Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློ་བུར་བའི་རི་འཛེགས།

Posted on 2013-06-202013-06-20 By ཁ་བརྡ་ 1 Comment on གློ་བུར་བའི་རི་འཛེགས།

སྐྱོ་བྲག་དགའ་དབང་།

ཁོ་བོའི་སྤུན་མཆེད་འདན་ཕྲུག་ཟླ་བས་བོད་པ་སྐྱབས་བཅོལ་པ་སྐྱོ་བོའི་གནས་བབ་ཀྱི་ཐོག་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འོག་ཏུ་ཡོད་པའི་རྒྱ་གར་བའི་ཁང་པ་རྙིང་པ་ཞིག་གླས་ནས་བསྡད་འདུག་པར་ང་རང་ནམ་ཁོམ་ལ་བསྐྱོད་ཀྱིན་ཡོད། ཉིན་ཤས་གོང་ངའི་རྒྱུན་གྱི་སྡོད་གནས་རྒྱུད་སྟོད་དུ་ཉལ་བའི་རྨི་ལམ་དུ་འདན་ཕྲུག་ཟླ་བའི་སྒོར་མོ་བོར་རླག་ཏུ་ཤོར་སྲིད་པ་ཞིག་རྨིས་པའི་རྐྱེན་སེལ་རིམ་གྲོའི་ཆེད་འདན་ཕྲུག་ཟླ་བའི་སར་སོང་སྟེ། ངོ་ཤེས་སྒྲུབ་བླ་ཞིག་གི་ལྷན་གསུར་བསྔོ་དགོང་མོ་འགའ་བཏང་བའི་ཉིན་ཞིག་གི་ང་ཚོའི་གླེང་མོལ་དུ་རི་ལ་སོང་ན་ལེགས་པའི་སྐད་ཆ་བྱུང་བ་བཞིན། སྤྱི་ལོ་ ༢༠༡༣ ཟླ་བ་ ༦ ཚེས་ ༡༨ ཉིན་གྱི་སྔ་དྲོར། ང་དང་སྤུན་མཆེད། ད་དུང་ངོ་ཤེས་སྒྲུབ་བླ་སྟེ་ངེད་གསུམ་པོས་མངར་བག་དང་ཤིང་ཐོག་ཁུ་བ་སོགས་བཟའ་བཏུང་ཕྲན་བུ་རེ་ཉོས་ཏེ་དྷ་སྟེང་རི་གདོང་ནས་ཡར་ལ་འཛེགས། རི་ལ་འགྲོ་ན་སྐྱིད་པའི་སྐད་ཆ་ཙམ་ལས་ས་གནས་འདི་ལ་འགྲོ་ན་ཞེས་པའི་དམིགས་གཏད་ཅི་ཡང་མེད་པར་ཡར་ཡར་འཛེགས་པ་ན། ཕྱི་གླིང་པ་དང་རྒྱ་གར་བ་སོགས་ཕོ་མོ་རྒས་གཞོན་གང་མང་ཞིག་དྷརྨ་ཤཱ་ལའི་རྒྱབ་རི། ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་བོའི་གདོང་རྒྱུད་དཽ་ལ་དྷཱར་ལ་སྤྲོ་འཆམ་དུ་བསྐྱོད་ཀྱིན་འདུག་པའི་ལྷན་དུ་ཆས། བྲག་གཡང་གི་ངོས་ན་སྤང་དང་ནགས་ཚལ་འདྲེས་པའི་རི་སུལ་མང་པོ་མཐོ་གསེག་གིས་བྱང་ཤར་དུ་བཅད་པའི་འཕྲང་ལམ་སྐྱི་གཡའ་བ་དག་བརྒལ།

ཉིན་རྒྱབ་དཽ་ལ་དྷཱར་གྱི་རི་རྒྱུད་ཀྱི་གདོང་ཉག་གི་སྤང་སྒང་ཡུལ་སྐོར་སྤྲོ་འཆམ་པ་ཕལ་མོ་ཆེ་འགྲོ་སའི་ས་གནས་སུ་བསླེབས། ཧ་ཅང་མཐོ་དྲགས་པས་བྱ་རྒྱལ་རྒོད་པོ་སོགས་རི་སྐེད་ནས་ལྡིང་སྐོར་བྱེད་པ། རྩྭ་གྲུང་འཇམ་པོ་དང་ཁུ་བྱུག་རྐང་སྣམ། མ་མོའི་བོག་ཏོག་སོགས་ས་མཐོའི་སྐྱེ་དངོས་རྣམས་སྐྱེས་པ། བྱང་ངོས་ཀྱི་རྫ་རི་གནམ་འདེགས་ཀྱི་ཀ་བ་འདྲ་བའི་དཽ་ལ་དྷཱར་གྱི་རི་རྩེ་དང་ཐོད་ཐུག་ལ་ཁད་པ། ལྷོ་ངོས་ཀྱི་ནགས་ཚལ་སྒང་གཤོང་རྣམས་ལྗང་སྨུག་ཏུ་མཐོང་བ། རྒྱུན་འབབ་ཀྱི་ཆུ་ཆེན་སྐྱ་བོ་དག་གྱ་གྱུའི་འགྲོས་ཀྱིས་ལྷོ་ནུབ་ཏུ་དལ་བོར་བཞུར་བ། ཁམས་དྭངས་ལ་རིག་པ་གསལ་བས་ལུས་སེམས་གཉི་ག་སྤྲོ་སྣང་གི་ནང་དུ་ནུབ་ནས་རང་གི་སྤྱོད་ལམ་ཅི་ཞིག་ཏུ་ཡོད་པའང་ཚོར་དཀའ་བ་ཡོང་གིན་འདུག
མར་ལོག་ནའང་རང་གནས་སུ་འབྱོར་ཐུབ་མོད། ང་ཚོ་སྐྱིད་ཐག་ཆོད་དེ་རི་འདབས་རྒྱ་གར་བ་འགས་ཟ་ཁང་ཐབས་ཆག་བཟུངས་ནས་ཕྱི་གླིང་བའི་གུར་ཆུང་གླ་རྒྱུ་འདུག་པ་གླས། འབྲས་དང་སྲན་ཐུག་གི་བཟའ་བཏུང་སོགས་རི་འདབས་ཀྱི་རིན་བབ་ལ་བསམ་ན་གོང་ཆེན་ཡིན་མོད། སྐྱི་གཡའ་བའི་བགྲོད་ལམ་ལ་བསམ་ན་སྤྲོད་རིན་འོས་པ་ཞིག་རེད། དྲེག་པ་ཆེ་བའི་ཕོ་ཁེབས་སྲབ་མོས་དྲོས་དཀའ་བ་ལྟ་བུར་ཡོད་མོད། གུར་གྱིས་དབུགས་ཐུམ་བྱས་པས་འཁྱག་མ་སོང་། ཞོགས་པ་མངར་ཇ་ཉུང་ངུ་དང་མངར་བག་ཅུང་ཟད་རེ་ཟ་འཐུང་བགྱིས་ཏེ། རི་རྩེའི་ཁ་བ་ལ་མ་ཐུག་བར་མ་སོང་ན་བློ་བདེ་བོ་མེད་སྐད་ཀྱིས། རྐང་སྟབས་ཕྲན་བུ་རེ་འཁྱལ་ནའང་ཁང་བརྩེགས་སྟོང་ཕྲག་ཡས་མས་ཀྱི་གཡང་རོང་དུ་ཟག་སྟེ། གསོན་པོའི་མི་ཕར་བཞག གཤིན་པོའི་རོ་ཡང་མི་འཐོབ་པའི་བྲག་གཡང་གི་འཕྲང་ལམ་མཐོ་གསེག་བྱང་ཕྱོགས་སུ་རྒྱུག་པ་དག་བརྒལ་བའི་སྤང་གདོང་ནའང་ཟ་ཁང་ཐབས་ཆག་འདུག་པ་ནས་ཕོར་ཐུག་རེ་འཐུངས། རི་ལྟག་གི་གདོང་ཟུར་ཕྲ་མོ་བརྒྱུད་ཡར་རྫ་གསེང་ནས་ཅུང་ཟད་འཛེགས་པས་རི་མགོའི་ཁ་བ་ལ་ཐུག

གངས་སྟེང་དུ་རྒྱུག སྤང་ཐོག་ཏུ་ཉལ། རྫ་ཆབ་བསིལ་མ་འཐུང་། མགོ་རྐང་ལག་བཀྲུ་བ་སོགས་བྱས། ལུས་སེམས་གཉི་གའི་སྤྲོ་སྣང་སྔར་ལས་ལྷག་པ་ནི་ང་ཚོ་ཚང་མའི་སྐྱེ་གནས་དང་འཚར་ལོང་བྱུང་ས་ཕ་ཡུལ་གངས་ལྗོངས་ཡིན་པའི་གནད་ཀས་ཡིན་པ་འདྲ། དུས་ཡུན་ཐུང་ངུ་ལས་སྡོད་ལོང་མ་བྱུང་བར་སླར་ལོག་པ་ན་ཡར་འཛེགས་པའི་དཀའ་ཚེགས་ལྟ་བུ་མེད་ནའང་ཐུར་ཐག་རིང་བ་དང་། འཕྲང་ལམ་འཇིགས་པ། ཆུ་ཅུང་ཟད་རེ་འཐུང་བ་ལས་ཟ་མ་མ་ཟོས་པར་ཤར་རྒྱུག་བྱས་པས། ཐང་ཆད་པ། རྐང་པ་ན་བ། ཕོ་བ་ལྟོགས་པའི་ངང་ཕྱི་དྲོ་དྷ་སྟེང་དུ་འབྱོར་ནས་ཕྱི་གླིང་པའི་བཟའ་བ་ཕིས་རྫ་(Pizza)རྒྱགས་ཚད་རེ་ཟོས་པ་ཡིན།
ས་ཁད་ཆེས་དམའ་བ་ཞིང་གཉིས་འདེབས་ཀྱི་ས་ནས་གློ་བུར་དུ་རྫ་རིའི་རྩེ་མོ་སྲིད་པའི་གངས་རྒན་གྱི་ས་ན་བསླེབས་ཏེ། ཉི་འོད་དང་བསིལ་རླུང་ཕོག་ཅིང། གངས་ཆུ་གྲང་མོས་བཀྲུ་གཤལ་བྱས་པའི་ཉེར་ལེན་གྱིས་གདོང་ལྤགས་སོགས་ཚིག་ནས་དམར་ཞད་ཡོད་པའི་སྔོ་ནག་རྡོག་གེ་བ་རེ་ཆགས་ཤག སྔོན་འཆར་མེད་པའི་གློ་བུར་བའི་རི་འཛེགས་ཡིན་སྟབས་ཉིན་གཉིས་ཀྱིས་ཡར་མར་མགྱོགས་པོར་བསྐྱོད་པ་ལས། དོན་དངོས་ཀྱི་སྤྲོ་འཆམ་པ་ཞིག་ཡིན་ན། ཞག་ཤས་སྡོད་རྒྱུ་བྱས་ཏེ་ཁ་པར་དང་པར་སྒམ་སོགས་ཀྱི་གློག་ལེགས་པར་བསགས། གདོང་པའི་ཞག་རྩི་དང་། རྩམ་པ་སོགས་སྟབས་བདེའི་བཟའ་བཏུང་རེ་ཡང་ཁུར་ནས་སོང་ན་རང་རེ་གངས་ཅན་པ་རྣམས་ལ་མ་ཤི་ཞིང་ཁམས་སུ་བསླེབས་པའི་སྤྲོ་སྣང་རེ་ཡོང་ངེས་འདུག་གོ །

སྣ་ཚོགས།

Post navigation

Previous Post: ནང་བསྟན་རིག་མཛོད་འཕྲུལ་དེབ་སྐོར་དྲི་བ་དྲིས་ལན།
Next Post: སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རན་འདུག

Comment (1) on “གློ་བུར་བའི་རི་འཛེགས།”

  1. ཀླུ་སྨྱོན། says:
    2013-06-23 at 2:59 pm

    སྤྲོ་བོ་བྱུང་ན་འགྲིགས་བཞག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme