུ་སྦྲེལ་བའི་འཚོ་བ་རོལ་ཐུབ་མིན་ནི་དེ་སྔའི་བོད་ཀྱི་གནས་སྟངས་ལྟར་ན་ཕལ་ཆེར་ཕ་མའི་སེམས་ཁམས་ཀྱི་དབང་དུ་སོང་ཡོད་པ་ཞིག་ཡིན། ཕ་མའི་སེམས་ཁམས་ལ་གུ་ཡངས་པོའི་འགྲེལ་བཤད་བྱས་ན་འགན་འཁུར་ཟེར་ཞིང་། མང་མང་གི་ཁ་ལ་བྱང་ཚུལ་གྱིས་བཤད་པའི་འགན་འཁུར་དེ་ཉིད་ནི་ཕ་མ་དག་གིས་རང་གི་སེམས་ཁམས་དང་བསྟུན་ཏེ་བྱིས་པའི་འདུན་ལམ་དང་སྦྲེལ་ཡོད། འདི་ཉིད་ལ་ཐ་གཅིག་ཏུ་དམའ་འབེབས་བྱེད་དགོས་ཟེར་ན་ངའི་ངོས་ནས་བློ་ཐག་ཆོད་པ་ཞིག་མིན།

<>ཞེས་པའི་གློག་བརྙན་གྱི་སྟོད་ཆ་འདིས་ནང་དུ་བཀྲ་ཤིས་བདེ་སྐྱིད་ཀྱི་ཨ་ཕས་རང་གི་བུ་མོ་ཟོན་ཐར་རྒྱལ་ལ་མནའ་མར་སྟེར་འདོད་མེད་པའི་བགྱི་བ་མངོན་ཡོད་པ་དེ་ཉིད་ཀྱི་སྟེང་ནས་བཤད་ན་བཀྲ་ཤིས་བདེ་སྐྱིད་ཀྱི་ཨ་ཕས་ཟོན་ཐར་རྒྱལ་དང་བཀྲ་ཤིས་བདེ་སྐྱིད་གཉིས་ཀྱི་བརྩེ་དུང་ལ་མི་འདོད་པའི་རྣམ་འགྱུར་བཟུང་བ་ཞིག་མ་ཡིན་པར་བུ་མོའི་མ་འོངས་པའི་འཚོ་བ་དང་། རང་གི་ཆེ་མཐོང་ལ་འགན་འཁུར་བའམ་སྲུང་སྐྱོབ་བྱས་པའི་སྣང་ཚུལ་ཡོད། དེའི་རྐྱེན་གྱིས་གློག་བརྙན་འདིས་བསྟན་དོན་གྱི་གཙོ་བོ་ནི་བརྩེ་དུང་གི་རང་དབང་དེ་ཕ་མའི་སེམས་ཁམས་སུ་ཟུར་ཕྲ་མོ་ཞིག་ཏུ་ཡོད་པ་དང་། འཚོ་བའི་ཁྲོད་ཀྱི་ཆེ་མཐོང་གི་གནད་དོན་དེ་ཧ་ཅང་གཙིགས་ཆེན་དུ་བཟུང་ཡོད་པ་ཞིག་ཡིན། འདི་ཉིད་ནི་བོད་མི་རིགས་ཀྱི་ཆེ་འདོད་ཀྱི་སེམས་ཤིག་ཡིན་ཞིང་། སེམས་ཁམས་འདི་ཉིད་དབུས་ཀྱི་སྐུ་དྲག་མི་དྲག་ནས་མདོ་ཁམས་ཀྱི་མི་དཔོན་ཕྱུགས་བདག་སོགས་གནས་སྟངས་ལ་གོ་རིམ་ཅུང་ཙམ་ལས་ཤོར་མེད་པའི་མི་ཚང་དུད་ཁྱིམ་ཡོངས་སུ་ཁྱབ་ཡོད་པ་ཞིག་ཡིན།

ཞིབ་ཏུ་བསམ་ན་སེམས་ཁམས་འདི་ནི་འཚོ་བ་རོལ་བའི་མགོ་འཛུགས་པའི་སྐབས་སུ་རང་རང་གི་བྱིས་པས་དཀའ་ལས་ཞེ་དྲག་རྒྱག་མི་དགོས་པར་གཏོང་སྒོ་ལ་ལག་མ་ཐོགས་ན་སྙམ་དེ། ན་གཞོན་གྱི་བརྩེ་བའི་ཚོར་བ་ལ་དང་དོད་མ་བྱས་པའི་རྒྱུ་མཚན་གཅིག་བུར་ཐུག་ཡོད། འདི་ལ་བདེན་ཤས་ཡང་ཡོད་དེ་ཁྱིམ་ཚང་གི་བྱ་བར་ཞུགས་ནས་རྙོག་འཛིང་ཆེ་བའི་དུས་སུ་སླེབས་པའི་མི་རྣམས་ཀྱིས་འཚོ་བའི་གནད་དོན་གླེང་དུས་དཔལ་འབྱོར་གྱི་གནས་སྟངས་ལ་བསམ་བློ་མང་ཙམ་གཏོང་གི་ཡོད་པ་དང་། བརྩེ་དུང་གི་ཚོར་བ་ལ་ཕྱིར་དྲན་བྱེད་ཀྱི་མེད་པའི་གནས་སྟངས་མང་མང་གིས་འགྲེལ་བརྗོད་གནང་གི་འདུག དེའི་རྐྱེན་གྱིས་གློག་བརྙན་འདི་ནི་བརྩེ་དུང་གི་རང་དབང་ལ་གཏོར་བརླགས་ཐེབས་ཀྱིན་པའི་ན་གཞོན་ཕོ་མོ་གཉིས་ཀྱི་སྐྱོ་གར་གཏམ་རྒྱུད་གཅིག་བུས་ངོས་ནས་གཟིགས་པ་ལས་བོད་འབྲོག་དམངས་ཀྱི་འཚོ་བ་རོལ་སྟངས་ཀྱི་གནད་དོན་སྟེང་ནས་གཟིགས་ན་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་།

འཚོ་བའི་རྒྱུན་སྲོལ་དང་གཉེན་བསྡེབས་ཀྱི་གདམས་ཀ།
བོད་ཀྱི་འབྲོག་དམངས་འཚོ་བའི་རྒྱུན་སྲོལ་ལྟར་ན་ནོར་ལུག་གི་གྲངས་ཚད་དེ་ནི་མི་ཚང་གི་སྟོབས་དང་འབྲེལ་བ་ཡོད་པ་ཞིག་ཡིན། བཤད་རྒྱུན་ཞིག་ཏུ་རྒྱུ་མི་རྟག་རྫ་མགོའི་ཟིལ་བ་ཞེས་མང་མང་གི་ཁ་ནས་གོ་ཐུབ་ནའང་། བཤད་ཚུལ་དེ་ཡིས་བོད་མི་ཡོད་དོ་ཅོག་གི་སེམས་ཁམས་སུ་དབང་བསྒྱུར་གྱི་ནུས་པ་ཅི་ཡང་ཐོན་གྱི་མེད། འཚོ་བ་ལེགས་ཉེས་ཀྱི་གནས་སྟངས་ཐོག་ནས་ན་གཞོན་ཕོ་མོའི་ཁྱིམ་ཚང་གི་གནད་དོན་དེ་ཕ་མ་རྣམས་ཀྱིས་ཐག་གཅོད་བྱས་པ་ནམ་རྒྱུན་མཐོང་རྒྱུ་ཡོད་པ་དང་། དེ་ཉིད་ནི་ཕ་མ་རྣམས་ཀྱི་བུ་མོའི་གནས་ཡུལ་དང་མནའ་མའི་ཁྱིམ་ཚང་གི་གནས་སྟངས་སམ་ནོར་ལུག་གི་གྲངས་ཚད་ལ་བལྟས་ནས་ཐག་གཅོད་ཀྱིན་པ་ཞིག་ཡིན། ཐག་གཅོད་འདི་ནི་གློ་བུར་བ་ཞིག་མ་ཡིན་པར་མི་རབས་རིམ་བརྒྱུད་ཀྱི་ལྟ་སྟངས་ལས་བྱུང་བ་ཞིག་ཡིན། ལྟ་སྟངས་འདིས་རྐྱེན་པས་ན་གཞོན་ཕོ་མོ་མང་པོ་ཞིག་གི་སེམས་ཁམས་ལ་དོ་ཕོག་འགྲོ་གི་ཡོད་པ་དང་། སྐྱོན་དུ་བསྟན་དེ་བཤད་ན་ལྟ་སྟངས་འདི་ཤེས་ཡོན་མ་དར་བའི་མི་སྡེའི་སྤྱི་ཚོགས་ཀྱི་གོམས་སྲོལ་ཞིག་ཏུ་བརྗོད། སྔོན་གྱི་བྱུང་བའི་ཁྲོད་དུ་བོད་ཡུལ་ན་བརྩེ་དུང་གི་གདམས་ཀ་དེ་རྒྱུན་སྲོལ་གྱི་ལྟ་སྟངས་འདི་ལས་བརྒལ་ཏེ་རང་ཉིད་ཀྱི་འདོད་པ་དེང་དུ་བླངས་མྱོང་བའི་ན་གཞོན་གང་འཚམས་ཡོད་མོད། ན་གཞོན་དེ་དག་གིས་རང་གི་བྱིས་པའི་མཐུན་འཇུག་གི་གནད་དོན་ལ་འགན་འཁུར་དུས་ཡང་བསྐྱར་ནོར་ལུག་གི་གྲངས་ཚད་ཀྱི་གནས་སྟངས་ལ་བསམ་བློ་འཁོར་གྱི་ཡོད་པ་ནི་དངོས་ཡོད་ཡིན། དེའི་རྐྱེན་གྱིས་གཉེན་བསྡེབས་ཀྱི་གདམས་ཀ་དེ་འཚོ་བའི་རྒྱུན་སྲོལ་ཞིག་དང་བསྟུན་ཡོད་པ་དང་། རྒྱུན་སྲོལ་དེ་དང་བསྟུན་དགོས་པར་གྱུར་བའི་རྒྱུ་མཚན་གཅིག་ཡོད་པ་ནི་འཚོ་བའི་ལས་རིགས་སྣ་གཅིག་གིས་མི་ཚེ་བསྐྱལ་བའི་གོམས་སྲོལ་ལས་མ་བརྒལ་བ་དེ་ཉིད་ལ་ཐུག་ཡོད། གལ་སྲིད་བརྩེ་དུང་གི་གདམས་ཀའམ་མཐུན་འཇུག་གི་གདམས་ཀ་དེ་ན་གཞོན་ཕོ་མོ་རྣམས་ཀྱི་རང་གི་འདོད་པ་བཞིན་དུ་གདམས་ཆོག་པའི་དུས་སྐབས་ཤིག་ཤར་དགོས་ཚེ་གྲོང་ཁྱེར་ཅན་དུ་འགྱུར་དགོས་པ་#ནི་རྒྱུ་མཚན་ལྡན་པ་ཞིག་རེད།

གློག་བརྙན་འདིར་ལྟ་དུས་ཅི་ཞིག་གིས་གཙོ་གནད་འགེབས་སྲིད་དམ།
གློག་བརྙན་འདིས་ནང་དུ་བརྩེ་དུང་ཞེས་རོལ་འདོད་པའི་སྡུག་བསྔལ་དེ་ཉིད་གསལ་བོར་མངོན་ཡོད་པ་དང་། ཟུར་ཙམ་ཟུར་ཙམ་ལས་མེད་པའི་ན་གཞོན་གྱི་འཕྱོ་བའི་སྣང་བ་དེ་བསྡུས་པར་བཀོད་ཡོད། དེ་ཉིད་ནི་ལྟ་མཁན་གྱི་སེམས་སུ་ཤུགས་དྲག་ཅིག་ཏུ་འགྱུར་སྲིད་པས་བསྟན་དོན་ལ་ཉེ་བར་ཕྱོགས་པར་བར་ཆད་བཟོ་གི་ཡོད།

མཛེས་བཟོ།
སྤྱིར་བཏང་གི་འབྲོག་དམངས་འཚོ་བ་དང་ངོ་བཤུས་རྒྱབ་པ་ལྟ་བུ་ཞིག་གློག་བརྙན་འདིར་ཡོང་དགོས་པའི་རེ་བ་སུའང་ཡོད་མི་སྲིད། གློག་བརྙན་འདི་ལས་འཚོ་བའི་ཁྲོད་ཀྱི་གནད་དོན་གཅིག་གླེང་དེ་གཞན་ཁག་ཅིག་ལ་སྐུལ་འདེད་བྱེད་དགོས་པ་རྩོམ་པ་པོའི་རེ་བའང་ཡིན་སྲིད། གལ་སྲིད་ངོ་བཤུས་རྒྱབ་པ་ལྟ་བུ་ཞིག་ཡིན་དགོས་པའི་ངོས་ནས་གླེང་ན་ཟོན་ཐལ་རྒྱལ་ཚང་གི་སྦྲ་ནག་ནང་གི་བཀོད་པ་དང་། མི་སྣའི་གྱོན་གོས་ཐད་ནས་གླེང་འོས་པ་ཁག་ཅིག་ཡོད།

རྩོམ་པ་པོའི་སེམས་ཁམས་ལ་ཚོད་དཔག་བྱེད་པ།
གློག་བརྙན་འདིས་འཁྲབ་གཞུང་རྩོམ་པ་པོའི་སེམས་ཁམས་ཀྱི་ངོས་ནས་བཤད་ན་བོད་ཀྱི་སྒྲུང་གཏམ་གཞན་དག་ལྟར་མ་ཡིན་པར་ཆོས་ལུགས་པར་ལྟ་སྟངས་གཞན་ཞིག་བཟུང་ཡོད། ཁོང་གིས་ཆོས་ལུགས་པས་མོ་བཏབ་པ་དེ་བཀྲ་ཤིས་བདེ་སྐྱིད་ཀྱི་ཨ་ཕས་ཁ་བསྒྱུར་བྱས་པའི་རྣམ་འགྱུར་ཞིག་གླེང་ཡོད་པ་དང་། དེ་ཉིད་ཀྱིས་ཕལ་ཆེར་མཇུག་འབྲས་དེ་ཨ་ཕའི་ནོར་འཁྲུལ་གྱི་སྒང་དུ་སྐྱོན་གྱི་ཡིན་པ་གསལ་བོར་མཐོང་ཐུབ། རྩོམ་པ་པོ་འདིས་སེམས་ཁམས་སྤྱི་ཡོངས་སུ་འདི་ཡོད་རེད་ཅེས་སྨྲ་བར་མི་སྤོབས་མོད། ན་གཞོན་ཕོ་མོའི་གཉེན་བསྡེབས་ཀྱི་གདམས་ཀ་དེ་མོ་བ་ཚོའི་ཁ་ཐོག་གཅིག་པར་འཇོག་པ་ཞིག་མ་ཡིན་པར་ཕ་མའི་སེམས་ཁམས་དང་བསྟུན་ནས་ཐག་གཅོད་བྱེད་པར་ངོས་འཛིན་བྱས་འདུག

ཕྱི་ལོ་༢༠༡༠ཟླ་༣ཚེས་༡༣དགོང་མོ་བྲིས།

( གྲོང་ཁྱེར་ཅན་དུ་འགྱུར་དགོས་པ་ཞེས་པ་ནི་ཤེས་རིག་འཕེལ་བའི་ལོ་རྒྱུས་ལས་བསྟན་པའི་མི་སྡེའི་སྤྱི་ཚོགས་ལ་ཤེས་རིག་གི་འཕེལ་རིམ་ཚད་འཇལ་བྱེད་སྟངས་ལྟར་བརྗོད་པ་ཡིན།)

རྩོམ་རིག

Post navigation

Previous Post: གློག་བརྙན་<<དམ་བཅའ་>>ཞེས་པའི་སྐོར་ལ་ལྟ་ཚུལ།
Next Post: མྱོང་བ་གསུམ་དང་འགྱུར་བ་གཞན་དག

Comment (1) on “གློག་བརྙན་ཞེས་པའི་སྐོར་ལ་ལྟ་ཚུལ།”

  1. ཨ་བཙན་པོ། says:
    2010-03-20 at 12:25 am

    བོད་ཀྱི་འབྲོག་ཁུལ་གྱི་བརྩེ་དུང་མཚོན་པའི་གློག་བརྙན་འདི་འདྲ་གང་མང་ཐོན་པའི་སྨོན་ལམ་འདེབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme