Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།

Posted on 2012-10-19 By ཁ་བརྡ་ 5 Comments on གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།

རེབ་ཐོག་མདའ།

སྡུག་གི་མགོ་བོ་གླུ་ཡིས་གནོན་པའི་མྱ་ངན་ཚོགས་འདུར་བདག་མི་ཁོམ།།
རྡོ་རིང་འཁྱེར་ནས་བསྡུ་རུབ་བྱེད་པའི་ཞལ་འདེབས་དེ་ཡང་ང་ལ་མེད།།
མིག་ཆུ་ཞིག་གི་སེམས་པ་རུམ་པའི་གངས་རིའི་ལས་དབང་འཚོལ་བཞིན་དུ།།
མེ་ལ་འཐིམ་པའི་ཕུ་ནུའི་གཞུག་ལ་ཡིག་གེ་དྲུག་མས་སྐྱེས་མ་མཆོག།

ཡ་ཁོག་དཀྱིལ་ན་སེམས་ཤིག་ཡོད་ན་ཁ་ལྕེ་བདར་ནས་གླུ་མ་ལེན།།
མཐོ་སྒང་ཞིག་གི་ལྷན་འཛོམས་བསམ་ན་རང་དོན་ཁོ་ནའི་རྗེས་མ་བསྙེགས།།
མི་བུ་ལྔ་བཅུར་དུངས་ཞེན་ཡོད་ན་མིག་ཟུང་བཙུམ་ནས་འདང་ཞིག་རྒྱོབས།།
ཁྱོ་མེད་ཨ་མའི་སྡུག་དེ་རྟོགས་ན་ཁ་སེམས་བར་ནས་མ་ཎི་བགྲོངས།།

རྡོ་ཡི་ཀ་བ་ཡར་ལ་བསླངས་ཀྱང་སྒང་བ་བོད་ལ་དགེ་ཕན་གང་།།
དགའ་བཞིན་སྤྲོ་བཞིན་གླུ་གར་འཁྲབ་ན་དཔའ་རྒོད་ཁོང་ཚོར་ཕན་ཐོགས་ཅི།།
ཞལ་འདེབས་སློང་བའི་མི་བུའི་སེམས་པའི་དཀར་ནག་ཁ་དོག་སུ་ཡིས་ཤེས།།
བདུན་བཞི་མ་འགོར་རྡ་སའི་རི་ན་གླུ་གར་རོལ་དབྱངས་འཚང་ཁ་རྒྱག།

དཔའ་བོའི་སྐུ་ལུས་མེ་ལ་འཐིམ་ཀྱང་རྣམ་ཤེས་ཚོང་རྫས་མ་བྱེད་ཅིག།
གོ་སྐབས་འཚོལ་བའི་ཁེ་ལས་པ་ཚོ་སྒེར་སྤྱི་གང་ཡིན་མི་གསལ་བས།།
ཤི་བོ་དེ་དང་གསོན་པོ་དེ་ལ་གདུང་སེམས་མཉམ་དུ་བྱེད་འདོད་ན།།
ཡབ་མེས་དམ་པའི་ཞབས་རྗེས་གཙང་མར་ནག་ནོག་དྲི་སྙིགས་མ་བྱུག་ཅིག།

གཞིས་ལུས་བོད་མིའི་རྣ་བས་གོ་ན་ཁ་གསལ་ལན་ཞིག་སུ་ཡིས་སྤྲོད།།
སྡུག་གིས་ཁེངས་པའི་ཨ་མས་ཉན་ན་འདི་ལས་ན་ཟུག་གང་ན་ཡོད།།
འཆི་གསོན་གཉི་ཀའི་དགེ་རྩ་བྱེད་པར་ལྷ་དང་བླ་མའི་མཆོད་པ་ལས།།
འཆི་བའི་རྗེས་སུ་གླུ་སྐད་སང་སང་བོད་པའི་སྲོལ་རྒྱུན་མིན་པ་འདྲ།།

ཁ་བ་བོད་ལ་དུངས་སེམས་ཡོད་ན་གསལ་བྱེད་སུམ་ཅུར་བདག་པོ་རྒྱོབས།།
འཆི་བའི་མྱི་ལ་མྱ་ངན་བྱེད་ན་སྐྱབས་མགོན་བླ་མའི་བཀའ་གསུང་བརྩིས།།
སྤུར་རྒྱལ་བུ་ཡི་ཁ་ཆེམས་ཟབ་མོ་མི་མཐོང་མི་གོ་ཕོ་རྒོད་ཚོས།།
གླུ་གཞས་འཁྲབ་པའི་ཚོགས་ར་དེ་ནས་ད་དུང་བགད་དེ་འདུག་ཐུབ་བམ།།

ཕྱི་ལོ ༢༠༡༢ ལོའི ༡༠ ཚེས ༡༩ ཉིན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་འཚང་ཁ ཤིག་ཤིག་གི་འཚོག་ལ་ཉེ་བའི་མྱ་ངན་དགོང་ཚོགས་ལ།

སྙན་ངག

Post navigation

Previous Post: ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།
Next Post: སྙིང་ལ་རུས་པ་མེད་པའི་ང་།

Comments (5) on “གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།”

  1. ཡིན་ངོ་། says:
    2012-10-19 at 2:09 pm

    དངོས་གནས་ང་ཚོའི་དཔའ་བོ་དཔའ་མོའི་ཆད་དུ་དགོངས་ཚོགས

  2. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-10-19 at 11:24 pm

    དཔལ་འབྱོར་འདུ་འགོད་ཀྱི་ཁེ་ལས་པ་ཚོར་གནད་ལ་འཁེལ་བ་ཞིག་བྲིས་འདུག། དགའ་བསུ་ཡོད། རྒྱབ་སྐྱོར་ཡོད། སྤྱིར་ཚོགས་པ་ཆེ་ངེ་ཆུང་ངེ་དེ་ཚོ་ཚང་མའི་དམིགས་ཡུལ་ངོ་མ་དེ་ལག་གཉིས་མི་གཞན་ལ་བཟེད་དེ་རང་ཉིད་རྒྱགས་པ་ཆགས་རྒྱུའི་དམིགས་ཡུལ་ངོ་མ་དེ་རེད།

  3. ཁ་བ། says:
    2012-10-20 at 12:00 am

    དངོས་གནས་ང་ཚོའི་དཔའ་བོ་དཔའ་མོ་དེ་ཚོ་ཆེད་དུ་མ་ཎི་རེ་འདོན་རྒྱུ་ལས་དགོང་ཚོགས་དེ་འདྲ་འཚོགས་ནས་གང་བྱེད་་་་་་་་་་་?????????????

  4. བསོད་ནམས། says:
    2012-10-20 at 3:32 am

    དངོས་ནས་ང་ཚོས་དབའ་བོ་ཁོངས་རྣམས་པ་ཚོའི་ཕེབས་ལམ་ལ་བར་ཆད་གཏོང་མི་ཉན་ཡ།

  5. གཡུ་བྲག་པ says:
    2012-10-20 at 12:25 pm

    ད་མགོ་སྲིད་སྐྱོང་ནས་འཇུག་བྱིས་པ་ཡན་ཆད་ཀྱིས་ཕྲེང་བ་རེ་བཟུང་ནས་མ་ཎི་རེ་འདོན་ན་འདུག དེ་ད་འགྲིག་ག མེར་སྲེག་མཁན་ཚོ་སྲེག་ཆུགས། ང་ཚོ་འཚམས་ལ་བསྡད་ནས་ཉིན་རྒྱུན་མ་ཎི་འདོན། དེ་འགྲིག་འདུག་གམ།?????????????????????

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme