Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་མ་ཕུར་བུ་ལྷ་མོའི་གླུ་གཞས་མཚན་ཚོགས།

Posted on 2014-11-102014-11-10 By རྔ་བ་རྒྱལ་ཁམས་པ 3 Comments on གླུ་མ་ཕུར་བུ་ལྷ་མོའི་གླུ་གཞས་མཚན་ཚོགས།

purbo lhamoབདེ་མོའི་ངག་གི་སྨྲ་བརྗོད་དང་། སྙན་མོའི་དབྱངས་ཀྱི་འགྱུར་ཁུགས། ལྡེམ་འགྱུར་འགྲོས་ཀྱི་སྟངས་སྟབས། དྭངས་གཙང་སླད་མེད་ཀྱི་སེམས་པ་དཀར་བོ། སྒང་བ་བོད་ཀྱི་སྣོད་བཅུད་དང་ཀུན་ནས་འདྲེས་པའི་ཨ་སྡོད་གླུ་མ་གྲགས་ཅན། ཕུར་བུ་ལྷ་མོའི་གླུ་དབྱངས་མཚན་ཚོགས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

གླུ་མ་ཕུར་བུ་ལྷ་མོའི་ངོ་དེབ་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་༢༠༡༤ ལོའི་ཟླ་༡༡ ཚེས་༢༣ རེས་གཟའ་ཉི་མའི་དགོང་མོར། ཕུར་བུ་ལྷ་མོའི་གླུ་དབྱངས་ཆེད་བསྒྲིགས “ང་ཡི་རེ་བ”ཞེས་བྱ་བ། འོད་སྡེར་དུ་ཕབ་སྐྲུན་ཟིན་པའི་དབུ་འབྱེད་མཚན་ཚོགས་ཤིག ནོས་ཡོག་གྲོང་ཁྱེར་གྱི་ནང་འཚོག་རྒྱུ་ཡིན་འདུག

མོས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཀོད་པ་ལྟར་ན། “སྤྱིར་ན་བརྡ་འཕྲིན་གྱི་དུས་རབས་འདིར་འོད་སྡེར་བཏོན་པ་ནི་འགྲོ་སོང་ལས་ཡོང་སྒོ་མེད་པའི་ལས་ཤིག་ཡིན་ཡང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གར་རིག་གནས་རྒྱུད་འཛིན་དང་། བོད་མིའི་སེམས་ཀྱི་རེ་བ་དབྱངས་སུ་གྱེར་རྒྱུ་ནི་གུས་མོས་དགའ་ཕྱོགས་ཡིན”ཞེས་ཆེད་དུ་བརྗོད་འདུག
ངས་ཅི་ཙམ་ཉན་ཡང་སུན་རྒྱུ་མེད་པ་ནི། བོད་ཁམས་རྫ་ཆུ་ཁའི་གླུ་མ་གྲགས་ཅན་སྐྱིད་བྱམས་ཀྱིས་བླངས་པའི་དམངས་གླུ་ “རྫ་ཆུ་ཁའི་འབྲོག་གླུ”ཞེས་པ་དེ་དང་། ཕུར་བུ་ལྷ་མོས་བླངས་པའི་ “ངོ་མཚར་ཆེ། གོང་ས་མཆོག”ཅེས་པའི་གླུ་དེ་གཉིས་ཡིན་ནོ།།

ཕུར་བུ་ལྷ་མོའི་གླུ་གཞས་ཀྱི་འགྱུར་ཁུགས་ཁྲོད། བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་ཀྱི་ལེགས་ཆ་འཛོམས་ཤིང་། དུས་རབས་གསར་བའི་རོལ་དབྱངས་ཀྱི་སྙན་ཆའང་འདུ་བས། ད་གཟོད། ང་ཚོ་མོས་བླངས་པའི་གླུ་གཞས་ལ་ཉན་སྤྲོ་ཞིང་། མོས་བཟུང་བའི་ལྷག་བསམ་དང་བརྩེ་སེམས་ལ་ཡིད་འགུལ་ཐེབས་པ་རེད། མོའི་གླུ་གཞས་ཀྱི་ཐོག་མཐའ་བར་གསུམ་དུ། སེམས་ཤུགས་དང་། སྐྱོ་གདུང་། དགེ་སྣང་། ལྷག་བསམ་བཅས་ཀྱི་སྙིང་བོ་མར་ཁུ་ལྟར་འཁྱིལ་ཡོད་པ། ག་ལེར་ཉན་ཞིང་ཞིབ་མོར་བསམས་ན་ཧ་གོ་ཐུབ་པ་ཞིག་རེད། ཕུར་བུ་ལྷ་མོའི་མཚན་ཚོགས་ལེགས་ལམ་ཡོང་བའི་སྨོན་འདུན་ཞུ།

གནས་ཚུལ་ངོ་མ་དྲ་བྱང་འདི་ནས་གཟིགས་ཐུབ། https://www.facebook.com/singerlhamo?fref=tl_fr_box&pnref=lhc.friends

དུས་ཚོད། སྤྱི་ལོ་༢༠༡༤ སྤྱི་ཟླ་༡༡ ཚེས་༢༣ རེས་གཟའ་ཉི་མ།

ཚོགས་ཡུལ། Gulshang Terrace 59-15 37th Ave.
Woodside, New York 11377

འཛིན་བྱང་ཉོ་ས། ནོས་ཡོག་གི་བོད་མིའི་གནས་སྡོད་ས་གནས་སོ་སོར་འགྲེམ་ཚོང་བྱེད་ཀྱི་ཡོད་འདུག

ངོ་སྤྲོད།

Post navigation

Previous Post: བོད་རྒྱལ་ལོ་ ༢༡༣༦ ལོར་སྙན་ངག་གླེང་བ།
Next Post: ༄༅།།སྐྱིད་གླུ་ཨེ་མ་ཧོ།།

Comments (3) on “གླུ་མ་ཕུར་བུ་ལྷ་མོའི་གླུ་གཞས་མཚན་ཚོགས།”

  1. རིག་ཡག says:
    2014-11-11 at 1:40 am

    གླུ་གཞས་གསར་ཐོན་པའི་སྡེ་ནས ། ཁྲོམ་ར་ཆེ་ས་དང་སྒོར་མོ་མང་ས་སྙེག་ནས་ཁོས་བོད་ཀྱི་རིག་གནས་སྒྲོག་རོགས་བྱེད་གི་ཡོད་ཟེར་གི་ར། ཁྱོས་བོད་ཀྱི་རིག་གནས་རྫོགས་རོགས་བྱེད་གི་འེ་ཡོད་ལ། ་ཐུགས་བསམ་ཡག་པོ་ཐོང་་་་་་་་་་་་་རྒྱུ་རྩལ་པ་སྨན་ལ་སྐྱབས་ནས།།

  2. རྔ་བ་རྒྱལ་ཁམས་པ། says:
    2014-11-11 at 6:17 pm

    རིག་ཡག་ལ། སྨན་བླའི་ཁ་ཤགས་དེ་བོད་མིང་ཐོགས་ཀྱང་། རྒྱ་ཡུལ་དུ་བྲིན་པའི་དེང་དུས་བོད་ཀྱི་དྲི་མ་ཡལ་ཟིན་པའི་སྒྱུ་རྩལ་བའི་མིང་ཅན་འགའ་རེར་ཟུར་ཟ་བྱས་པ་ཞིག་ཡིན་རྒྱུ་རེད། ཕྱི་གླིང་གི་བོད་པའི་གླུ་བ་གླུ་མ་ཚོར་རང་ཉིད་ཀྱི་སྒྱུ་རྩལ་ལ་བརྟེན་ནས། དངུལ་འབེལ་བོ་ཞིག་ཡོང་ཐུབ་པའི་གོ་སྐབས་ཤིན་ཏུ་ཕྲ་མོ་རེད། འོན་ཀྱང་། ཁོང་ཚོས་འདི་ལྟར་ཨུ་ཚུགས་ཀྱིས་བོད་ཀྱི་རེ་སྨོན་དབྱངས་སུ་གྱེར་བཞིན་པ་ནི། རྒྱབ་སྐྱོར་བསྔགས་འོས་ཀྱི་ཡུལ་ཞིག་ལས་སྨོད་པའི་གནས་ནི་མ་ཡིན་ནོ།།

  3. བློ་བཟང་རིག་འཛིན། says:
    2014-11-11 at 7:11 pm

    བྱ་བ་ལམ་འགྲོ་ཡོང་བར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme