Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་མ་རིག་འཛིན་སྒྲོལ་མ་གདངས་སུ་གྱེར་བ།

Posted on 2009-04-242009-04-24 By དགེ་རབ་ 9 Comments on གླུ་མ་རིག་འཛིན་སྒྲོལ་མ་གདངས་སུ་གྱེར་བ།

ཨ་རིག་འགྱུར་མེད་ཀྱིས།

bumoལོ་འདི་གར་ང་ཚོའི་མིག་གི་ཡུལ་དང་རྣ་བའི་བཅུད་དུ་གྱུར་དང་འགྱུར་བཞིན་པའི་མདོ་སྨད་ཡུལ་གྱི་གླུ་མ་རིག་འཛིན་སྒྲོལ་མར་མཚོན་ན། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གི་གླུ་གར་སྤྲོ་ཚོགས་མང་དག་ཅིག་དང་ལྷན་དུ་ང་ཚོའི་སེམས་ངོགས་སུ་སླེབས་ཤིང་། ཁོ་མོའི་སྙན་འཇེབས་ཀྱི་ངག་གི་འགྱུར་ཁུགས་རེ་རེ་ང་ཚོའི་སེམས་ཀྱི་གཏིང་རིམ་དང་དུང་བ་ཟབ་སར་འཛུལ་འོང་།
དེ་ལྟར་ང་ཡང་གླུ་མ་རིག་འཛིན་སྒྲོལ་མའི་སྙན་མོ་ངག་གི་འགྱུར་ཁུགས་ལ་སེམས་འཁྲེང་ཞིང་དུང་བ་ཟབ་པའི་ལྟ་མཁན་དང་ཉན་མཁན་ཁྲོད་ཀྱི་གཅིག་ཡིན་ལ། རི་བོ་ཧི་མ་ལ་ཡི་ཕར་རྒྱབ་ཀྱི་ཁོ་མོའི་སྙན་ལྷང་ལྷང་གི་གླུ་གཞས་རེ་རེ་མཐོན་པོ་གངས་རི་དང་དམའ་བ་ས་གཞི། ཡངས་པའི་རྩྭ་ཐང་དང་ཕ་མཐའ་མི་མངོན་པའི་མཁའ་དབྱིངས་བརྒྱུད་དེ། ངའི་རྣ་ལམ་དུ་ལྷུང་ཐེངས་རེར། ཁོ་མོ་ནི་ངས་ད་བར་བོད་ཕྱི་ནང་གི་གླུ་མ་མང་དག་ཅིག་གི་གླུ་གཞས་ལ་རོལ་མྱོང་བྱེད་མྱོང་བའི་ཁྲོད་ཀྱི་གཞས་མ་དགའ་ཤོས་དེ་ཡིན་ལ། ཁོ་མོའི་གླུ་གཞས་རེ་རེ་ནི་ང་རང་ཆེས་དགའ་བའི་གླུ་གཞས་རེ་རེ་ཡིན།
ལོ་སྔོན་མར་མདོ་སྨད་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་ཀྱི་ཟིན་བྲིས་ནང་ཁོ་མོའི་ཆེད་སྒྲིག་སྒྲ་ཐག་ཐོག་མ། འབྲི་མོ་དུང་ཆུང་དཀར་མོ་ཞེས་པ་ཞིག་བཏོན་ཡོད་པའི་གསལ་བརྡ་མཐོང་བ་བཞིན། ངས་ཐབས་ཤེས་རབ་དང་རིམ་པ་བྱས་ནའང་ད་བར་ལག་སོན་མ་བྱུང་མོད། ཁོ་མོས་འདས་པའི་ལོ་འདི་གར་བླངས་དང་ལེན་བཞིན་པའི་གླུ་གཞས་ཆུང་འདྲིས་བྱམས་པ་དང་ལྷ་ས་ལ་འགྲོ ལྷན་འཛོམས། ཁྲི་ཤོར་རྒྱལ་མོ། ང་ཁྱོད་ཀྱི་དུས་གསུམ་ན་ཡོད། འབྲི་མོ་དུང་ཆུང་དཀར་མོ་སོགས་རེ་རེ་བཞིན་ངའི་གློག་ཀླད་དུ་ཡོད་ལ། འོད་སྡེར་ནང་ཡོད། ལག་ཁྱེར་ཁ་པར་དུའང་ཡོད་པས། མདོར་ན་ངའི་མིག་ལམ་དུ་ཡོད་ལ་རྣ་ལམ་དུ་ཡོད། སེམས་ངོགས་སུ་ཡོད་ཅེས་བརྗོད་འདོད།bumo3
ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོ་སྟེ། ངས་ཁ་སང་གི་གཏམ་རྒྱུད་ཅེས་པའི་བོད་མི་རང་གིས་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཟློས་གར་ལེའུ་བརྒྱད་ཅན་ཞིག་ལ་ལྟ་སྐབས། ཁ་སང་གི་གཏམ་རྒྱུད་ཀྱི་དོན་བརྗོད་གླུ་གཞས་ལེན་མཁན་ནི་གླུ་མ་རིག་འཛིན་སྒྲོལ་མ་རེད་འདུག་ལ། ཁོ་མོའི་སྙན་མོ་ངག་གི་འགྱུར་ཁུགས་དེར་ཡང་བསྐྱར་རོལ་མྱོང་བྱེད་ཐུབ་པར་བྱུང་བས་མི་ཚད། ཁོ་མོའི་སྙན་ཞིང་འཇེབས་པའི་སྐད་ངག་དང་བབ་ཆགས་པའི་གཤིས་ཀ་དེ་ཡང་བསྐྱར་ངའི་སེམས་ཀྱི་ཟབ་ས་རུ་འཚང་འོང་བས། ངས་ཁོ་མོས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་བོད་ཡུལ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ། རྨ་ཁུག་དང་པོའི་ལྷན་འཛོམས་ཞེས་པའི་སྟེང་གྱེར་བའི་གླུ་གཞས་ཤིག་སྟེ། ཆུང་འདྲིས་བྱམས་པ་ཞེས་པའི་ནང་། བྱ་ཞིག་ཡིན་ན་བསམ་བྱུང་། །བྱེའུ་ཞིག་ཡིན་ན་བསམ་བྱུང་། །ཆུང་འདྲིས་གར་སོང་གང་དུ། །འཕུར་རྒྱུ་བྱུང་ན་བསམ་བྱུང་། །ཞེས་པ་ལྟར་ང་ཡང་། བྱ་ཞིག་ཡིན་ན་བསམ་བྱུང་། །བྱེའུ་ཞིག་ཡིན་ན་བསམ་བྱུང་། །གླུ་མ་རིག་འཛིན་གམ་དུ། །འཕུར་རྒྱུ་བྱུང་ན་བསམ་བྱུང་། །ཞེས་གདངས་སུ་གྱེར་འདོད་བྱུང་།
གླུ་མ་རིག་འཛིན་སྒྲོལ་མ་ནི་ངས་ད་བར་སྙན་མོ་ངག་གི་འགྱུར་ཁུགས་ལ་རོལ་མྱོང་བྱེད་སའི་གླུ་མ་བཟང་ཤོས་ཞིག་ཡིན་པ་གཅིག་པུའི་ག་ལ་ཚད། ཁོ་མོ་ཉམ་ཆུང་ངང་གར་སྟེགས་སྟེང་སླེབས་ཐེངས་རེར་ང་ཚོས་ཁོ་མོའི་ཉམས་འགྱུར་ལས་བོད་མཐོ་སྒང་གི་བོད་རིགས་བུད་མེད་ཅིག་གི་རང་བྱུང་བབ་ཆགས་ཀྱི་མཛེས་པ་ཟེར་བ་དེ་མཐོང་ཡོང་ལ། ཁོ་མོ་གླུ་གར་གྱི་གར་སྟེགས་སྟེང་ཞུགས་ནས་ད་བར་ཁོ་མོའི་རང་བྱུང་བབ་ཆགས་ཀྱི་མཛེས་པ་དེ་རྡོ་བརྐོས་རི་མོ་ཇི་བཞིན་འགྱུར་མེད་རྟག་བརྟན་དུ་གནས་པ་ནི་ངས་ཁོ་མོར་ཚད་མཐོ་བའི་གདེང་འཇོག་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ཀྱང་ཡིན།
ད་དུང་དེའི་ག་ལ་ཚད། ཁོ་མོས་ད་བར་གྱེར་བའི་གླུ་གཞས་དག་ནི་བོད་སྐད་རང་སྟེང་དང་ཀ་མེད་སུམ་ཅུས་དམ་དུ་སྤྲེལ་བའི་གླུ་གཞས་ཁག་ཅིག་ལས། དབྱིན་རྒྱ་སོག་གསུམ་གྱི་གླུ་གཞས་མིན་པ་དེ་རེད། ངས་ཁོ་མོའི་རྒྱ་སྐད་རྒྱ་ཡིག་གི་ཤེས་ཚད་དང་དབྱིན་སྐད་དབྱིན་ཡིག་གི་ཤེས་ཚད། དེ་མིན་སྐད་རིགས་གཞན་གྱི་ཤེས་ཚད་ཅི་ཡོད་མི་ཤེས་ནའང་། ཨ་གསར་ལ་དགའ་ཞིང་དེང་རབས་ཅན་ཟེར་མཁན་གྱི་གཡམ་རྒྱུག་ལ་དགའ་བའི་དེང་རབས་ཀྱི་གླུ་པ་གླུ་མ་ཚོ་ལྟར། ཁོ་མོ་ལྟ་བུའི་ན་ཆུང་ལོ་གཞོན་ཞིག་གིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རྒྱ་གཞས་རེ་འགའ་བསྦྱང་ན་མ་ཡོང་བ་ཡོད་རྒྱུ་མ་རེད་སྙམ། རྒྱུ་མཚན་འདི་གཅིག་པུར་བསམ་ནའང་ཁོ་མོ་ནི་བོད་གདངས་སུ་གྱེར་ཞིང་བོད་ལ་དགའ་བའི་བོད་ཀྱི་དེར་རབས་ན་གཞོན་གཞས་མ་ཞིག་རེད་ཅེས་སྤོབས་པས་བརྗོད་འདོད། དེ་བཞིན་ཁོ་མོས་ད་བར་བླངས་པའི་གླུ་གཞས་ཁག་གི་རོལ་མོའི་རམ་འདེགས་ལ་རྒྱ་གདངས་ཀྱིས་ཤན་ཤུགས་ཐེབས་པ་མེད་ལ། གཞས་ཀྱི་བར་དུ་རྒྱ་སྐད་ཚིག་ལྡོག་འགས་མཛེས་སྤྲོས་བྱེད་པ་ལྟ་བུའི་རིགས་ཀྱང་གཏན་ནས་མེད་པ་བཅས་ཀྱིས་ང་ཁོ་མོའི་ཐུན་མིན་གྱི་ཁྱད་འཕགས་དང་ཕྱི་ནང་གསང་གསུམ་གྱི་མཛེས་སྡུག་འདི་དག་ལ་ཡི་རངས་ཤིང་། དགའ་བ་འཕེལ་སོང་། ཁོ་མོ་ནི་ང་དང་ཁྱོད། ང་ཚོ་ཚང་མའི་སེམས་ཀྱི་མཛངས་མ་ཁོ་ན་དེ་ཡིན་ཨང་།bumo2
མདོར་ན་ངས་གོང་དུ་བརྗོད་པའི་སྐད་ཆ་དག་ནི་གླུ་མ་རིག་འཛིན་སྒྲོལ་མས་གྱེར་བའི་གཞས་ཚིག་ཅིག་ཏུ། རི་མགོ་མཐོ་ལ་མ་བལྟས། །རི་གཤིས་བཟང་ལ་བལྟས་ཡོད། །ཅེས་པ་ལྟར། གླུ་མ་རིག་འཛིན་སྒྲོལ་མའི་ཡག་མོ་སྒོ་དང་ངག་སྙན་མོ་གཅིག་པུ་ཙམ་མིན་པར་ཁོ་མོའི་མི་གཤིས་བཟང་བོར་བལྟས་པས་ཀྱང་ཡིན་ནོ། །
མཇུག་མཐར་ངས་ཁོ་མོར་བཤད་འདོད་པའི་སྐད་ཆ་ཚིག་གཅིག་ནི། ད་ལོའི་ལོ་གསར་སྐབས་ཁྱེད་རང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གིས་བསྡུས་པའི་གར་སྟེགས་སྟེང་ཐེངས་གསུམ་ལ་བུད་ཅིང་། སྐབས་དེ་དག་ཏུ་ཁྱེད་ཀྱིས་རང་གི་སྐེས་ཐེག་ཚད་ཀྱི་གཡུ་བྱུ་རུའི་རྒྱན་ཆ་མི་ཉུང་བ་ཞིག་བཏགས་འདུག་པ་ནི། གཅིག་ནས་ད་བར་བོད་མི་རིགས་ཀྱི་ལུས་དང་གྲིབ་མ་འགྲོགས་པ་ལྟར་གྱུར་བའི་རྒྱུན་སྲོལ་དེའི་དབང་གིས་ཡིན་ལ། གཉིས་ནས་ཁྱེད་ལྟ་བུའི་ལོ་ཆུང་གཞས་མ་ཞིག་གི་ངོས་ནས་བཤད་ན་རིན་ཆེན་སྣ་ཚོགས་ཀྱི་སྐེ་རྒྱན་ནི་ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོའི་མེ་ཏོག་སྟེང་ལ། ཁ་ཏོག་སྣ་ལྔ་ཡིས་ཁྲ་རྒྱན་བཏབས་པ་ལྟ་བུའི་སྣང་བ་འབྱུང་ངེས་མོད། ང་ཚོས་ཁྱེད་ཀྱིས་སྐེ་རུ་བཏགས་པའི་སྐེ་རྒྱན་དེའི་འོག་གི་ཁྱེད་ཀྱི་མཛེས་སྡུག་ངོ་མ་དེ་མཐོང་འདོད་ལ། ཁྱེད་ཀྱི་རང་བྱུང་བབ་ཆགས་ཀྱི་མཛེས་སྡུག་དེ་མཐོང་འདོད་པས། རྗེས་ཕྱོགས་ནས་རྒྱན་གོས་ཉུང་ཙམ་འདོགས་པར་འཚལ་ཞེས་པ་དེའོ། །

གསར་འགྱུར།

Post navigation

Previous Post: ཞོགས་དུང་དང་བོད་ཀྱི་མི་ཆོས་རིག་གནས་ལས་འཕྲོས་པ།
Next Post: བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་ཞིག

Comments (9) on “གླུ་མ་རིག་འཛིན་སྒྲོལ་མ་གདངས་སུ་གྱེར་བ།”

  1. མི་ཞུན། says:
    2009-04-25 at 3:39 am

    གླུ་མ་རིག་འཛིན་སྒྲོལ་མ་ནི་ང་དང་ངའི་སེམས་ཀྱི་གཏིང་རིམ་ན་ཡང་ཁྱཻད་ཀྱི་རྨི་ལམ་ལྟ་བུའི་མཛེས་སྡུག་གི་འཆོར་སྒེག་གིས་སྤྲས་པའི་གླུ་མ་རིག་འཛིན་ལས་ཀྱང་ལྷག་པའི་གདེང་འཇོག་ཅིག་དང་ཆ་འཇོག་ཅིག་ཡོད། འུ་ཚང་གི་རིག་འཛིན་འདི་ནམ་ཡིན་ནའང་གར་སྟེགས་ཤིག་གི་སྟེང་ལ་འབུད་དུས་འདོད་ལྡན་གྱི་སྐྱེས་ག་ཚད་ཅིག་གི་སེམས་ནང་ལ་གཉིད་མི་ཁུགས་པའི་སྡུག་བསྔལ་ཞིག་སྤྲོད་ཀྱི་ཡོད་ཨང༌། ཨ་རོ་ ཨ་ཁུ་འགྱུར་མེད་ ང་ཡང་དངོས་གནས་རིག་འཛིན་འདིའི་སྒང་ལ་ཞེ་ཆགས་ནས་སྨྱོ་ལ་ཁད་ཅིག་བྱེད་ཀྱི་འདུག མཚམས་མཚམས་ལ་ཤུགས་དྲགས་ཀྱི་ཚོར་བ་རེ་རྒྱས་དུས་མོ་རང་གི་གླུ་གཞས་ལ་ཉན་ནས་སྐྱོ་བ་སངས་ཐབས་རེ་བྱེད་ཀྱི་ཡོད།
    རིག་པའི་མྱུར་སྐྱེན་གློག་གི་སྐུད་པ་ཅན།།
    འཛིན་པའི་སྐྱེས་ལུས་ཕྲ་མོ་དྲུག་མའི་ཚིག།
    སྒྲོལ་མའི་ངག་དབྱངས་ཅོ་ཀའི་དྲུག་འགྱུར་ལ།།
    མ་འདྲའི་རྟགས་མཚུངས་གང་དུ་རྙེད་མ་མཆིས།།

  2. གངས་བུ། says:
    2009-04-25 at 3:57 am

    ཨ་རིགས་ལགས། ཁྱེད་ཀྱི་གསུངས་བ་བདེན་ནོ་ང་ཡང་གླུ་མ་རིགས་འཛིན་གྱི་གླུ་གཞས་ལ་ཧ་ཅང་དགའ་མོས་བྱེད་མཁན་ཞིག་ཡིན། དྲ་གྲོགས་ཚོ་མུ་མཐུན་ནས་ཕེབས་ཤོག།

  3. མི་འཁྱམ། says:
    2009-04-25 at 4:59 am

    དྲ་གྲོགས་ཚོ། གླུ་མ་རིག་འཛིན་སྒྲོལ་མའི་གཞས་གདངས་ཀྱི་སྒྲ་དག་མིན་དེ་ཡིད་འཇགས་བྱས་ཐུབ་མེད་པ་འདྲ། གསལ་བོ་ཉོན་དང༌། སྒྲ་གདངས་དེ་འདྲ་ཅིག་མ་རེད་པེ།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-04-25 at 10:38 am

    བཟང་གི་བུ་མོ་འདི་ལ་སྐད་ངག་སྙན་མོ་ཞིག་འདུག བུ་མོ་འདིས་སྐད་ངག་སྙན་མོས་བོད་ཀྱི་སེམས་གཤིས་དང་འགྲོགས་ནས་གླུ་དབྱངས་ལེན་བཞིན་ཡོད་པ་དེར་རྗེས་སུ་ཡི་རུང་ཡོད། འོན་ཀྱང་། མ་འོངས་པ་ཁོ་མོ་ལོག་ལམ་དུ་མི་འགྲོ་བར་ང་ཚོ་ཚང་མས་ཡིག་ངག་གཉིས་ཐོག་ནས་ཁོ་མོ་ལ་རམ་འདེགས་བྱེད་ཐུབ་པ་ཡིན་ན་ནི་དངོས་ནས་ཡག་པོ་མ་རེད་དམ།

  5. ཨ་རིག་འགྱུར་མེད། says:
    2009-04-26 at 1:54 am

    གྲོགས་པོ་ཚོ། ཁྱེད་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་བསམ་ཚུལ་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  6. དཀོན་མཆོག་སྐྱབས། says:
    2009-04-26 at 3:09 pm

    གྲོགས་པོ་ལྷ་ཀླུ།  ལོག་ལམ་ཟེན་ན་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད།

  7. གཅན་དཔལ་ལྡན། says:
    2009-04-27 at 7:18 am

    བདག་གི་སེམས་པའི་ངོས་སུ་གཞས་མ་རིག་འཛིན་སྒྲོལ་མ་ལགས་ནི་དུས་རབས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་གླུ་མ་ཞིག་ཡིན་པའི་ངེས་ཤེས་མ་སྐྱེས་ཀྱང་། ཡིན་ཡང་ཁོ་མོའི་གླུ་རུ་སྒྱུ་རྩལ་གྱི་ཁྱད་ཆོས་དང་། སྲོལ་རྒྱུན་གྱི་ཁྱད་ཆོས་སོགས་མང་དུ་ལྡན་པས། འཇིག་ལ་ཉེ་བའི་མི་རིགས་འདིའི་གནས་སྟངས་ཐད་རིག་གནས་ཁ་སྐོང་དང་། མྱུར་སྐྱོབ་ཐད་ཕན་འབྲས་ཆེན་པོ་ལྡན་ཡོད། དམིགས་བསལ་གྱིས་ཡོད་ཚད་དེང་རབས་དང་། རྒྱའི་རིག་གནས་ལ་ཁ་ཕྱོགས་པའི་ཉེར་གཅིག་གི་སྙིགས་མའི་དུས་རབས་འདིར་ཁོ་མོ་ལྟ་བུའི་རང་རིགས་ལ་ཞེན་པ་དཀར་བའི་གཞས་མ་ཞིག་གིས་སྲོལ་རྒྱུན་གྱི་སྙན་མོའི་གླུ་སྒྲ་དུང་སེམས་ཀྱིས་ཕྱོགས་ཀུན་བསྒྲགས་པར་གཟི་བརྗིད་ཧ་ཅང་ཆེ། དེའི་ཕྱིར་ཁོ་བོས་མི་རིགས་དང་། རིག་གཞུང་གཙིགས་སུ་འཛིན་པའི་ཁོ་མོ་དང་། གླུ་བ་གླུ་མ་གཞན་གྱིས་སྙན་འཇེབས་ཀྱི་གླུ་སྒྲ་མཐོ་སྒང་གི་རྩེ་མོ་ནས་ཡང་ནས་ཡང་དུ་གྲགས་ཐུབ་པར་སྨོན།།

  8. ཨ་རིག་འགྱུར་མེད། says:
    2009-04-29 at 3:08 am

    རེད་ཡ། ང་ཚོས་བོད་རིགས་ན་གཞོན་གཞས་མ་འདིས་བོད་མི་རིགས་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་གཞས་ཁག་ལ་ཡང་དང་རིམ་གྱིས་རོལ་མྱོང་བྱེད་ཐུབ་པར་སྨོན།

  9. གླིང་ཚང་རྟོག་གེ་བ་ནས། says:
    2012-04-28 at 5:17 am

    མཐོ་སྒང་གི་གླུ་མ་རིག་འཛིན་སྒྲོལ་མ་ནི། དེང་རབས་ཀྱི་རྗེས་སུ་ཟིན་མཁན་ཞིག་དང་། སྲོལ་རྒྱུན་གྱི་གོམས་གཤིས་བཟུང་མཁན་ཞིག་རེད། མདོར་ན་ཐབས་མཁས་ཀྱི་འདབ་གཤོགས་གཉིས་ལྡན་གྱི་མཛངས་མ་རྩེ་ཕུད་ཞིག་རེད་འདུག། ལང་འཚོའི་རྣམ་པ་མཁའ་ལ་འཕྱུར་ཤིང་། སྙན་འགྱུར་གྱི་གླུ་དབྱངས་ཕྱོགས་མཐར་ཁྱབ། ལ་རྒྱ་ཡི་གཟི་བྱིན་ཆེ་ཞིང་། རྒྱལ་གཅེས་ཀྱི་སྡང་སེམས་མཚོན་པར་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme