Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

Posted on 2012-10-092012-10-09 By ཁ་བརྡ་ 29 Comments on གླིང་ཚ་ཚེ་བརྟན་རྡོ་རྗེ།

སྤྲུལ་སྐུ་དབང་ཆེན།

ཀ་ཐཱ་མན་ཊི་ན་བཙོན་ཉར་བྱས་པའི།།
ཁ་བའི་ཞི་རྒོལ་བ་ཚེ་བརྟན་རྡོ་རྗེ།།
ག་ཤེད་འགྲུལ་བཞུད་ཀྱི་འགྲོ་ལམ་བཀག་པ།།
ང་ཚོ་ཡུལ་གྱར་ལ་བརྙས་བཅོས་ཚོད་མེད།།

ཅ་དག་ཁུར་བོ་ཞིག་རྒྱབ་ལ་བཅིངས་ཏེ།།
ཆ་མེད་ལམ་ཀྱོག་ཅིག་བརྒྱུད་ནས་ཕེབས་དུས།།
ཇ་རྐྱང་ཚ་པོ་རེ་སྟེར་མཁན་ཚོ་དང་།།
ཉྭ་རྐང་སྐྱོར་བགྲོད་ཀུན་བཀའ་དྲིན་ཆེ་ཞུ།།

ཏ་ཀུ་རིང་པོའི་མགོར་རྒྱ་དར་འཕྱར་བས།།
ཐ་དད་བསམ་བློ་འགས་དཀྲོག་གཏམ་སྤེལ་ཡང་།
ད་རེབ་ཁྱེད་རང་གི་དམ་བཅས་འཁྱེར་ཕྱོགས།།
ན་གཞོན་བློ་གསར་ཚོའི་མོས་མཐུན་ལོས་ཡོད།།

པ་སངས་སྐར་ཆེན་ལྟར་སྐྱ་རེངས་བསུས་ཏེ།།
ཕ་བཟང་སྟག་ཤར་གྱི་མ་དང་སྲིང་མོ།།
བ་གམ་མང་པོ་ཡི་རི་བོ་བརྒྱུད་མཐར།།
མ་ཉེས་ཁག་གཡོགས་ཀྱིས་ཉེས་པར་ཕོག་སོང་།།

ཙ་ར་ཞིབ་གཅོད་ཀྱི་ཁྲིམས་གཏུག་མེད་པར།།
ཚ་ཁ་ཚོད་ལྟ་ཡི་བལ་མིའི་ཐག་གཅོད།།
ཛ་དྲག་རྒྱབ་འདེད་ཀྱི་རྭ་མདའ་མེད་ཕྱིར།།
ཝ་ཁྱུ་བལ་དམག་གིས་བཀག་འདི་སྐྱོ་བྱུང་།།

ཞ་ཀྱོག་ཚུགས་མེད་ཀྱི་རྡ་སའི་སྒྲིག་འཛུགས།།
ཟ་སྒོ་རྟོག་སྒོ་ཡི་ཕུགས་འདུན་མེད་ན།།
འ་འུར་དང་བླངས་ངང་ལས་འགུལ་སྤེལ་བར།།
ཡ་ལན་མི་བྱེད་པས་གཤིས་ཀར་སྐྱུག་བྲོ།།

ར་གཏུགས་བོད་དོན་དེ་བོད་མིས་མི་བྱེད།།
ལ་ཁའི་ཉི་རྒས་བཞིན་བཞུད་ལ་ཉེ་བས།།
ཤ་ཚས་མ་བཟོད་པར་གླིང་ཚས་གོམ་བགྲོད།།
ས་ཐོབ་སེམས་དཔའ་འགར་སྣང་མེད་ཡིན་ཚོད།།

ཧ་ཅང་བཟོད་དཀའ་ཡི་བཙོན་དོང་ནང་ན།།
ཨ་མདོའི་ཕོ་རྒོད་ཅིག་ཉེས་མེད་བཅུག་པ།།
ཧ་གོ་མེད་མདོག་ངང་སྡོད་མ་ཐུབ་པས།།
ཨ་ལའི་དབྱངས་རྩོམ་ཞིག་ངག་ནས་ཤོར་ཐལ།།

རྩོམ་རིག

Post navigation

Previous Post: དམིགས་བསལ་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས།
Next Post: རྨི་ལམ་ནང་གི་ཁ་བ།

Comments (29) on “གླིང་ཚ་ཚེ་བརྟན་རྡོ་རྗེ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 1:00 am

    ཀརྡོར།
    ཏ་ཐྰ་ག་ཏའི་རྗེས་འབྲང་པ། །
    ཐ་ཚིག་སྒྲོག་བཞིན་རང་ཡུལ་ལོག །
    ད་ཆ་བལ་གཞུང་བཙན་འོག་ཚུད། །
    ན་ཚོད་གཞོན་པས་སེམས་སྤོབས་སྤེལ། །
    ཚེ་རྡོས།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 1:24 am

    གླིང་ཚས་ལས་འགུལ་བྱེད་བཞིན་ལ། །
    བོད་རིགས་ཀུན་གྱིས་རྒྱབ་སྐྱོར་བྱས། །

    ཚེ་རྡོས་རྒྱ་དར་བསྒྲེངས་པ་ལ། །
    རང་བཙན་རྩོད་མིས་ངོ་རྒོལ་བྱས། །

    ཀརྡོས་ཁོང་ལ་རྒྱབ་སྐྱོར་དང་། །
    ཀརྡོས་རྒྱ་དར་བསྒྲེངས་ལའང་བསྔགས། །

  3. གཡུ་བྲག་པ says:
    2012-10-09 at 2:43 am

    ཚེ་རྡོའི་སེམས་ཤུགས་དང་མཆོད་སེམས་ལ་ནམ་ཡང་གུས་འདུད་ཞུ་ཡི་ཡོད། རྒྱ་དར་ཁྱེར་བ་དེ་ཅུང་ནོར་སོང་བསམ་པ་འདུག དེ་ཡང་ཁག་མི་འདུག་སོ་སྐྱེས་ཕལ་བ་ཞིག་ཡིན་ན་ནོར་སྲིད་པ་རེད། རང་དབང་འཐབ་རྩོད་པ་རྒྱལ་ལོ།།

  4. གནམ says:
    2012-10-09 at 3:15 am

    ཀ་རྩོམ་འབྲི་རྒྱུར་དགའ་ནི་མང་།།
    སྙན་པོ་འབྲི་ནི་སུ་གང་མེད།
    ཁ་ཞིག་ཡོད་ཚད་གཏམ་ལ་དགའ།།
    ཤར་སེར་ཤོད་ནི་གཅིག་ལ་མེད།
    ག་རེ་ཡིན་མིན་མི་ཤེས་ཡང་།།
    ང་ཡིས་བྲིས་བའི་ཟོག་འདྲི་འདི།
    སྙན་པོ་ཨེ་ཡོད་ཁྱོད་ཚོས་ཀློགས།

  5. རིག་པའི་བུ says:
    2012-10-09 at 3:15 am

    རྒྱ་ཚོང་པ་ཀ་རྡོ་ལགས། རང་གིས་བྱེད་མ་ཐུབ་ཀྱང་གཞན་ལ་མིག་དཔེ་ངན་པ་མ་སྟོན་རོགས། ངན་བྱས་རྒྱན་དུ་འདོད་པ་ནི་འཇིག་རྟེན་གྱི་འགྲོ་ཕྱོགས་ཙམ་ཡང་མ་ཤེས་བའི་སྐྱོན་རེད། རྒྱ་དར་འཁུར་བ་དགའ་ན་རྒྱ་ནག་ཏུ་ཕེབས་རོགས་གནང་།

  6. གངས་རི། says:
    2012-10-09 at 3:33 am

    བདེན་མཐའ་མ་གསལ་བར་དུ།།
    དགྲ་དར་ཐོད་ལ་འཕྱར་ན།།
    ལངས་ཕྱོགས་ཅི་ཞིག་འཛིན་རུང་།
    ཀུན་གྱིས་ངོ་རྒོལ་ལོས་ཡོད།།

  7. མེ་ཏོག་དཀར་པོ། says:
    2012-10-09 at 4:25 am

    ཀ་ཐཱ་མན་ཊི་ན་བཙོན་ཉར་བྱས་པའི།།
    ཁ་བའི་ཞི་རྒོལ་བ་ཚེ་བརྟན་རྡོ་རྗེ།།
    ག་ཤེད་འགྲུལ་བཞུད་ཀྱི་འགྲོ་ལམ་བཀག་པ།།
    ང་ཚོ་ཡུལ་གྱར་ལ་བརྙས་བཅོས་ཚོད་མེད།།

    ཀ་ར་བུ་རམ་ལ་རོལ་ཞིང་། །
    ཁ་དོག་གོང་ཅན་གྱི་གོས་གྱོན། །
    ག་རུ་འགྲོ་སྡོད་ཀྱང་རང་དབང་། །
    ང་ཚོར་བཀའ་དྲིན་ཅན་བལ་པོ། །

  8. མེ་ཏོག་དཀར་པོ། says:
    2012-10-09 at 4:40 am

    རྒྱ་འོག་ལ་སྡོད་ཅེས་༧གོང་ས་ཡིས་གསུངས་ཀྱང་། །
    རྒྱ་བོད་ཀྱི་རྒྱ་དར་མཁའ་དབྱིངས་སུ་འཕྱར་མཁན། །
    རྒྱ་ཆེ་བའི་བསམ་བློ་ཅན་ཚེ་བརྟན་གྱི་རྡོ་རྗེ། །
    རྒྱ་ཆེ་ཡི་བོད་འབངས་ཀྱིས་ཐོད་དུ་རང་བཀུར་རོ། །

  9. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 4:51 am

    ༥༽ རིག་པའི་བུ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༩ གི་ཆུ་ཚོད་ ༣ སྐར་མ་ ༡༥
    རྒྱ་ཚོང་པ་ཀ་རྡོ་ལགས། རང་གིས་བྱེད་མ་ཐུབ་ཀྱང་གཞན་ལ་མིག་དཔེ་ངན་པ་མ་སྟོན་རོགས། ངན་བྱས་རྒྱན་དུ་འདོད་པ་ནི་འཇིག་རྟེན་གྱི་འགྲོ་ཕྱོགས་ཙམ་ཡང་མ་ཤེས་བའི་སྐྱོན་རེད། རྒྱ་དར་འཁུར་བ་དགའ་ན་རྒྱ་ནག་ཏུ་ཕེབས་རོགས་གནང་། ཟེར།

  10. འབའ་བློ says:
    2012-10-09 at 7:06 am

    ང་ཚོས་རྒྱ་འདྲེ་ལག་དམར་གྱི་རྒྱལ་དར་ནམ་ཡང་མགོ་རུ་མི་འཕྱར།

  11. འབའ་བློ says:
    2012-10-09 at 7:06 am

    ང་ཚོས་རྒྱ་འདྲེ་ལག་དམར་གྱི་རྒྱལ་དར་ནམ་ཡང་མགོ་རུ་མི་འཕྱར།

  12. བློ་བཟང་རིག་འཛིན། says:
    2012-10-09 at 8:19 am

    ཀ་རྩོམ་སྙན་འཇེབས་ཀྱི་ཁུ་བྱུག་ངག་བཞིན།
    ཁ་བའི་ཕོ་རྒོད་ལ་བསྟོད་ཚིག་ཡག་བྱུང་།
    ག་དུས་ལྷག་བསམ་གྱི་ལས་འགུལ་སྤེལ་ཡང་།
    ང་ཚོས་རྒྱབ་སྐྱོར་དང་ལས་འཇུག་བྱེད་དགོས། །

  13. གསེར་འབྲུག་སྡེར་ལྔ་ says:
    2012-10-09 at 8:42 am

    ཀ་ལས་བྱས་པ་ཅན་གྱི། གླིང་ཚ་ཚེ་བརྟན་རྡོ་རྗེ།
    ཁ་བའི་ལྗོངས་ཀྱི་བུ་ཆུང་། བལ་བཙོན་ཚུད་པར་སྐྱོ་བྱུང་།
    ག་བྱེད་འདི་བྱེད་མེད་པ། རྒྱ་དར་ཐོད་ལ་བསྒྲེངས་ནས།
    ང་ཚོ་ཁ་བ་རི་པའི། སེམས་ལ་རྨ་ཁ་གཏོད་སོང་།

    ཅ་བདག་ཆུང་རང་དྲག་ནས། བཟའ་མི་བུ་ཕྲུག་བསྐྱུར་ཏེས།
    ཆ་འཇོག་ཡོད་པའི་ལས་འགུལ། བོད་བསྐྱོད་གོམ་བགྲོད་གནང་ཡང་།
    ཇ་ཆང་དངུལ་ལོར་རྔམས་པའི། བལ་དམག་སྐྱག་བསྲུང་དེ་ཚོས།
    ཉ་མོ་ལྕགས་ཀྱུས་བཟུང་འདྲའི། བཙོན་དུ་བཅུགས་པ་སྐྱོ་སོང་།

    ཏཱ་ལའི་བླ་མའི་དགོངས་དོན། རྒྱ་བོད་གཉིས་སྨན་ཡིན་ཡང་།
    ཐ་ཆད་གུང་ཁྲན་ཏང་གིས། ཡ་ལན་ཙམ་ཡང་མི་སྤྲོད།
    ད་དུང་བོད་མིའི་འཐབ་རྩོད། ལོ་ངོ་ཇི་ཙམ་འགོར་ཡང་།
    ན་སོ་གཞོན་པའི་མི་རབས། འཐབ་རྩོད་མཇུག་སྐྱོང་ཞུ་ངེས།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 9:34 am

    ཀ་འགོ་གླིང་ཚས་བཙུགས་སོང་། །
    ཁ་དང་ལག་པ་མཉམ་པོར། །
    ག་དུས་དགོས་དང་དེ་དུས། །
    ང་ཡང་སྨྱུག་ཐོགས་མགྱོགས་འོང་། །

  15. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 9:35 am

    དང་པོ་ཚེ་རྡོའི་ལས་འགུལ། །
    བར་དུ་ཀརྡོའི་རྒྱབ་སྐྱོར། །
    ཐ་འཇུག་ས་ཡ་དྲུག་པོས། །
    དགའ་བསུ་ཐོབ་པར་ངེས་སོ། །

  16. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 9:38 am

    གླིང་ཚས་དཀའ་ལས་བརྒྱབ་སོང་། །
    རྒྱ་གཞུང་དྲག་རྩུབ་ཆེ་སོང་། །
    བལ་གཞུང་སྐད་ངན་ཤོར་སོང་། །
    རྒྱལ་སྤྱིར་བོད་དོན་འཕེལ་སོང་། །

  17. ཉི་འོད་གྲོངས says:
    2012-10-09 at 10:22 am

    ཤར་ཕྱོགས་ཁ་བ་རི་བའི་ལྗོངས་ཀྱི་ཆར།
    མདོ་སྨདཨ་མདོ་ཤེས་རིགས་འཆོལ་ཁ་རུ།
    ལྟེ་ཁྲག་དམར་པོ་ལས་ཀྱིས་དེར་འཐོར་ཡང་།
    གང་གི་ལས་དོན་འཆོལ་གསུམ་སྤྱི་ཡི་དོན།
    གཅེས་པའི་ཡུམ་སྲིང་ཚེ་རོགས་བུ་ཕྲུག་དང་།
    རངགི་ལུས་སྲོག་་དག་ལ་མ་ལྟོས་པར།
    སྣུམ་ཟད་མར་མེའི་ཆོས་ཚུལ་ལ་གནས་པའི།
    གངས་ལྗོངས་ཆོས་སྲིད་ལུགས་གཉིས་ཉི་ཟླ་ཟུང་།
    རྒྱལ་བསྟན་ཆུ་ལྷའི་ཕག་ཏུ་ནུབ་ཉེའི་དུས།
    ཁྱེད་ཀྱི་ལྷག་བསམ་དཀར་་ཁ་བའི་མདངས་ལ་དཔེ།
    མཚུངས་པ་ལས་ཀྱང་ལྷག་པར་ཆེ་ཆེར་པས།
    སྤྲང་པོ་བསོས་ཟད་ཟས་ཀྱི་ཕོངས་པ་དང་།
    མདོ་མེད་ཁྲམ་པ་དངུལ་གྱི་ངལ་པ་ཡང་།
    གོམ་པ་ཉིན་གཅིག་རྒྱབ་པ་ཕར་ལ་ཞོག།
    རང་ཕྱིར་ཅུང་ཟད་སོང་པས་ངལ་ན་ཡང་།
    གླིང་ཚ་ཚེ་བརྟན་མི་ཡི་ནོར་བུ་ཁོང་།
    ཞོག་པ་སྐར་ཆེན་ཁྲ་མོ་མགོ་ལ་བརྒྱན།
    ཉིན་མོར་རྟ་ལྗང་དྲོད་འོད་སྐུ་ལ་གསོ་ལ།
    མཚན་མོར་མུན་པ་ནག་པོས་མི་འཁོག་པར་།
    ལ་ལུང་གྲངས་མེད་གོམ་བགྲོད་གནང་བ་དང
    བོད་དོན་ངལ་བ་འཛེམ་མེད་སྤྱོད་པ་འདི།
    མ་རང་ཟུར་ཚིག་ངན་སྨྲས་ག་ལ་རུང་།
    དེང་དུས་ངན་སྙིག་མའི་རང་མདང་ལ།
    ཤ་ཁྲག་འབྱིན་པའི་དྲིན་ཆེན་ཕ་མའི་ཆེད་།
    བུ་ཕྲུག་དེ་ཚོས་ཁ་ཞེ་གཉིས་མེད་པར་།
    རང་སྲོག་བློས་ཐོང་བྱ་བ་ཕར་ཚད་ལ།
    ཞག་མ་གཉིས་གསུམ་ཚེ་ལས་མེད་ན་ཡང་།
    འཆི་ཁར་ཐུག་ཕྲད་ཙམ་ཡང་བྱེད་མཁན་དཀོན།
    གླིང་ཚ་ཚེ་བརྟན་མི་ཡི་ཉི་མ་ཡིས།
    གཅེས་པའི་ཚེ་སྲོག་མི་ཡི་དགོས་འདོད་ནོར།
    ཁ་བ་རི་ཡི་གདོང་དམར་དེ་ཚོའི་ཁྱད་།
    ཁ་ཞེ་གཉིས་མེད་དམ་བཅའ་དྲག་པོ་ཡིས།
    གཏོང་ལ་མི་འཕངས་འགྱུར་མེད་ངོ་མཚར་བ།
    རྒྱ་དམར་མེ་མདས་སོ་་ཁ་ར་འཆི་བདག་གདོན།
    བལ་པོས་མུན་བཙོན་བཅུག་པ་མ་གཏོག་པར།
    ཐེ་ཚོམ་མེད་པར་འགྲོ་བ་འདི་ལྟ་ན།
    ངོ་མཚར་འགྲན་མེད་ནང་གི་འགྲན་མེད་རེད།
    ཁོང་ལ་ངས་སྨྲས་དེ་ལྟར་མ་བཤད་རོགས།

  18. ཉི་འོད་གྲོངས says:
    2012-10-09 at 10:29 am

    གླིང་ཚའི་ལས་འགུལ་རྒྱལ་ལོ་བོད་རྒྱལ་ལོ

  19. མདོ་ཁམས་པ། says:
    2012-10-09 at 3:17 pm

    རྒྱ་དགའ་འདྲེ་སྤྲུལ་དབང་ཆེན་ཟེར་བ་ནས་གླིང་ཚ་ལ་བསྟོད་པ་ཕུལ་བ་ཡག་འདུག

  20. ལེགས་བཤད། says:
    2012-10-09 at 5:30 pm

    ཀ་མ་ལ་ཡི་མདོག་ལྟར་དཀར་བ།།
    ཁ་ཙམ་མིན་པའི་བསྟོད་ཚིག་འདི་ལ།།
    ག་ནས་བལྟས་ཀྱང་དོན་དང་ལྡན་པས།།
    ང་ཚོའི་སྤྲུལ་སྐུ་བཀའ་དྲིན་ཆེའོ།།

  21. ལེགས་བཤད། says:
    2012-10-09 at 5:35 pm

    ཅ་ཅོ་ཆེ་བའི་བལ་ཡུལ་གྲོང་ནས།།
    ཆ་ལུགས་རྒྱུས་མེད་བོད་ཀྱི་དཔའ་བོ།།
    ཇ་ཟས་འདོད་རྔམས་རྒྱབ་ཏུ་བསྐྱུར་ནས།།
    ཉ་ཉོག་ཆེ་བའི་བཙོན་དུ་བསླེབས་སོང་།།

  22. སྟག་སྨྱོན། says:
    2012-10-09 at 5:41 pm

    བོད་མི་སྒྲུག་འཛུགས་ལ་བལ་ཡུལ་གྱི་བཙོན་ཁང་གི་བོད་མི་གཅིག་སྐྱོབས་རྒྱུའི་ནུས་པ་མེད་པའམ་འདོད་པ་མེད་པ་གང་ལྟར་ཡང་། བཀའ་ཁྱི་སེང་གེས་གཙོའི་རྡ་སའི་བོད་མི་ཚོར་བོད་ནང་གི་བོད་མི་དང་བཙོན་པ་རྣམས་སྐྱོབས་རྒྱུའི་ནུས་པ་མེད་པ་ས་རིས་ཐང་གསལ་ཡིན་པས། བོད་ནང་གི་བོད་མི་ཚོས་ཕྱི་ལོག་གི་བོད་མི་དང་ཚོགས་པ་ཚོར་ཡིད་ཆེས་དང་རེ་བ་བྱེད་བཞིན་པར་སྙིང་པོ་ཞིག་འདུག་གམ།།
    བོད་ནང་གི་བོད་མི་ཚོ་ངོ་ནས་གཉིས་སད་རན་རེད། སྤྲང་ཚོགས་ཤིག་ལ་རེ་བ་དང་ཡིད་ཆེས་བྱས་ནས་ཅི་ཡོང་།

  23. གཞོན་ནུ་ཟླ་མེད། says:
    2012-10-09 at 6:55 pm

    ཨ་ཁུ་ཨ་ལོག་ཚོས་ཁ་གཏད་གཅོག་ས།།
    ཧ་གོ་མེད་པ་ཚོས་ཁ་གཏོང་བྱེད་ས།།
    ཧ་ཅང་ཉམས་ཆུང་གི་མི་རིགས་སྐྱོབས་མཁན།།
    ཨ་ཕ་ཨ་མ་དང་འདྲ་བའི་རྡ་ས།།

    ས་ཆེན་གོ་ལ་འདིའི་གཡས་གཡོན་ཀུན་ན།།
    ཤ་ཁྲག་གཅིག་པ་ཡི་བོད་པས་ཁེངས་ནས།།
    ལ་ཆེན་ལུང་ཆུང་ཀུན་བོད་དོན་གླེང་པ།།
    ར་མིན་ལུག་མིན་ཚོས་བཟོས་པ་མ་རེད།།

    ཡ་ཆུང་སྙིང་ཁ་ལ་ལག་པ་བཞག་ནས།།
    འ་འུར་གཏམ་ངན་དེ་ཅུང་ཟད་བསྐྱུངས་ནས།།
    ཟ་ཟུར་སྣེ་མོ་དེ་རང་ཕྱོགས་བསྐོར་ནས།།
    ཞྭ་བཞིན་དྲིན་ཆེན་དེ་མགོ་ལ་བཀུར་འོས།།

  24. སྤྲུལ་སྐུ་དབང་ཆེན says:
    2012-10-09 at 10:49 pm

    ཨ་ལོག་རྒྱག་པ་ཚོ་སྐྱག་ལང་འཆོར་ས།
    ཧྭ་ཤང་དགེ་བསྲུང་འགའ་གསོ་སྐྱོང་བྱེད་ས།
    ཨ་ཕ་ཨ་མ་རྣམས་བཙོང་ནས་བཟའ་ས།
    ཧ་ཅང་གཡོ་མཁས་ཚོའི་བསྟི་གནས་རྡ་ས། །

    ས་ཆེན་གོ་ལ་ནས་བོར་བའི་བོད་པ།
    ཤ་ཚ་སྙིང་རྗེ་ཡི་མིག་ཤེལ་ནག་པོ།
    ལ་མོར་བཙལ་འདོད་ཀྱི་བསམ་བློ་གཡུག་ནས།
    ར་ལྟར་གྱོང་བ་ཡི་གཤིས་ཀར་གཟིགས་དང་། །

  25. སྤྲུལ་སྐུ་དབང་ཆེན says:
    2012-10-09 at 11:23 pm

    བསལ་འདོད་་་བཅོས

  26. མེ་ཏོག་དཀར་པོ། says:
    2012-10-09 at 11:34 pm

    མིག་ཤེལ་ནག་པོ་ཨེ།

  27. གྲ་ཕྱི་བུ། says:
    2012-10-10 at 4:14 am

    སྤྲུལ་སྐུ་དབང་ཆེན་གྱི་ནང་སྙིང་རྟོགས་སོང་་་་་

  28. ལུང་རྟོགས། says:
    2012-10-11 at 12:35 pm

    སྤྲུལ་སྐུ་དབང་ཆེན་འདི་རྒྱ་དགའ་ཡིན་པ།།
    དྲ་གྲོགས་ཚང་མ་ཡིས་ལེགས་པར་རྟོགས་ཡོད།།
    རྒྱ་འདྲེ་དགུ་བཟློག་གི་གཏོར་མ་ཟུར་གསུམ།།
    རྒྱ་ཁྱི་འདི་ཚོ་ཡི་མགོ་ལ་འཕོངས་ཤིག།

  29. ཀརྡོ་གཉེར་ཕྱག་པ་ says:
    2012-10-11 at 12:58 pm

    ས་ཤ་ལ་རའི་ས་ལོག་མཆན་བུའི་ལན་དུ།

    ར་ལྟར་གྱོང་བ་ཡི་གཤིས་ཀ་ལ་བལྟས་ན། །
    ལ་ལུང་མ་བགྲོད་པའི་བོང་གུ་ཅིག་ཡིན་ནམ། །
    ཤ་ཚ་སྙིང་རྗེ་ཡི་མི་སྙིང་དེ་མེད་ན། །
    ས་ཆེན་གོ་ལ་ནས་བོར་འདོད་གང་ནས་འོངས། །

    ར་ལ་ཤ་སའི་ས་ཕྲེང་འདི་བཞེས་རོགས་གནོངས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme